གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་དབང་མཆོག་གིས་ ཆ་རུད་ཀྱིས་ གནོད་སྐྱོན་རྐྱབ་མི་ ས་ཁོངས་ཚུ་ནང་ཆིབས་བསྐྱོད།

༡༢/༦/༢༠༡༣   ༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འཕྲལ་ཁམས་ཅིག་ཁར་ སྤུ་ན་ཁ་དཀར་སྦྱིས་ས་ལུ་ ཆུ་རུད་ཐོན་ཏེ་ གནོད་སྐྱོན་རྐྱབ་སའི་ ས་ཁོངས་ཚུ་ནང་ གཟིགས་ཞིབ་གནང་སྟེ་ ཐོ་ཕོག་མི་ མི་སེར་ཚུ་དང་ མཇལ་ཕྲད་གནང་ཡོདཔ་ཨིན་པས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དཀར་སྦྱིས་ས་ལུ་ ཆུ་རུད་ཀྱིས་ གནོད་སྐྱོན་རྐྱབ་མི་ ས་ཁོངས་ནང་ གཟིགས་ཞིབ་གནང་པའི་བསྒང་།

མི་དབང་མངའ་ཞབས་མཆོག་གིས་ ཐུགས་གྲུབ་ལྷ་ཁང་ནང་འཛོམས་མི་ བཟའ་ཚང་ཚུ་ལུ་ སྐྱིད་སྡུག་གནང་ཡོདཔ་ད་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ ལྷ་ཁང་དེ་ནང་ ཐུགས་སྨོན་གནང་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༤ ལུ་ ཆུ་རུད་ཐོན་མི་དེ་གིས་ དཀར་སྦིས་ས་རྒེད་འོག་ནང་ འབྱ་ཞིང་དང་ ཨེ་མ་ཞིང་ཚུ་ འཕྱགས་བདའ་སྟེ་ ས་ཞིང་ཚུ་ བྱེམ་གྱིས་གང་ཡོདཔ་མ་ཚད་ འོ་ཁུ་ན་དང་ བེ་ཏི་ཁ་ རང་སི་ཁ་གཡུས་ཚན་ཚུ་གི་ ཆུ་གཡུར་ཚུ་ མེདཔ་བཏང་དཔ་ལས་ ཁྱིམ་གུང་༤༥ ལུ་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ སྤུ་ན་ཁ་འབྲིང་རིམ་སློབ་གྲྭ་གོང་མ་དང་ དཀར་སྦིས་ས་འབྲིང་རིམ་སློབ་གྲྭ་འབྲིང་མ་ནང་ གཟིགས་ཞིབ་གནང་སྟེ་ སློབ་ཕྲུག་དང་ སློབ་དཔོན་ཚུ་དང་ མཇལ་ཕྲད་གནང་ཡོད་པའི་གནས་ཚུལ།

No comments:

Post a Comment