གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གློག་བརྙན་ཚོགས་པ་དང་ ཆ་རོགས་ལེགས་ཤོམ་སྡེ་ཚན་༢ ཀྱིས་ འཕྲོ་མཐུད་རྩེད་འགྲན་འབད་ནི།

༡༥/༦/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་སྦེ་ འབྲུག་གློག་བརྙན་ཚོགས་པ་དང་ ཆ་རོགས་ལེགས་ཤོམ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཆ་རོགས་ལེགས་ཤོམ་གིས་ སྐུགས་༡ ཆོད་རུང་ སྐུགས་༢ པ་དེ་ ག་གིས་ཡང་ ཆོད་མ་ཚུགསཔ་ལས་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི་ཨིན་པས།
འབྲུག་གློག་བརྙན་ཚོགས་པའི་སྡེ་ཚན་གྱིས་ བཀག་རེག་ཕོག་མི་ལུ་ དགའ་ཚོར་བསྐྱེད་པའི་བསྒང་།


སྐོར་ཐེངས་༣ པའི་ནང་ ཆ་རོགས་ལེགས་ཤོམ་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་གིས་ བཀག་རེག་༡༠ ལྷགཔ་ཅིག་ཕོག་ཡོདཔ་ལས་ སྐུགས་ཆོད་ནི་འབད་སྡོད་པའི་སྐབས་ འབྲུག་གློག་བརྙན་ཚོགས་པའི་རྩེད་འགྲན་པ་ མ་སྦེ་སྡོད་མི་ ཀུན་ལེགས་ཚེ་རིང་གིས་ དོབ་སྦྱེལ་དང་ གཞན་མི་ཚུ་གིས་ བཀག་རེག་༣ རྐྱབ་སྟེ་ སྐུགས་བཏོག་བཏང་ཡོདཔ་ཨིན་པས།
ཨིན་རུང་ སྐོར་ཐེངས་༥ པའི་ནང་ ཆ་རོགས་ལེགས་ཤོམ་གྱིས་ སྐུགས་ཆོད་བཏངམ་ད་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་༩ ལས་བརྒལ་ཐོབ་མ་ཚུགསཔ་བཞིན་དུ་ ཕྱི་རུའི་ཆུ་ཚོད་༦ ཚུན་ རྩེད་འགྲན་འབདཝ་ད་ ཆ་རོགས་ལེགས་ཤོམ་སྡེ་ཚན་གྱིས་ བཀག་རེག་གཅིག་ཤུལ་གཉིས་སྦེ་རྐྱབ་སྟེ་ སྐུགས་ཆོད་ནི་སྦེ་ སྡོད་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་ཆོད་མ་བཅུག་པར་ བཀག་རེག་༣ དེ་ཅིག་བཏོག་བཏངམ་ལས་ སྐུགས་༢༡ ལས་བརྒལ་ཐོབ་མ་ཚུགས་པའི་སྐབས་ འབྲུག་གློག་བརྙན་གྱིས་ སྐུགས་༡༨ ཐོབ་ཅི།
ཆ་རོགས་ལེགས་ཤོམ་སྡེ་ཚན་གྱི་ སྡེ་ཚན་འགོ་ཁྲིདཔ་ ལེགས་སྐྱིད་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ གཞན་དལ་གཞི་ འབྲུག་མདའ་རྩེད་ཚོགས་པ་གིས་ ཁ་ཙ་ཕྱི་རུ་ར་ སྐོར་ཐེངས་༡ དེ་ཅིག་ རྩེད་འགྲན་འབད་བཏུབ་འདྲཝ་འབད་བ་ཅིན་ སྐུགས་༢ པམ་དེ་ཡང་ ཆོད་ཚུགས་ནི་ཨིན་རུང་ སྡེ་ཚན་གྱིས་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནིའི་དོན་ལུ་ བཞག་ཅི་ཟེར་ཨིན་པས།
འབྲུག་གློག་བརྙན་ཚོགས་པའི་ རྩེད་འགྲན་འགོ་ཁྲིདཔ་ པདྨ་རིག་འཛིན་གྱིས་ འབད་བ་ཅིན་ ཕྱི་རུ་རྩེད་འགྲན་འབད་ནིའི་ དུས་ཡུན་ཚང་སོ་རུང་ ད་རུང་ སྐོར་ཐེངས་༡ རྩེད་འགྲན་འབད་གེ་ཟེར་ བྱང་ཕྱད་སྡེ་ཚན་གྱིས་ སླབ་པའི་སྐབས་ལུ་ སྐོར་ཐེངས་དེ་ནང་ ཆོད་མ་ཚུགས་པ་ཅིན་ དུས་ཚོད་འཕྲོ་བརླག་གཏང་ནི་ཅིག་ལས་མི་འོང་ཟེར་མནོ་སྟེ་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི་སྦེ་ བཞག་ཅི་ཟེར་ཨིན་པས།
བྱང་ཕྱད་སྡེ་ཚན་གྱིས་ སྐུགས་ཆོད་ལུ་ ད་རུང་སྐུགས་༤ དགོཔ་ད་ འབྲུག་གློག་བརྙན་ཚོགས་པ་གིས་ སྐུགས་ཆོད་ནི་ལུ་ སྐུགས་༨ དགོཔ་ལས་ རྩེད་འགྲན་འཕྲོ་མཐུད་འབད་ནི་སྦེ་ བཞག་ཡོདཔ་ཨིན་པས།
འབྲུག་གློག་བརྙན་ཚོགས་པ་ལས་ ཕུར་པ་རྡོ་རྗེ་གིས་ འབད་བ་ཅིན་ ཧེ་མ་ལས་ ཉམས་མྱོང་ཡོད་མི་ རྩེད་འགྲན་པ་ཚུ་ སྡེ་ཚན་ནང་ཡོདཔ་ལས་ ག་གིས་རྒྱལ་ཁ་འཐོབ་ཚུགས་ག་ སླབ་མ་ཚུགསཔ་ལས་ ད་རིས་འཕྲོ་མཐུད་རྩེད་འགྲན་འབདཝ་མ་གཏོགས་ རྒྱལ་ཕམ་ཕྱེ་མི་ཚུགས་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment