གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དུས་ཡོལ་གྱི་ཚོང་ཆས་ཚུ་ འཛིན་བཟུང་འབད་ཡོདཔ།

༨/༦/༢༠༡༣   ༉ དབང་འདུས་རྫོང་ཁག་གི་ འབྲུག་བཟའ་ཆས་དང་ ཁྲིམས་དོན་དབང་འཛིན་གྱིས་ སྤྱི་ཟླ་༦ པའི་ཚེས་༥ ལུ་ སྤུ་ན་ཁ་ལས་ ཀི་ལོ་མི་ཊར་༡༨ དེ་ཅིག་གི་ས་ཁར་ བསམ་སྡིངས་ཁ་ལུ་ཡོད་མི་ ཚོང་དཔོན་༨ ལས་ རིན་གོང་དངུལ་ཀྲམ་༢༠༠༠༠ དེ་ཅིག་གནས་པའི་ ཨ་ལུའི་ ཧ་གིསི་ འཕྱོག་བཟུང་འབད་ཡོདཔ་ཨིན་པས།


དེ་ཡང་ འབྲུག་བཟའ་ཆས་དང་ཁྲིམས་དོན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨ་ལུ་གི་ ཧ་གིསི་ཚུ་ཡང་ ལག་ལེན་འཐབ་ནིའི་ ཚེས་གྲངས་འབྱིད་ཡོད་རུང་ ཚོང་དཔོན་ཚུ་གིས་ བཙོང་ནིའི་དོན་ལུ་ ཚོང་ཁང་ནང་བཞག་སྟེ་ཡོདཔ་ལས་ ཁོང་གིས་ དུས་རྒྱུན་གྱི་ བརྟག་ཞིབ་འབད་བར་འགྱོ་བའི་སྐབས་ བདའ་ཟུན་ཏེ་ འཕྱོག་བཟུང་འབད་ཡི་ཟེར་ཨིན་པས།
མོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཚོང་ཁང་དེ་ཚུ་ནང་ ཞིབ་དཔྱད་འབད་བའི་སྐབས་ བསྡོམས་ཀྱིས་ ཧ་གིསི་སྒམ་༢༠ དེ་ཅིག་ དུས་ཡོལ་ཡོདཔ་ལས་ ཁྲིམས་ལུགས་དང་འཁྲིལ་ འཕྱོག་བཟུང་འབད་དེ་ ཁུ་རུ་ཐང་ལུ་ཡོད་མི་ རྫས་སྦྱོར་དང་ལྡན་པའི་ དོང་ནང་བཙུགས་ཅི་ཟེར་ཨིན་པས།
དེ་བཟུམ་མའི་དཀའ་ངལ་ཚུ་ འཕྲལ་འཕྲལ་སྦེ་ར་ ཐོན་དོ་ཡོད་རུང་ ཚོང་དཔོན་དེ་ཚུ་ལུ་ འགོ་དཔོན་ཚུ་གིས་ ཉེན་བརྡ་མཇུག་སྦེ་ བྱིན་ཏེ་ ཉེས་བྱ་ཚུ་ མ་བཀལ་ཟེར་ཨིན་རུང་ གལ་སྲིད་ ད་རུང་ དེ་བཟུམ་འབད་བ་ཅིན་ ཉེས་བྱ་དང་ ཉེས་ཁྲིམས་ཚུ་ ཡངས་ཆག་མེད་པར་ བཀལ་ནི་ཨིན་ཟེར་བཤད་ཅི།
ས་གནས་དེ་ནང་གི་ ཚོང་དཔོན་ཚུ་གིས་ ཅ་ལ་དེ་མེདཔ་མ་ཐལཝ་ལས་ བཙོང་རུང་མ་བཏུབ་མེདཔ་བཟུམ་ མཐོངམ་མས་ཟེར་ཨིན་རུང་ འབྲུག་བཟའ་ཆས་དང་ ཁྲིམས་དོན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ ལག་ལེན་གྱི་ ཚེས་གྲངས་འབྱིད་ཡོདཔ་ལས་ དེ་གིས་ ཨ་ལུ་ཆུང་ཀུ་ཚུ་གི་ གཟུགས་ཁར་ སྤོ་རོ་ཐོན་ནི་གི་ ཉེན་ཁ་སྦོམ་ཡོད་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ ཚེས་གྲངས་ཐལ་ཡོད་པའི་ ཅ་ལ་ཚུ་ ཚོང་དཔོན་ཚུ་གིས་ ཤེས་ཏེ་འབད་རུང་ ཁོང་གིས་མ་མཐོང་ཚུན་ བཙོང་དོ་ཡོདཔ་ལས་ མི་ལུ་ཉེན་ཁ་ཡོད་མི་དེ་ཡང་ ཚེས་གྲངས་འབྱིད་མིའི་ཅ་ལ་དེ་ དུས་ཚོད་རྫོགས་པའི་རྟགས་ཨིནམ་ལས་ སྤྱོད་དེ་འབད་རུང་ གནོད་པ་མང་སུ་ འོང་ཉེན་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ ཚོང་ཉོ་མི་ཚུ་གིས་འབད་རུང་ ཚོང་ཉོ་བའི་སྐབས་ ཚེས་གྲངས་ལྟ་དགོཔ་དེ་ ག་ནི་བ་ཁག་ཆེ་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཨིན་རུང་ ཚོང་ཉོ་མི་ཚུ་གིས་འབད་བ་ཅིན་ ཅ་ལ་ ལ་ལུ་ཅིག་ ཚེས་གྲངས་ཚུ་ ཁ་གསལ་སྦེ་ བྲིས་ཏེ་མེད་པའི་ཁར་ ལ་ལུ་ཅིག་ ཕྱི་རྒྱལ་གྱི་ཁ་སྐད་ནང་ བྲིས་ཏེ་ཡོདཔ་ལས་ ལྷག་མ་ཚུགས་མི་ལུ་བརྟེན་ ཚེས་གྲངས་ཐལ་མི་ཚུ་ མ་ཤེས་པར་ ཉོ་སྟེ་ འོངམ་མས་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment