གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་དམའ་ཕབ་དང་འབྲེལ་ རྒྱལ་ཁབ་མེདཔ་བཏང་པའི་ཚ་གྱང་།

༡༣/༦/༢༠༡༣   ༉ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པ་གིས་ སྤྱིར་བཏང་བཙག་འཐུའི་དོན་ལུ་ ཐིམ་ཕུ་ལས་སྦེ་ བསྐུལ་བསྒྲགས་འགོ་བཙུགསཔ་དང་འབྲེལ་ ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ ད་ཚུན་གྱི་བར་ན་ བརྡ་བརྒྱུད་དང་ མི་སྡེའི་བརྡ་བརྒྱུད་ དེ་ལས་ སྲིད་དོན་ཚོགས་པ་ཚུ་གིས་ ཁོ་ར་དང་ ཧེ་མའི་གཞུང་སྐྱོང་ཚོགས་པ་ལུ་ གསར་ཤོག་དང་ ཡོངས་འབྲེལ་ཐོག་ལས་ སྐྱོན་བརྗོད་དང་ ཁ་ཉེས་བཀལ་མི་ཚུ་ལུ་ དོགས་སེལ་འབད་ཡི།


སྤྱིར་བཏང་བཙག་འཐུ་ཐེངས་༢ པ་རན་མི་དང་བསྟུན་ སྲིད་ཚོགས་དང་ སྲིད་དོན་པ་ཚུ་གིས་ ང་རྒྱལ་དང་ ཕྲག་དོག་གི་ཐོག་ལས་ གཞུང་སྐྱོང་གི་ གོ་སྐབས་ལེན་ནི་གི་ ཐབས་ཤེས་བསྒྲིག་ནི་ཨིནམ་ལས་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ ཐུགས་རིགཔ་སྒྲིམ་དགོ་ཟེར་ གཙོ་འཛིན་གྱིས་ ན་གཞོན་དཔལ་རི་ཞལ་འཛོམས་ཁང་ནང་ མི་༡,༠༠༠ ལྷགཔ་ཅིག་ སྤུངས་འཛོམས་འབད་མི་ཚུ་ལུ་ དྲན་གསལ་འབད་ཡི།
གཙོ་འཛིན་གྱིས་འབད་བ་ཅིན་ མི་སྡེའི་ཡོངས་འབྲེལ་དང་ གསར་ཤོག་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པའི་ སྐྱོན་ཙང་ཙ་གསལ་བཀོད་འབད་བ་གིས་མ་ཚད་ དམའ་ཕབ་དང་ མ་བདེན་པའི་ ཁ་ཉེས་འདྲ་མིན་སྣ་ཚོགས་བཀལ་མི་ལུ་བརྟེན་ ཕྱིའི་རྒྱལ་ཁབ་ཚུ་ལུ་ དོགས་སྣང་ཆགས་བཅུགཔ་ལས་ འབྲུག་རྒྱལ་ཁབ་ཀྱི་ མིང་གཏམ་མེདཔ་བཏང་པའི་ ཚ་གྱང་སྦོམ་ལང་དོ་ཟེར་ཨིནམ་ད་ འདི་བཟུམ་མའི་ བདེན་པ་མེད་པའི་ སྐྱོན་བརྗོད་འབད་མི་དེ་གིས་ ན་གཞོན་ཚུ་ལུ་ རྒྱུད་བསྐུལ་འབདཝ་མས་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་ལུ་ ག་དེ་སྦེ་ར་ ཁ་བཏང་རུང་ རྒྱལ་ཁབ་དང་ མི་སེར་གྱི་བར་ན་ སྟབས་མ་བདེཝ་དང་ གོ་བ་བརྡ་ལོག་བཟོ་ནི་མི་འོང་ཟེར་ བློན་ཆེན་བགྲེསཔ་གིས་ བཤད་པའི་ཁར་ མི་སེར་ཚུ་གི་ ཁ་ཐུག་ལས་འབད་རུང་ བདེན་རྫུན་ལེགས་ཤོམ་སྦེ་ བརྟག་ཤིང་དཔྱད་དགོཔ་དེ་ གལ་ཆེ་ཟེར་ བཤད་ཅི།
བཅའ་མར་གཏོགས་མི་ལ་ལུ་གིས་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ཚུ་ མི་སེར་དམངས་གཙོ་ཚོགས་པའི་ནང་ འཛུལ་ཞུགས་འབད་མི་དེ་ སྲིད་ཚོགས་གཉིས་ མཉམ་བསྡོམས་འབད་དོ་བཟུམ་ཅིག་ཨིནམ་ལས་ འདི་ག་དེ་སྦེ་ཨིན་ན་ཟེར་ དྲིས་བའི་ལན་ལུ་ འཇིགས་མེད་འཕྲིན་ལས་ཀྱིས་ བཤད་མིའི་ནང་ མ་གཞི་ བཙག་འཐུའི་ཁྲིམས་ཡིག་བརྩམས་པའི་སྐབས་ དོན་ཚན་ཅིག་ནང་ ནོར་འཁྲུལ་བྱུང་ཡོད་རུང་ རྩ་ཁྲིམས་ཆེན་མོ་དང་འཁྲིལཝ་ད་ སྲིད་ཚོགས་གཅིག་བསྡོམས་འབད་མ་ཆོགཔ་སྦེ་ ཡོད་མི་ལུ་བརྟེན་ ཚོགས་པ་གིས་ བཙག་འཐུ་ལྷན་ཚོགས་ལུ་ ཡིག་ཐོག་ལུ་ ཉོགས་བཤད་བཀོད་དེ་ཡོད་ཟེར་ཨིན་པས།
གཙོ་འཛིན་གྱིས་འབད་བ་ཅིན་ རྩ་ཁྲིམས་ཆེན་མོའི་ནང་ སྲིད་ཚོགས་གཅིག་བསྡོམས་འབད་མ་ཆོག་མི་དེ་ཡང་ གཙོ་བོ་ར་ འབྲུག་བཟུམ་མའི་ རྒྱལ་ཁབ་ཆུང་ཀུ་ཅིག་ནང་ གཞུང་སྐྱོང་ཚོགས་པ་དེ་ སྲིད་ཚོགས་མང་བསྡོམས་ཀྱི་ གཞུང་འབད་བ་ཅིན་ གོང་འཕེལ་གྱི་ ལས་སྣ་དང་ སྲིད་བྱུས་ཚུ་ གྲོས་ཐག་བཅད་ནིའི་ནང་ བྱ་སྟབས་མ་བདེཝ་ འབྱུང་ནི་ཨིནམ་ལས་ འགོ་ཐོག་བཙག་འཐུ་འབད་དགོ་པའི་ གནད་དོན་དེ་ར་ སྲིད་དོན་ཚོགས་པ་༢ བཙག་འཐུ་འགྲུབ་ནི་དེ་ཨིན་ཟེར་ དོགས་སེལ་འབད་ཡི།
ཁོ་གིས་ བཤད་མིའི་ནང་ འདས་པའི་ཕུན་སུམ་ཚོགས་པའི་གཞུང་གིས་ འབྲུག་ལུ་ དམངས་གཙོའི་རིང་ལུགས་ གཞན་དང་མ་འདྲ་བའི་ ཁྱད་ཆོས་ཅིག་སྦེ་ གཞི་འགྱམ་སྒྲིང་སྒྲིང་བཙུགས་ཐབས་ལུ་ བརྩོན་ཤུགས་བསྐྱེད་ཡོདཔ་མ་ཚད་ མི་སྡེའི་ནང་ འདྲ་མཉམ་དང་ དྲང་བདེན་ཐོག་ དཔལ་འབྱོར་གོང་འཕེལ་ལས་རིམ་ཚུ་ནང་ གྲུབ་འབྲས་ལེགས་ཤོམ་ཐོན་ཡོདཔ་ཨིན་རུང་ མ་དགའ་མི་ཚུ་གིས་ ཁ་ཉེས་འདྲ་མིན་སྣ་ཚོགས་བཀལ་མི་ཚུ་ ག་ཨིན་ན་དང་ ཁོང་གི་རྒྱབ་ལས་ག་ཡོདཔ་ཨིན་ན་ གཞུང་སྐྱོང་གི་ གོ་སྐབས་ཐོབ་རུང་མ་ཐོབ་རུ་ ཞིབ་དཔྱད་འབད་དེ་ འགན་འཁྲི་བཀལ་ནི་ཟེར་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment