གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཟའ་འཐུང་འཕྲོ་བརླག་གཏང་ནི་ལས་ བཀག་ཐབས་འབད་དགོཔ།

༥/༦/༢༠༡༣   ༉ འབྲུག་ལུ་ མཐའ་འཁོར་གནས་སྟངས་སྡེ་ཚན་གྱི་ སྐྱབས་འཛིན་མི་ མི་དབང་རྒྱལ་བཙུན་མཆོག་ལུ་ གུས་བཏུད་ཞུ་ནིའི་དོན་ལུ་ དུས་ཅི་ལས་ འཛམ་གླིང་མཐའ་འཁོར་གནས་སྟངས་ཀྱི་ཉིནམ་དེ་ མི་དབང་རྒྱལ་བཙུན་མཆོག་གི་ འཁྲུངས་སྐར་དུས་སྟོན་དང་འབྲེལ་ བརྩི་སྲུང་འབད་ནི་ཨིན་པས།
མི་དབང་རྒྱལ་བཙུན་མཆོག་གིས་ ཤིང་གི་ལྕངམ་བཙུགས་གནང་པའི་བསྒང་།


ཁ་ཙ་ ཐིམ་ཕུ་ལུ་ འཛམ་གླིང་མཐའ་འཁོར་གནས་སྟངས་ཀྱི་ ཉིནམ་བརྩི་སྲུང་ཞུ་སར་ སྐུ་མགྲོན་གཙོ་བོ་སྦེ་ བྱོན་གནང་མི་ མི་དབང་རྒྱལ་བཙུན་མཆོག་གིས་ འཛམ་གླིང་མཐའ་འཁོར་གྱི་ཉིནམ་འདི་ ང་བཅས་རའི་ མཐའ་འཁོར་གནས་སྟངས་ཉེན་སྐྱོབ་འབད་དགོཔ་ གལ་ཆེ་བའི་སྐོར་ མི་སེར་ས་ཡ་ལས་བཅད་མི་ཚུ་གིས་ ཧ་གོ་བའི་ གྲུབ་འབྲས་ཅིག་ཨིན་ཟེར་ གསུངས་གནང་ནུག།
དུས་ཅིའི་ཉིནམ་དེ་ བཟའ་སྤྱོད་འཕྲོ་བརླག་བཏང་པའི་ དཀའ་ངལ་བསལ་ཐབས་ལུ་ འཛམ་གླིང་གི་ བརྩོན་ཤུགས་ཅིག་ཨིན་མི་ མནོ་བསམ་གཏང་ནི་དང་ བཟའ་ནི་ སྲུང་སྐྱོབ་འབད་ཟེར་བའི་ བརྗོད་དོན་ཐོག་ལུ་ བརྩི་སྲུང་འབད་ཡོདཔ་ད་ མི་དབང་རྒྱལ་བཙུན་མཆོག་གིས་ གསུངས་མིའི་ནང་ འཛམ་གླིང་ནང་འཁོད་ལུ་ འགྲོ་བ་མིའི་བཟའ་སྤྱོད་ཀྱི་དོན་ལུ་ ཐོན་སྐྱེད་འབད་མི་ བཟའ་འཐུང་གསུམ་ཆ་གཅིག་ འཕྲོ་བརླག་བཏང་པའི་ཁར་ ཉིན་བསྟར་བཞིན་དུ་ སྐྱེས་ལོ་༥ མན་ཆད་འབད་མི་ ཨ་ལུ་༢༠,༠༠༠ ལྷགཔ་རེ་ བཀྲེས་སྐོམ་ལུ་བརྟེན་ ཤི་རྐྱེན་བྱུངམ་མས་ཟེར་ཨིན་པས།
འདི་བཟུམ་མའི་ ཤི་རྐྱེན་བྱུང་མིའི་ གྱངས་ཁ་ཚུ་ལུ་ལྟཝ་ད་ རྣམ་རྟོག་ལང་སི་སི་ཅིག་ཨིནམ་ལས་ བཟའ་འཐུང་ཚུ་ འཕྲོ་བརླག་གཏང་ནི་མི་འོང་ཟེར་ཨིན་པས།
ཉིནམ་བརྩི་སྲུང་གི་དོན་ལུ་ མི་དབང་རྒྱལ་བཙུན་མཆོག་གིས་ ཤིང་གི་ལྕངམ་ཅིག་ བཙུགས་གནང་ཡོད་པའི་གནས་ཚུལ།

No comments:

Post a Comment