གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཟོ་སྐྲུན་ནང་ལཱ་འབད་མི་ཕྱི་མི་ཚུ་གིས་སྔོན་བྱིན་ལེན་ཞིནམ་ལས་ བྱོག་འགྱོ་དོ་ཡོདཔ།

༡༥/༦/༢༠༡༣   ༉ ལོ་བསྟར་བཞིན་དུ་ འཕྲལ་འཕྲལ་ར་ བཟོ་སྐྲུན་འབད་མི་དང་ ཁག་འབག་ཚུ་གི་བཟོ་སྐྲུན་ཁག་འབག་ཚུ་ནང་ ལཱ་འབད་མི་ རྒྱ་གར་གྱི་ལས་མི་ཚུ་གིས་ སྔོན་བྱིན་མ་དངུལ་མངམ་ལེན་ཞིནམ་ལས་ བྱོག་འགྱོ་དོ་ཡོད་པའི་ སྙན་ཞུ་ཚུ་ཐོན་དོ་ཡོད་རུང་ དེ་ཚུ་ སྒོ་ར་སྒོ་ཚུ་ནང་ལས་ བདའ་མ་ཟུནམ་ཨིན་པས།


འཕྲལ་ཁམས་གཅིག་ཁར་ སྤ་རོ་གནམ་ཐང་སྲུང་རྒྱབ་པའི་ སྡོད་ཁྱིམ་བཟོ་སྐྲུན་འབད་མི་ ཀེ་ཌི་བཟོ་སྐྲུན་གྱི་ཁག་འབག་ནང་ ལཱ་འབད་མི་ རྒྱ་གར་གྱི་ལས་མི་༡༠ དེ་ཅིག་ སྤྱི་ཟླ་༦ པའི་ཚེས་༡༠ ལུ་ བྱོག་སོང་ཡོདཔ་སྦེ་ སྙན་ཞུ་འབད་ཡོདཔ་ཨིན་རུང་ ལས་མི་ཅིག་ཡང་བདའ་མ་ཟུན་པའི་ཁར་ ཁོ་གིས་འབད་བ་ཅིན་ སྣུམ་འཁོར་དེད་གཡོགཔ་ལ་ལུ་ཅིག་གིས་ ཆ་རོགས་འབད་དོ་ཡོད་པའི་དོགས་པ་ཡོདཔ་མ་ཚད་ སྒོ་ར་སྒོ་ཚུ་ནང་ལས་ སྣུམ་འཁོར་ཚུ་ ཞིབ་དཔྱད་ལེགས་ཤོམ་མ་འབད་བའི་ སྐྱོན་ཨིན་མས་ཟེར་ ཁོ་གིས་བཤདཔ་ཨིན་པས།
ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ ལས་མི་དེ་ཚུ་གིས་ བྱོག་འགྱོ་འོང་ཟེར་མནོ་སྟེ་ ལས་མི་ཚུ་གི་ ནང་སྐྱོད་ཆོག་ཐམ་ཚུ་ཡང་ ལེན་བཞག་དོ་ཡོདཔ་ལས་ སྒོ་ར་སྒོ་ཚུ་ནང་ལས་ ཞིབ་དཔྱད་འབད་བ་ཅིན་ བདའ་མ་ཟུནམ་ མི་འོང་ཟེར་ཨིན་པས།
མ་གཞི་ ལས་མི་ཚུ་བྱོག་འགྱོ་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ བྱོག་འགྱོཝ་ཨིན་ན་མ་ཤེསཔ་ཨིན་རུང་ བཟོ་སྐྲུན་ལས་སྡེ་གི་ ཇོ་བདག་དཀོན་མཆོག་རྡོ་རྗེ་གིས་འབད་བ་ཅིན་ སྔོན་བྱིན་མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་༦,༤༠,༠༠༠ བྱིན་ཡོདཔ་ཨིན་རུང་ དེ་ཚེ་ཕྱི་རུའི་ཆུ་ཚོད་༡༢ དེ་ཅིག་ཁར་བྱོག་ཡར་སོ་ནུག་ཟེར་ཨིན་པས།
དེ་མ་ཚད་ སྤྱི་ཟླ་༥ པའི་ཚེས་༢༩ ལུ་ཡང་ ལས་མི་༢༧ དེ་ཅིག་གིས་ བྱོག་སོང་ཡོདཔ་ད་ འབྲེལ་ཡོད་ལས་ཁུངས་དང་ ལས་སྡེ་ཁག་ལུ་ སྙན་ཞུ་འབད་ཡོད་རུང་ ཁྱད་པར་ཅིག་ག་ནི་ཡང་མ་བཟོ་ཟེར་ཨིན་པས།
རྟ་ནག་ལུངམ་གི་ འཛུལ་སྒོ་ནང་ལས་ ཕྱི་མི་ནང་སྐྱོད་འགོ་དཔོན་ཅིག་གིས་སླབ་མིའི་ནང་ དཀོན་མཆོག་རྡོ་རྗེ་གིས་ ལས་མི་བྱོག་སོང་བའི་སྐོར་ལས་ སྙན་ཞུ་འབད་ཡོདཔ་ཨིན་རུང་ ད་ཚུན་ ལས་མི་བྱོག་འགྱོ་མི་ག་ཡང་ བདའ་མ་ཟུན་ཟེར་ཨིནམ་ད་ ཁོ་གིས་སླབ་མིའི་ནང་ མ་གཞི་ ཕྱི་མི་ཚུ་སྣུམ་འཁོར་ག་གིས་འབག་རུང་ དེད་གཡོགཔ་ཚུ་གིས་ ཐོ་བཀོད་འབད་དོ་ཡོདཔ་ལས་ ཕུན་ཚོགས་གླིང་ཁ་ཐུག་ལུ་འགྱོ་མི་སྣུམ་འཁོར་ཚུ་ནང་ ཕྱི་མི་ཡོད་པ་ཅིན་ ཁོང་ར་གིས་སྦེ་ ཐོ་བཀོད་འབདཝ་ཨིན་རུང་ གཞན་མི་ཚུ་བཀག་ཆ་མེདཔ་ལས་ ཡང་ཅིན་ ལ་ལུ་ཅིག་གིས་ ཐོ་བཀོད་མ་འབད་བར་ འབག་འགྱོ་དོ་འོང་ག་ཡང་ མི་ཤེས་ཟེར་བཤད་ཅི།
གནས་ཚུལ་སྙན་ཞུ་ཚུ་དང་འཁྲིལཝ་ད་ ལས་མི་ལ་ལུ་ཅིག་གིས་ སྔོན་བྱིན་མ་དངུལ་ལེན་ཞིནམ་ལས་ བྱོག་སོང་ཡོདཔ་སྦེ་ སྙན་ཞུ་འབད་མི་ཡང་ཡོདཔ་ཨིན་རུང་ གནད་དོན་ལ་ལུ་ཅིག་ནང་ ཕྱི་མི་ཚུ་ལུ་ ཁག་འབག་སྦྱིན་བདག་གིས་ ལས་མིའི་གླ་ཆ་མ་སྤྲོད་པར་བཞག་པའི་ སྙན་ཞུ་ཚུ་ཡང་ བརྡ་བརྒྱུད་གསར་ཤོག་ཚུ་ནང་ གསལ་བཀོད་འབད་དེ་འདུག་ཟེར་ཨིན་པས།
 དཀོན་མཆོག་རྡོ་རྗེ་གིས་འབད་བ་ཅིན་ ལས་མི་དེ་ཚུ་གིས་ བྱོག་འགྱོཝ་མེན་པར་ སྔོན་བྱིན་ལེན་ཞིནམ་ལས་བྱོག་འགྱོ་དོ་ཡོདཔ་ལས་ འཕྲོག་བཅོམ་འབད་དོ་བཟུམ་ཅིག་ཨིན་མས་ཟེར་བཤདཔ་ཨིན་རུང་ ལས་མི་དེ་ཚུ་ གནད་དོན་ག་ཅི་ལུ་བརྟེན་བྱོག་འགྱོ་ཡི་ག་ ཁ་གསལ་མ་ཤེསཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment