༡༥/༦/༢༠༡༣ ༉ སྤྱི་ལོ་༢༠༠༩ ལས་༢༠༡༣ ཚུན་ གཞུང་གྲྭ་ཚང་གི་ འོག་ལུ་མེན་པའི་ རང་སོའི་བདག་དབང་ཐོག་ལུ་ གཞི་བཙུགས་འབད་མི་ ཆོས་སྡེ་ཚུ་གིས་ ལྷན་ཚོགས་ནང་ ཆོས་ཚོགས་༨༥ གིས་ ཐོ་བཀོད་འབད་ཡོདཔ་ལས་ ལྷན་ཚོགས་ལུ་ བྱ་སྟབས་བདེ་དྲགས་ བྱུང་ཡོདཔ་ཨིན་པས།
ཆོས་སྡེ་ལྷན་ཚོགས་ཀྱི་ ལས་རིམ་གཙོ་འཛིན་འོགམ་ ཕུར་པ་རྡོ་རྗེ་གིས་ ཆོས་ཚོགས་ཟེར་ གཞི་བཙུགས་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ ཆོས་སྡེ་ལུ་ཕན་ཐབས་དང་ སྲོལ་ཁྱུན་ཆོས་ ཉེན་སྐྱོབ་ཀྱི་ལམ་ལུགས་ཚུ་ ཚུལ་མཐུན་གྱི་སྒོ་ལས་ ཡུན་བརྟན་གནས་ཐབས་བཟོ་ནི་དང་ རང་སོའི་ ཆོས་ཚོགས་ཀྱི་ འགོ་ཁྲིདཔ་ཚུ་གིས་ ཕྱག་འགན་མཛད་ཐངས་དང་ འཛིན་སྐྱོང་འཐབ་སྟེ་ འགན་འཁྲི་འབག་ཚུགསཔ་བཟོ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
གཞུང་དང་ཆོས་འབྲེལ་གྱི་ གཙུག་སྡེའི་བར་ན་ མཐུན་འབྲེལ་དང་འབྲེལ་བ་འཐབ་ནིའི་དོན་ལུ་ ལམ་ལུགས་ཚུལ་མཐུན་བཟོ་ནི་དང་ ཆོས་སྡེ་ཚུ་ ཁྲིམས་མཐུན་གྱི་སྒོ་ལས་ ཕྱག་འགན་དང་ གོང་འཕེལ་གཏང་ནིའི་དོན་ལུ་ འཛིན་སྐྱོང་དང་ དམ་འཛིན་འབད་ཐངས་ཀྱི་ ལམ་ལུགས་དང་ རྒྱུ་དངུལ་ཞལ་འདེབས་ཀྱི་ མ་རྩ་གཞི་བཙུགས་འབད་མི་ཚུ་ འཕྲོ་བརླག་མ་གཏང་པར་ ལེགས་ཤོམ་སྦེ་ སྤྱོད་ཐབས་ཀྱི་ལམ་ལུགས་ བཟོ་ནིའི་དོན་ལུ་ཨིན་ཟེར་ སླབ་ཨིན་པས།
ཆོས་སྡེ་ལྷན་ཚོགས་ཀྱིས་ ཆོས་ཚོགས་ཚུ་ ལེགས་ཤོམ་སྦེ་ འཛིན་སྐྱོང་འཐབ་སྟེ་ མི་སྡེ་དང་ རྒྱལ་ཁབ་ཀྱི་ཞི་བདེ་ དེ་ལས་ རང་སོའི་ གཡུས་སྒོ་ཚུ་ནང་ རྒྱལ་བ་གོང་མ་ཚུ་གིས་ མཛད་བཞག་མིའི་ཆོས་ལུགས་དང་ ལམ་ལུགས་ཚུ་ མི་ཉམས་རྒྱུན་སྐྱོང་སྤེལ་ཐབས་ལུ་ ཆོས་ཚོགས་རེ་ལུ་ དྲུང་ཆེན་དང་ རྩིས་འཛིན་པ་ དེ་ལས་ ཁྲི་འཛིན་ཚུ་ བསྐོ་བཞག་འབད་དོ་ཡོདཔ་ཨིན་པས།
དེ་འབདཝ་ལས་བརྟེན་ ཐོ་བཀོད་འབད་མི་ ཆོས་ཚོགས་༨༥ འི་ དྲུང་ཆེན་དང་ རྩིས་འཛིན་པ་ཚུ་ལུ་ ཆོས་སྡེ་ལྷན་ཚོགས་ཀྱིས་ གློག་རིག་ཀམ་པུས་ཊར་ལག་ལེན་འཐབ་ཐངས་དང་ ཡིག་ཚང་ནང་ འཛིན་སྐྱོང་གི་ལཱ་འབད་ཐངས་ ཐོ་བཀོད་འབད་ཐངས་ རྩིས་སྤྲོད་ལེན་གྱི་ ཐོ་བཀོད་འབད་ཐངས་ དེ་ལས་ གཞན་ཆོས་ཚོགས་ལུ་ དགོས་མཁོ་ཆེ་བའི་ སློབ་སྦྱོང་ཚུ་ བྱིན་ཡི་ཟེར་ གཙོ་འཛིན་འོགམ་གིས་ སླབ་ཨིན་པས།
དུས་ཅི་ལས་འགོ་བཟུང་ ཆོས་ཚོགས་ནང་ ལོ་བསྟར་གྱི་ རྩིས་ཞིབ་འབད་ནིའི་དོན་ལུ་ གཞུང་ལས་ རྩིས་ཞིབ་འགོ་དཔོན་ཚུ་ གཏང་ནི་ཨིནམ་ད་ དེ་ཡང་ ཆོས་ཚོགས་ནང་ འོང་མི་དད་ཅན་ཚུ་གིས་ ཞལ་འདེབས་ཕུལ་མི་དང་ འགུལ་ཅན་དང་འགུལ་མེད་ རྒྱུ་དངོས་ཕུལ་མི་ཚུ་ རྩིས་ཞིབ་འབད་ནི་ཨིན་པས།
འབྲུག་གི་ཆོས་སྡེ་ལྷན་ཚོགས་ཀྱི་བཅའ་ཁྲིམས་༢༠༠༧ ཅན་མའི་ ལེའུ་༥ པའི་དོན་ཚན་༢༠ པའི་དགོངས་དོན་ལྟར་ བརྡ་འཕྲིན་དང་ ཞུ་ཡིག་དང་འཁྲིལཝ་ད་ བཅའ་ཁྲིམས་འདི་ནང་ དམིགས་བསལ་སྦེ་ བཀོད་དེ་ཡོད་ན་མ་གཏོགས་ དེ་མིན་ ཧེ་མ་གཞི་བཙུགས་ ཡང་ན་ གསར་བཀོད་འགྲུབ་པའི་ཆོས་སྡེ་ཚུ་གིས་ བཅའ་ཁྲིམས་འདི་ བསྟར་སྤྱོད་འབད་བའི་ཟླ་ཚེས་ལས་ ཟླ་ངོ་༣ གྱི་ནང་འཁོད་ ཆོས་སྡེ་ལྷན་ཚོགས་དེ་ནང་ ཐོ་བཀོད་དོན་ལུ་ ཞུ་ཡིག་ཚུ་ ཚང་འགྲིགས་སྦེ་ བཙུགས་དགོ་ཟེར་ཨིན་པས།
ལས་རིམ་གཙོ་འཛིན་འོགམ་ ཕུར་པ་རྡོ་རྗེ་གིས་ འབད་བ་ཅིན་ དགོངས་དོན་དང་འཁྲིལ་ཏེ་ ད་ཚུན་ ཐོ་བཀོད་མ་འབད་བར་སྡོད་མི་ཚུ་གིས་ ཐོ་བཀོད་འབད་དགོཔ་དེ་ ངེས་པར་དུ་གལ་ཅན་སྦེ་ ཐོན་ཡོདཔ་ལས་ ཆོས་སྡེ་ལྷན་ཚོགས་དང་འབྲེལ་བ་འཐབ་གནང་ཟེར་ཨིན་པས།
སྐྱེས་ལོ་༥༠ ལང་མི་ བསོད་ནམས་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ གལ་སྲད་གཞུང་གྲྭ་ཚང་དང་ ཆོས་ཚོགས་ག་ཏེ་ནང་ཡང་ ཐོ་བཀོད་མ་འབད་བར་ གཡུས་སྒོའི་ནང་ སྒོམ་ཆེན་དང་ དགེ་སློང་ ཨ་ནེམོ་ཚུ་ལུ་ ཆོས་ཚོགས་ཀྱི་ དྲུང་ཆེན་དང་ ཡན་ལག་གི་གཙོ་འཛིན་ ཁྲི་འཛིན་ དེ་ལས་ སྐུ་དྲུང་ཚུ་གིས་ ཆོས་སྡེ་ལྷན་ཚོགས་ཀྱི་ བཅའ་ཁྲིམས་ལྟར་དུ་ ཐོ་བཀོད་འབད་འབདཝ་མེདཔ་ལས་ འགྲོ་དོན་གྱི་དོན་ལུ་ གཞན་མིའི་ཁྱིམ་ཚུ་ནང་ལས་ཕར་ རིམ་གྲོ་དང་ བསྒོམ་ཉམས་ལེན་འབད་ནི་ ཕར་བཞག་ མི་ངོ་རང་སོའི་ཁྱིམ་ནང་ཡང་ ལྷ་བསངས་དང་ཁྲུས་གསོལ་ དེ་ལས་ སྨོན་ལམ་ཆུང་ཀུ་ཅིག་ཡང་ གཏང་མ་ཆོག་པའི་ སྣང་བ་བཀལ་ནི་དང་ ཁ་ངན་ དེ་ལས་ འབད་མ་ཆོག་པའི་ལམ་ལུགས་ཚུ་ ཡོདཔ་ཨིན་ན་ཟེར་བསམ་འཆར་བཀོདཔ་ཨིན་པས།
འབྲུག་གི་ཆོས་སྡེའི་ བྱ་བའི་གནད་སྤྱོད་ཀྱི་ དགོངས་དོན་དང་འཁྲིལཝ་ད་ ཆོས་སྡེའི་དམིགས་ཡུལ་འགྲུབ་ཐབས་ལུ་ འབད་མ་ཆོགཔ་དེ་ཡང་ རྒྱལ་ཁབ་ཀྱི་ རང་དབང་རང་བཙན་དང་ བདེ་ཐབས་སྲུང་སྐྱོབ་ ས་ཁྱོན་གཅིག་སྒྲིལ་ལུ་ ཉམས་ཆག་ཤོར་བཅུག་ནིའི་ ཐབས་ལམ་སྒྲིག་པ་དང་ རྒྱལ་ཁབ་ཀྱི་ ཞི་བདེ་དང་ ཕུགས་ཀྱི་བརྟན་ཐབས་ལུ་ གནོད་པ་ཡོད་པའི་ གནས་སྟངས་དང་ ཉེན་ཁ་ཡོདཔ་བཟོ་མི་ཚུ་ ཁྲིམས་འགལ་ཨིན་ཟེར་ ཨིན་པས།
རིགས་རུས་ ཡང་ན་ ཕོ་མོ་ སྐད་ཡིག་ ཆོས་ལུགས་ ལུང་ཕྱོགས་ཚུ་གི་ གཞི་གནད་ཐོག་ གནོད་འགེལ་དང་ ངན་བསྐུལ་གྱི་གྲལ་ཁར་ བཅའ་མར་གཏོགས་བཅུག་ནིའི་ལམ་ལུགས་བཟོ་ནི་དང་ མི་ག་ཨིན་རུང་ བཙན་བསྐུལ་ རྒྱུད་བསྐུལ་ ཡང་ན་ གསོལ་རས་བྱིན་ཏེ་ ཆོས་ལུགས་གཞན་ལུ་ མོས་གུས་བསྐྱེད་བཅུག་ནིའི་ཐབས་ལམ་བསྒྲིག་མི་ཚུ་ ཁྲིམས་འགལ་ཨིན་ཟེར་ འཁོད་དེ་འདུག།
ཆོས་སྡེ་ལྷན་ཚོགས་ཀྱི་ ལས་རིམ་གཙོ་འཛིན་འོགམ་ ཕུར་པ་རྡོ་རྗེ་གིས་ སླབ་མིའི་ནང་ དེ་བཟུམ་མའི་ རྐྱེན་ངན་དང་ བྱ་སྟབས་མ་བདེཝ་ཚུ་ འཐོན་ཡང་མི་ཐོནམ་འོང་ ཆོས་ལུགས་དང་ ཆོས་ཚོགས་ནང་འཛུལ་རུང་ མ་འཛུལ་རུང་ མི་ངོ་རང་རྐྱང་ལུ་ དབང་ཚད་ཡོདཔ་ལས་ ཁྲིམས་འགལ་ཐོག་ལས་ འབད་མི་ཆོག་ཟེར་ཨིནམ་མ་ཚད་ འགྲོ་དོན་གྱི་སྐབས་ལུ་ རིམ་གྲོ་ཚུ་ དད་མོས་སྦྱིན་བདག་ལུ་ རང་དབང་ཡོདཔ་ལས་ ག་གིས་ཡང་ འབད་མི་ཆོག་ཟེར་ བཀག་ནིའི་དབང་ཚད་མེད་ཟེར་ཨིན་པས།
གལ་སྲིད་ རྒྱལ་ཁབ་ནང་ ཆོས་སྡེ་ལྷན་ཚོགས་ནང་ ཐོ་བཀོད་མ་འབད་བར་ ཡོད་པ་ཅིན་ ཆོས་སྡེའི་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་ ཐོ་བཀོད་འབད་དགོ་པའི་ཁར་ བླམ་ཆོསཔ་དང་ དགེ་སློང་ མཁན་པོ་ ཨ་ནེམོ་ སྒོམ་ཆེན་ དགོན་སྡེ་ དེ་ལས་ ཆོས་སྡེ་ཚུ་གིས་ ཐོ་བཀོད་འབད་ད་པ་ཅིན་ ཕན་ཐོགས་འོང་ནི་མ་གཏོགས་ གནོད་པ་ག་ནི་ཡང་མེད་ཟེར་ གཙོ་འཛིན་འོགམ་ ཕུར་པ་རྡོ་རྗེ་གིས་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།
No comments:
Post a Comment