གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤུ་ན་ཁ་ལུ་ ཆུ་རུད་ཀྱིས་ ཆུ་ཞིང་ཨེ་ཀར་༦ ལྷགཔ་ཅིག་ མེདཔ་བཏང་ཡོདཔ།

༥/༦/༢༠༡༣   ༉ ཁ་ཙ་ སྤུ་ན་ཁ་དཀར་སྦིས་ས་རྒེད་འོག་ནང་ ཆུ་རུད་ཐོན་མི་དེ་གིས་ འབྱ་ཞིང་ཨེ་ཀར་༦ ལྷགཔ་ཅིག་ མེདཔ་བཏང་ཡོདཔ་ཨིན་རུང་ མི་དང་སེམས་ཅན་ཚུ་ལུ་ གནོད་སྐྱོན་ག་ནི་ཡང་ མ་བྱུངམ་ཨིན་པས།

ཆུ་རུད་ཀྱིས་ མེདཔ་བཏང་མི་འབྱ་ཞིང་ཚུ།

ཆུ་རུད་དེ་ དྲོ་པའི་ཆུ་ཚོད་༣ དང་༤ དེ་ཅིག་ལུ་ སྦད་ལྟག་ནང་དང་ འོག་ཁ་ནང་གཡུས་ཚན་ཚུ་ནང་ ཐོན་ཡོདཔ་ད་ དེ་ཡང་ ཆརཔ་ཤུགས་འབད་རྐྱབ་མི་ལུ་བརྟེན་ སྦྱིས་ཆུ་ལུངམ་གི་ རོང་ཆུ་བྲེས་ནི་དེ་གིས་ཨིནམ་ད་ རོང་ཆུ་དེ་བཟུམ་ གཞན་ཆུ་ཆུང་ཀུ་ལེ་ཤ་ཅིག་ཡང་ བྲེས་ཡོདཔ་ཨིན་པས།
ད་རེས་ནངས་པ་ སྤུ་ན་ཁ་ལུ་ ལྕང་ལཱ་རྐྱབ་པའི་བསྒང་ཨིནམ་ལས་ ཆུ་རུད་དེ་གིས་ ལྕང་ལཱ་རྐྱབ་ཚར་མི་ ཆུ་ཞིང་ཨེ་ཀར་༣ ལྷགཔ་ཅིག་དང་ ཨེ་ལྕང་བཙུགས་མི་ ཨ་རིང་དག་པ་ཅིག་ དེ་ལས་ སྐམ་ཞིང་ལེ་ཤ་ཅིག་ར་ མེདཔ་བཏང་ཡོདཔ་ཨིན་པས།
དེ་ཡང་ ཞིང་ལ་ལུ་ཅིག་ ཆུ་རུད་ཀྱིས་འཕྱགས་བདའ་བའི་ཁར་ ལ་ལུ་ཅིག་ནང་ བྱེམ་གྱིས་གང་སྟེ་ ལཱ་འབད་མ་བཏུབ་ བཟོ་ཡོདཔ་ཨིན་པས།
སྐྱེས་ལོ་༢༢ ལང་མི་ ཀུན་ལེགས་པདྨ་གི་ ལྕང་ལཱ་རྐྱབ་ཚར་མི་ ཆུ་ཞིང་གླང་དོ་༢ དང་ ལྕང་ལཱ་རྐྱབ་ནི་སྦེ་ གྲ་སྒྲིག་བཟོ་བཞག་མི་ ཆུ་ཞིང་གླང་དོ་ཕྱེད་དེ་ཅིག་ནང་ བྱེམ་གྱིས་གང་སྟེ་ མེདཔ་བཏང་ཡོདཔ་ད་ མོ་གིས་སླབ་མིའི་ནང་ ད་ཚུན་གྱི་རིང་ ལཱ་འབད་མི་ཚུ་ག་ར་ འཕྲོ་བརླག་བཏང་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཨ་རིང་ནང་ལས་ བྱེམ་བཏོན་ཚུགས་ནིའི་ འོས་འབབ་ར་མེདཔ་ལས་ དུས་ཅི་ འབྱ་ལཱ་འབད་དེ་ བཟའ་ནིའི་གོ་སྐབས་མིན་འདུག་ཟེར་ཨིནམ་ད་ དཀར་སྦྱིས་སའི་མི་ཚུ་ འཚོ་བ་ངོ་མ་ ལོ་ཐོག་འབྱ་ལུ་བརྟེན་དོ་ཡོདཔ་ཨིན་རུང་ དུས་ཅི་ ཆུ་རུད་ཀྱིས་མེདཔ་བཏངམ་ལས་ ཀུན་ལེགས་པདྨ་བཟུམ་སྦེ་ སོ་ནམ་པ་ལེ་ཤ་ཅིག་ ལྕང་ལཱ་རྐྱབ་ནིའི་ གོ་སྐབས་མེདཔ་ཨིན་པས།
མོ་གིས་སླབ་མིའི་ནང་ ཆུ་རུད་དེ་ དྲོ་པའི་ཆུ་ཚོད་༤ དེ་ཅིག་ལུ་ སྐད་ཤུགས་འབད་རྐྱབ་སྟེ་ ཐོན་འོང་པའི་སྐབས་ ག་ཅི་འབད་ནི་ཨིན་ན་ཡང་ མ་ཤེས་པར་ ཕྱི་ཁར་ཐོན་ལྟཝ་ད་ ཁྱིམ་ཡང་ རམ་ནི་བཟུམ་འབད་ནི་དེ་གིས་ ཁྱིམ་ནང་ཡོད་པའི་ མི་ག་ར་ ཕྱི་ཁར་ཐོན་སྡོད་དགོཔ་ བྱུང་ཡི་ཟེར་ཨིན་པས།
ཀུན་ལེགས་པདྨ་བཟུམ་སྦེ་ སྦད་ལྟག་དཀར་གཡུས་ཚན་གྱི་ ཁྱིམ་གུང་པ་༡༢ ག་རའི་ ཆུ་ཞིང་ཚུ་ མེདཔ་བཏང་ཡོདཔ་ད་ དེ་ཁའི་མི་ཚུ་གིས་ སླབ་མིའི་ནང་ ད་རེས་ཀྱི་ རྐྱེན་ངན་བཟུམ་སྦེ་ ཧེ་མ་ རྩ་ལས་མ་ཐོན་ཟེར་ཨིན་པས།
ད་རེས་ནངས་པ་ དེ་བཟུམ་གྱི་ རང་བཞིན་རྐྱེན་ངན་ཐོན་མི་དེ་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ འགོ་བཙུགས་པའི་སྐབས་ མི་གཅིག་གིས་གཅིག་ལུ་ བར་དཀྲོགས་འབད་མི་ལུ་བརྟེན་ གནས་བདག་དང་ ཡུལ་ལྷ་ཚུ་ ཁྲོསཔ་མེད་ན་ཟེར་ མནོ་མས་ཟེར་ཨིན་པས།
དཀར་སྦྱིས་ས་དེ་ འབྱ་འཚོ་སའི་ ས་ཁོངས་ངོ་མ་ཅིག་ཨིནམ་མ་ཚད་ མི་ཚུ་གིས་ ཆུམ་ཚོང་འབྲེལ་འཐབ་ཐོག་ལས་ འཚོ་སྐྱོང་འཐབ་དོ་ཡོདཔ་ད་ དེ་ཁར་ སློབ་ཕྲུག་ཨ་ལུ་ཚུ་གི་ཟད་འགྲོ་ཡང་ ཆུམ་ལུ་བརྟེན་བཟོཝ་ཨིན་ཟེར་ སྐྱེས་ལོ་༥༢ ལང་མི་ ཚེ་དབང་རྡོ་རྗེ་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ནངས་པ་ ལྕང་ལཱ་རྐྱབ་ནིའི་དུས་ཚོད་ཁར་ ཆུ་རུད་ཐོན་མི་དེ་གིས་ ལྕངམ་ལོག་བཙུགས་རུང་དུས་ཚོད་ཕྱིས་ནི་དེ་གིས་ འབྱ་མི་འཚོ་ཟེར་ཨིན་པས།
ཆུ་རུད་ཀྱིས་ སྤུ་ན་ཁ་དང་ མགར་ས་ལུ་འགྱོ་སའི་གཞུང་ལམ་ ཝ་ཁ་ནང་ཟེར་ས་ལུ་ ས་རུད་ཆད་དེ་ ལམ་མེདཔ་བཏང་ཡོདཔ་ཨིན་རུང་ ལམ་སེལ་ལས་ཁུངས་ཀྱི་ ལས་བྱེདཔ་དང་ བདེ་སྲུངཔ་ དེ་ལས་ རྫོང་ཁག་བདག་སྐྱོང་གི་ འགོ་དཔོན་ཚུ་གིས་ མཉམ་རུབ་ཐོག་ལས་ བསལ་ནི་དེ་གིས་ ཁ་ཙ་ ཕྱི་རུ་ཁམས་ཅིག་ལས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་ཚུགས་ཅི།
ཨིན་རུང་ ལམ་སེལ་འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་ལྟོ་ ངེས་བརྟན་མེདཔ་ལས་ མི་ཚུ་གིས་ རྒྱུན་འགྲུལ་འཐབ་ནི་ལས་ ག་དེ་དྲག་དྲག་ འཛེམ་གནང་ཟེར་ཨིན་པས།
ཆུ་རུད་ཀྱིས་ ཆུ་ཞིང་དང་ སྐམ་ཞིང་མེདཔ་བཏང་མི་ཚུ་ ད་ལྟོ་ རྫོང་ཁག་བདག་སྐྱོང་གིས་ དབྱེ་ཞིབ་འབད་བའི་བསྒང་ཡོདཔ་ད་ རྒུད་འཐུས་སྤྲོད་ནིའི་ཐད་ཁར་ ད་ལྟོ་ ག་ནི་ཡང་ སླབ་མི་ཤེས་ཟེར་ རྫོང་ཁག་གི་ རྐྱེན་ངན་འཛིན་སྐྱོང་འགོ་དཔོན་ ཚེ་དབང་ཕུན་ཚོགས་ཀྱིས་ སླབ་ཨིན་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment