གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ལས་ ཉིནམ་༣ གྱི་རིང་ རྩི་རང་དང་ དར་དཀར་ནང་རྫོང་ཁག་༢ ནང་ གློག་མེ་བཀག་ཆ་འབད་ཡོདཔ།

༨/༦/༢༠༡༣   ༉ ད་རིས་ལས་འགོ་བཙུགས་ཏེ་ རྩི་རང་དང་ དར་དཀར་ནང་རྫོང་ཁག་༢ ཀྱི་དོན་ལུ་ ཉིནམ་༣ གྱི་རིང་ གློག་མེའི་ཞབས་ཏོག་ བཏོགས་བཞག་ནི་ཨིན་མི་ལུ་བརྟེན་ གཞུང་གི་ཡིག་ཚང་ནང་ ལཱ་ཚུ་ཚུལ་མཐུན་འབད་མི་ཚུགས་ནི་དང་ བཞེས་སྒོ་འབད་ནི་དང་འབྲེལ་བའི་དཀའ་ངལ་ཚུ་འཐོན་ནིའི་ ཚ་གྱང་ཡོདཔ་ཨིན་པས།


འཕྲལ་ཁམས་ཅིག་ཁར་ ལཱ་གཡོག་ནང་འཛུལ་མི་ རྩི་རང་གི་ལས་འཛིན་གྱི་ ལས་གཡོགཔ་ཅིག་ཨིན་མི་རྡོ་རྗེ་ལུ་ མེ་རླུང་རྒྱ་རྫི་རྫོགས་སོ་རུང་ འབྲུག་མར་ཁུ་བཀྲམ་སྤེལ་ཁང་ནང་ རྒྱ་རྫི་སོར་ནི་མེད་མི་ལུ་བརྟེན་ བཞེས་སྒོ་ག་དེ་སྦེ་འབད་བཟའ་ནི་ཨིན་ནའི་སྐོར་ལས་ ཚ་གྱང་ལང་ཡོདཔ་ཨིན་པས།
གྲོང་གསེབ་ཚུ་ནང་སྡོད་མི་ མི་སེར་སོ་ནམ་པ་ཚུ་གིས་ ད་ཚུན་ བཞེས་སྒོ་ཚུ་ རའེསི་ཀུ་ཀར་དང་ ཀཱ་རི་ཀུ་ཀར་ཚུ་ནང་ བཞེས་སྒོ་འབད་ཡོད་མི་ཚུ་ ལོག་སྟེ་ར་ དང་ཕུའི་ལུགས་སྲོལ་ཐོག་ ཐབ་གུ་ལས་ ལྟོ་འབད་ཟ་ནིའི་འཆར་གཞི་ཡོད་རུང་ དར་དཀར་དཔལ་ལ་གི་ མི་སེར་སོ་ནམ་པ་ཚུ་བཟུམ་ཅིག་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་བཟོ་ཡོད་པའི་ རང་ལུགས་མེ་རླུང་ བ་ཡོ་གེསི་གི་ཐོག་ལས་ བཞེས་སྒོ་འབད་ཟ་ནི་ཨིནམ་ལས་ དཀའ་ངལ་མི་འཐོན་ནི་ཨིན་པས།
རྩི་རང་ལུ་ ཡོད་པའི་འབྲུག་གི་དངུལ་ཁང་གིས་ རེས་གཟའ་ཉི་མ་ཨ་རྟག་ར་ ཉིན་ཕྱེད་ཀྱི་རིང་ ཚོང་མགྲོནཔ་ཚུ་ལུ་ བསྐྱིན་འགྲུལ་གྱི་ཞབས་ཏོག་བྱིན་སྲོལ་ཡོད་རུང་ གློག་མེའི་མཐུན་རྐྱེན་མེད་པ་ཅིན་ སྒོ་བསྡམ་བཞག་ནི་ཨིན་པས།
ཨིན་རུང་ རེས་གཟའ་མིག་དམར་གྱི་ ཕྱི་རུ་གློག་མེ་ལྷོདཔ་ད་ དུས་ཡུན་ཆུ་ཚོད་ཕྱེད་དང་༢ ཀྱི་རིང་ དུས་ཐེབས་བཏོན་ཏེ་ ཞབས་ཏོག་བྱིན་ནིའི་ འཆར་གཞི་ཡོདཔ་ཨིན་པས།
གློག་མེ་མེད་མི་ལུ་བརྟེན་ དངུལ་ཁང་ཚུ་ལུ་ ཐོ་ཕོག་དོ་ཡོདཔ་ད་ དར་དཀར་ནང་ འབྲུག་ཉེན་བཅོལ་ལས་འཛིན་ནང་ ཚོང་མགྲོནཔ་ཚུ་གི་ རང་སོའི་ཉེན་སྲུང་དང་ སྣུམ་འཁོར་ཉེན་སྲུང་གི་ཉེན་བཅོལ་འཐུས་རིམ་ཚུ་ སྤྲོད་པར་འོང་པ་ཅིན་ ལག་བྲིས་ཤོག་འཛིན་ཚུ་བྱིན་ཏེ་ འཐུས་ཚུ་བསྡུ་ལེན་འབད་ནི་ཨིན་རུང་ བསྐྱིན་འགྲུལ་དང་འབྲེལ་བའི་ དངུལ་སྤྲོད་ལེན་གྱི་ལཱ་ཚུ་ གློག་མེ་མ་ལྷོད་ཚུན་ འབད་མི་ཚུགས་ཟེར་ ལས་འཛིན་གྱི་འཛིན་སྐྱོང་པ་ པདྨ་དབང་ཕྱུག་གིས་ སླབ་ཨིན་པས།
རྩི་རང་ འབྲུག་རྒྱལ་ཡོངས་དངུལ་ཁང་འགོ་དཔོན་ཚུ་གིས་ གློ་བུར་གྱི་དོན་ལུ་ ལྷན་ཐབས་འཕྲུལ་ལྟོ་ཡོདཔ་ལས་ ཞབས་ཏོག་ལུ་ ཐོ་མི་ཕོག་ཟེར་ བཤདཔ་ཨིན་པས།
འབྲུག་གློག་མེ་ལས་འཛིན་གྱི་འགོ་དཔོན་ཚུ་དང་འཁྲིལཝ་ད་ གློག་མེ་དེ་ ཉིནམ་༣ གྱི་རིང་ དྲོ་པའི་ཆུ་ཚོད་༨ ལས་ ཕྱི་རུའི་ཆུ་ཚོད་༦ ཚུན་ བཀག་ཆ་འབད་བཞག་ནི་ཨིན་རུང་ ཕྱི་རུ་ ཨ་རྟག་ཧར་ལུགས་སྦེ་ར་ བཏང་འོང་ཟེར་ཨིན་པས།
འདི་བཟུམ་སྦེ་ གློག་མེ་བཀག་ཆ་འབད་དགོ་མི་དེ་ཡང་ རུ་རི་ཆུ་གློག་མེ་ལས་འགུལ་ས་ཁོངས་ནང་ གློག་ཐག་གི་ཤུགས་ཚད་དེ་ ད་ལྟོ་ ཀེ་བི་༦༦ ཡོད་མི་ལས་ ཀེ་བི་༢༢༠ ལུ་ རྒྱ་བསྐྱེད་གཏང་ནིའི་དོན་ལུ་ མཐའ་བཅད་ཀྱི་ལཱ་དེ་ འཕྲོ་མཐུད་འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
རྒྱ་བསྐྱེད་ཀྱི་ལཱ་ཚུ་ མཇུག་བསྡུ་བའི་ཤུལ་ལས་ ཤར་དང་ ནུབ་ཀྱི་གློག་རྒྱུན་ཚུ་ མཐུད་ནིའི་དོན་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།
ཤར་དང་ ནུབ་ཀྱི་གློག་རྒྱུན་ཚུ་ཡང་ ད་རེས་ནངས་པ་ རྐྱབ་པའི་བསྒང་ཡོད་མི་ རྩི་རང་དར་རྒྱས་དང་ དགེ་ལེགས་ཕུག་ འཇིགས་མེད་གླིང་གི་ ཡན་ལག་ ནུས་ཤུགས་ཁང་༢ མཇུག་བསྡུ་བའི་ཤུལ་ལུ་ འབད་ཚུགས་ནི་ཨིན་པས།
ཡན་ལག་ནུས་ཤུགས་ཁང་༢ ཀྱི་ བཟོ་སྐྲུན་གྱི་ལཱ་ཚུ་ཡང་ སྤྱི་ཟླ་༦ པའི་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment