གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་ན་རྒས་སོ་རུང་ མདའ་རྩེད་ལུ་ སྤྲོ་བ་བསྐྱེད་མི་ ཨ་རྒས་པན་ཆེན་ལ།

༡༥/༦/༢༠༡༣   ༉ ལག་པར་ཕྱེངམ་བཤེད་ ཁ་ལས་ མ་ཎི་བགྱང་ མགུ་ཏོ་ཕར་ཚུར་གཡུག་ སེམས་བག་གཡེང་མེད་པར་ འབའ་གུ་ལྟ་སྟེ་ ཉིནམ་གཅིག་ར་ མདའ་རྩེད་འགྲན་བསྡུར་མཇུག་མ་བསྡུཝ་ཚུན་ སྤྲོ་བ་བསྐྱེད་དེ་ ལྟདམོ་ལྟ་སྡོད་མི་ཅིག་ ཨ་རྒས་པན་ཆེན་ལ་དེ་ཨིན་པས།
ཨ་རྒས་ཕན་ཆེན་ལ།


སྐྱེས་ལོ་༨༡ ལང་མི་ ཨ་རྒས་པན་ཆེན་ལ་དེ་ སྤུ་ན་ཁ་རྫོང་ཁག་ རྟ་ལོག་རྒེད་འོག་ རྡོས་ཀོ་མཁའ་གཡུས་ཚན་ལས་ཨིནམ་ད་ ཁོ་གིས་ བསྟན་སྲུང་དམག་མི་སྦེ་ ལོ་ངོ་༣༧ ཕྱག་ཞུ་བའི་ཤུལ་ལུ་ དགོངས་ཞུ་འབད་དེ་ ད་རེས་ནངས་པ་ ཐིམ་ཕུ་ལུ་ བུམོ་དང་གཅིག་ཁར་ སྡོད་དོ་ཡོདཔ་ཨིན་པས།
ཨ་རྒས་པན་ཆེན་ལ་གིས་ སླབ་མི་དང་འཁྲིལཝ་ད་ ཐིམ་ཕུ་ལུ་ བུམོ་དང་གཅིག་ཁར་སྡོད་པའི་ཤུལ་ལུ་ ཁོ་གིས་ ལོ་༦ ལྷགཔ་ཅིག་ནང་ མ་ཎི་རྒྱུན་ཆད་མེད་པར་ བགྱང་ཡོདཔ་ལས་ ད་ཚུན་གྱི་ནང་འཁོད་ལུ་ མ་ཎི་དུང་ཕྱུར་ཕྱད་དང་༢ ལྷགཔ་ཅིག་ཐོབ་ཡོདཔ་ད་ ཁོ་གིས་ དུས་གསུམ་ལུ་ ལས་སྒྲིབ་བསགས་ཡོད་པའི་ ལས་ངན་སྡིག་སྒྲིབ་ཚུ་ དག་ནི་དང་ བདག་གཞན་འཁོར་བའི་སྡུག་བསྔལ་ལས་ འགྲོལ་ཏེ་ བདེ་བ་ཅན་གྱི་ ཞིང་ཁམས་ལུ་ སྐྱེས་ནིའི་ཐབས་ལུ་ མ་ཎི་བགྱང་ནི་འགོ་བཙུགས་ཅི་ཟེར་ཨིན་པས།
སྐྱེས་ལོ་༨༡ ལང་མི་ ཨ་རྒས་ཁོ་ར་ དགོངས་ཞུས་འབད་བའི་ཤུལ་ལུ་ ལོ་༣ ཚུན་ རྒྱལ་ཡོངས་ལས་མིའི་ནང་ ལཱ་གཡོག་འབད་དེ་སྡོད་ཡོདཔ་མ་ཚད་ སྤུ་ན་ཁ་ལུ་སྦེ་ བློན་པོ་བགྲེསཔ་ཅིག་གིས་ ཞིང་ཆུའི་གཡུར་བ་དང་ ཞིང་ལཱ་འབད་མི་སྦེ་ ལོ་༧ སྡོད་ཡོདཔ་བཞིན་དུ་ རྡོ་བཟོ་སྦེ་ ལོ་༥ དང་ ཤིང་དྲ་མི་སྦེ་ ལོ་༥ སྤུ་ན་ཁ་རྫོང་ཉམས་བཅོས་ཀྱི་ ལཱ་འབད་སྡོད་ཡོདཔ་ཨིན་པས།
ཨ་རྒས་པན་ཆེན་ལ་གིས་ སླབ་མི་དང་འཁྲིལཝ་ད་ ཁོ་ར་ ལོ་༡༤ འབད་སྡོད་པའི་བསྒང་ གཡུས་ཁ་ལུ་ སྤག་ཤིང་གི་ཐོག་ལས་ མདའ་རྩེད་འགྲན་བསྡུར་འབད་ཡོདཔ་མ་ཚད་ བསྟན་སྲུང་དམག་མི་སྦེ་ ཕྱག་ཞུ་སྡོད་པའི་སྐབས་ རང་ལུགས་སྤག་ཤིང་ཐོག་ལས་ མདའ་རྩེད་འགྲན་བསྡུར་ལེ་ཤ་ཅིག་ནང་ བཅའ་མར་གཏོགས་ཡོདཔ་ལས་ ད་རེས་ནངས་པ་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་སྦེ་ མདའ་རྩེད་འགྲན་བསྡུར་འབད་བའི་སྐབས་ ཉིནམ་གཅིག་ར་ ཆད་ལུས་མེད་པར་ བཅའ་མར་གཏོགས་དོ་ཟེར་ ཨིན་པས།
དེ་ཡང་ ཁྲི་ལོ་༢༥ འཁོར་བའི་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྗེས་དྲན་མདའ་རྩེད་ མདའ་རྩེད་འགྲན་བསྡུར་འབད་བའི་ ཉིནམ་ལས་འགོ་བཙུགས་ ད་ཚུན་ ལྟདམོ་ལྟ་བར་འོང་ཡོདཔ་ད་ ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཉིནམ་གཅིག་ར་ ལྟདམོ་ལྟ་བར་ འོང་མ་ཚུགས་པ་ཅིན་ སེམས་བག་མ་ཆགས་པར་ ལཱ་ག་ཅི་འབད་རུང་ སྤྲོ་བ་མེདཔ་མ་ཚད་ ལྟདམོ་ལྟ་ནི་ ཆད་སོ་པ་ཅིན་ སྡེ་ཚན་ག་གིས་ ག་དེ་སྦེ་ རྒྱལ་ཁ་འཐོབ་ཡོདཔ་ཨིན་ན་དང་ ག་དེ་སྦེ་ ཕམ་སོཔ་ཨིན་ན་ ཤེས་མ་ཚུགསཔ་ད་ སྤྲོ་བ་མི་འཐོན་མས་ཟེར་ ཨིན་པས།
ལོ་༣ ཚུན་ མདའ་རྩེད་འགྲན་འབད་སར་ ལྟདམོ་ལྟ་བར་འོང་པའི་ཞོར་ཁ་ལུ་ མ་ནྀ་ཡང་ བརྒྱ་དང་སྟོང་སྦེ་ བགྱང་ཚུགས་དོ་ཡོདཔ་ལས་ འགོ་འདྲེན་འཐབ་མི་ འབྲུག་རང་ལུགས་རྩེད་རིགས་ཚོགས་པའི་ ཁ་ཐུག་ལས་ གསོལ་རས་ཚར་༣ ཐོབ་ཅི་ཟེར་ ཨིན་པས།
ང་རའི་སེམས་འཆར་ལས་ འབད་བ་ཅིན་ ད་རེས་ནངས་པར་ རང་ལུགས་སྤག་ཤིང་འདི་བ་ ཕྱི་རྒྱལ་གྱི་ མདའ་རྩེད་འགྲན་བསྡུར་འབད་བའི་སྐབས་ མི་ཚུ་གིས་ སྤྲོ་བ་ཐེབས་ལེན་ཏེ་ ལྟདམོ་ལྟ་བར་འོང་ཡོདཔ་ལས་ མི་མང་ག་འཛོམས་སར་ལུ་ ལྟདམོ་ལྟ་ནི་དེ་ སྤྲོ་བ་སྦོམ་ཡོདཔ་མ་ཚད་ སེམས་དགའ་བས་ཟེར་ ཨ་རྒས་ཀྱིས་ སླབ་ཨིན་པས།
པན་ཆེན་གྱིས་ ཀུན་གསལ་ལུ་ སླབ་མི་དང་འཁྲིལཝ་ད་ ད་རེས་ནངས་པའི་ ན་གཞོན་དང་ ཕོ་སྐྱེས་ཚུ་གིས་ རང་ལུགས་ཀྱི་མདའ་ སྤག་ཤིང་གི་ཐོག་ལས་ རྩེད་འགྲན་འབད་ནི་དེ་ སྤྲོ་བ་མེད་པའི་ཁར་ ལྕང་གླིང་མི་ཐང་ནང་ སྤག་ཤིང་གི་ཐོག་ལས་ རྩེད་འགྲན་འབདཝ་ད་ སྤྲོ་བ་དེ་ཅིག་བསྐྱེད་དེ་ ལྟདམོ་ལྟ་བར་ཡང་ འོང་མ་བཏུབ་ལུ་བརྟེན་ མར་ཉམས་སོཔ་བཟུམ་ཅི་ མཐོངམ་མས་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment