གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་༢ མཉམ་བསྡོམས་མེན་པའི་དོགས་སེལ།

༡༣/༦/༢༠༡༣   ༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ བརྡ་བརྒྱུད་དང་གཅིག་ཁར་ ཞལ་འཛོམས་འཚོགས་པའི་སྐབས་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་བགྲེསཔ་༧ གྱིས་ མི་སེར་དམངས་གཙོ་ཚོགས་པ་ནང་ འཛུལ་ཞུགས་འབད་མི་དེ་ ཁྲིམས་ལུགས་དང་ འཁྲིལ་ཏེ་ འབད་འབདཝ་ཨིན་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ བརྡ་བརྒྱུདཔ་ཚུ་དང་གཅིག་ཁར་ ཞལ་འཛོམས་འཚོགས་པའི་བསྒང་།


འབྲུག་ཕུན་སུམ་ཚོགས་པ་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཚོགས་པ་༢ མཉམ་བསྡོམས་འབད་བའི་སྐོར་ལས་ ཉེས་འཛུགས་འབད་ཡོདཔ་ཨིན་རུང་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ ཚོགས་པ་༢ མཉམ་བསྡོམས་འབད་འབདཝ་མེན་པར་ ཁྲིམས་ལུགས་དང་འཁྲིལ་ཏེ་ འདེམས་ངོ་༧ པོ་དེ་ འབྲུག་མཉམ་རུབ་ཚོགས་པ་ལས་ དགོངས་ཞུ་འབད་ཞིནམ་ལས་ མི་སེར་དམངས་གཙོ་ཚོགས་པ་ནང་ འཛུལ་འཛུལཝ་ཨིན་ཟེར་ཨིན་པས།
ཚོགས་པའི་གཙོ་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་ ཁོངཆ་ཁྱབ་ ཚོགས་པ་འདེམས་ངོ་བཙུགས་པའི་སྐབས་ འདེམས་ངོ་༧ ཡོད་ས་ལས་༦ གཏན་འཁེལ་མེདཔ་སྦེ་ བཞག་ཡོདཔ་ལས་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ཚུ་ཡང་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ཚབ་བཙུགས་འབདཝ་ད་ དཀའ་ངལ་དང་ ཉོགས་བཤད་ཚུ་ ག་ཅི་ཡང་ མ་ཐོན་ཟེར་ཨིན་པས།
ཚོགས་པ་མཉམ་བསྡོམས་འབདཝ་ཨིན་ཟེར་ སླབ་མི་དེ་ བདེན་ར་མི་བདེན་ཟེར་ ཚེ་རིང་སྟོབས་རྒྱས་ཀྱིས་ དོགས་སེལ་འབད་ཡོདཔ་མ་ཚད་ ཁོ་གིས་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་ཡང་ རང་དབང་གི་ སྲིད་ཚོགས་ཅིག་ཨིནམ་ལས་ དེ་བཟུམ་སྦེ་ འབྲུག་མཉམ་རུབ་ཚོགས་པ་དེ་ཡང་ རང་དབང་གི་ ཚོགས་པ་ཅིག་ཨིན་ཟེར་ཨིན་པས།
གཙོ་འཛིན་གྱིས་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་དེ་ ཧེ་མ་ལས་ སྒྲིང་སྒྲིང་ཡོད་པའི་གུ་ ཧེང་སྐལ་ར་ སྒྲིང་སྒྲིང་ཡར་སོ་ཡི་ཟེར་ཨིན་པས།
འབྲུག་པའི་མི་སེར་ཚུ་གིས་ གཞུང་སྐྱོང་ནི་གི་ གོ་སྐབས་གནང་་པ་ཅིན་ ལོ་ལྔའི་རིང་ རྒྱལ་ཁབ་དང་ མི་སེར་ཚུ་ལུ་ ལེགས་ཤོམ་སྦེ་ ཕྱག་ཞུ་ནི་ཟེར་ གཙོ་འཛིན་ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་ལས་ དགོངས་ཞུ་འབད་དེ་ མི་སེར་དམངས་གཙོ་ཚོགས་པ་ནང་ འཛུལ་ཞུགས་འབད་མི་འདེམས་ངོ་ཚུ་ ཁྲིམས་ཤིང་རྐང་པ་ར་ འདེམས་ཁོངས་ལས་ རྡོ་རྗེ་ཆོས་སྒྲོན་དང་ མོང་སྒར་འདེམས་ཁོངས་ལས་ འཇིགས་མེད་བཟང་པོ་ བཀང་ལུང་བསམ་མཁར་ ཨུ་མཛོ་རོང་འདེམས་ཁོངས་ལས་ ནོར་བུ་དབང་ཕྱུག་ བར་དོ་ཀྲོང་འདེམས་ཁོངས་ལས་ ལེགས་སྐྱིད་རྡོ་རྗེ་ པཱན་སྦང་འདེམས་ཁོངས་ལས་ ཚེ་རིང་ ར་ལྡི་སག་སྟེང་འདེམས་ཁོངས་ལས་ ཀུན་ལེགས་རྡོ་རྗེ་ དེ་ལས་ ཇོ་མོ་གཙང་་ཁ་ མར་ཚ་ལ་ འདེམས་ཁོངས་ལས་ དཔལ་བཟང་དབང་ཕྱུག་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་གིས་ གཟའ་སྐར་དང་འཁྲིལ་ཏེ་ སྤྱི་ཟླ་༦ པའི་ཚེས་༡༤ ལས་ སྤུངས་ཐངས་བདེ་བ་ཆེན་པོའི་ཕོ་བྲང་ནང་ལས་སྦེ་ བསྐུལ་བསྒྲགས་འགོ་བཙུགས་ནི་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ ཚོགས་པའི་འདེམས་ངོ་ཚུ་དང་ སྲིད་ཚོགས་ནང་ ལཱ་འབད་མི་ཚུ་གིས་ བསྐུལ་བསྒྲགས་འབད་བའི་སྐབས་ལུ་ ག་དེ་དྲག་དྲག་ ཁྲིམས་དང་འཁྲིལ་ཏེ་ ལཱ་འབད་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
དེ་མ་ཚད་ མི་སེར་ཚུ་ལུ་ ནང་གསུག་དང་ རྒྱུད་བསྐུལ་མ་འབད་བར་ བསྐུལ་བསྒྲགས་དེ་ ཚུལ་མཐུན་ཐོག་ལས་ འབད་དགོཔ་སྦེ་ སླབ་ཅི་ཟེར་ ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།

No comments:

Post a Comment