གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤ་རོ་ལུ་ ཨ་རྟག་དང་མ་འདྲ་བའི་གཟན་དོམ་ཐོན་དོ་ཡོདཔ།

༨/༦/༢༠༡༣   ༉ གནམ་བྱཱར་གྱི་ ཆརཔ་རྐྱབ་ཞིནམ་ལས་ ཁྱིམ་གྱི་མཐའ་འཁོར་ལས་ཕར་ ཆུ་ཁམས་ལོག་སི་སི་འཁྱིལ་མི་དང་ མཐའ་འཁོར་གཙང་སྦྲ་དང་ལྡནམ་སྦེ་ མ་བཞག་མི་ལུ་བརྟེན་ སྤ་རོ་ལུ་ གཟན་དོམ་གྱི་གྱངས་ཁ་དེ་ ན་ཧིང་དང་ཕྱདཔ་ད་ དུས་ཅི་ ཡར་སེང་སོང་ནུག་ཟེར་ ས་གནས་ཀྱི་ མི་སེར་ཚུ་གིས་ བཤདཔ་ཨིན་པས།


སྤ་རོ་བོང་སྡེ་ལས་ སྒེར་སྡེ་ཅིག་ནང་ལཱ་འབད་མི་ ཚེ་རིང་རྒྱལ་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ས་ཁ་དམའ་ས་ལས་ཕར་ དྲོད་ཡོད་ནི་དེ་གིས་ གཟན་དོམ་འོང་དོ་བཟུམ་སྦེ་ སྤ་རོ་ལུ་ཡང་ གཟན་དོམ་ལེ་ཤ་འོངམ་མས་ཟེར་ཨིན་པས།
ཚེ་རིང་རྒྱལ་མོ་གིས་ ནུབ་མོ་མ་ཉལ་བའི་ཧེ་མར་ གཟན་དོམ་མི་འོང་ནིའི་དོན་ལུ་ སྤོས་བཏེགས་དོ་ཡོདཔ་བཞིན་དུ་ མོ་གིས་ གོ་དོ་བཟུམ་འབད་བ་ཅིན་ སྤོས་ཀྱི་དུ་པ་གིས་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་པ་སྦོམ་ཡོད་ཟེར་ཨིན་པས།
ཨིན་རུང་ གཟན་དོམ་ལུ་བརྟེན་པའི་ ནད་གཞི་ཚུ་ མོ་རའི་ བཟའ་ཚང་ནང་མི་ཚུ་ལུ་ བཀྲམ་སྤེལ་མི་འགྱོ་ནིའི་དོན་ལུ་ སྤོས་དེ་ར་ ལག་ལེན་འཐབ་དོ་ཟེར་ཨིན་པས།
སྤ་རོ་རྫོང་ཁག་གི་ གསོ་བའི་འགོ་དཔོན་ བདེ་ཆེན་མོ་གིས་ ཀུན་གསལ་ལུ་ བཤད་མི་དང་འཁྲིལཝ་ད་ སྤ་རོ་ལུ་ གནམ་བྱཱར་གྱི་སྐབས་ལུ་ གཟན་དོམ་འོངམ་ཨིན་ཟེར་ཨིན་པས།
ད་ལྟོའི་ དུས་ཚོད་ནང་འབད་བ་ཅིན་ ཆརཔ་རྐྱབ་མི་ལུ་བརྟེན་ཏེ་ ཁྱིམ་གྱི་ མཐའ་འཁོར་ལས་ཕར་ ཆུ་ཁམས་ལོག་སི་སི་འཁྱིལ་སྡོད་མི་དང་ མི་སེར་སོ་ནམ་པ་ཚུ་ ལྕང་ལཱ་རྐྱབ་པའི་ དུས་ཚོད་འབད་ནི་དེ་གི་ གཟན་དོམ་ཚུ་ ལེ་ཤ་འོངམ་མས་ཟེར་ཨིན་པས།
ཨིན་རུང་ གཟན་དོམ་ལུ་བརྟེན་པའི་ ཚད་ནད་ཐོབ་པའི་ལོ་རྒྱུས་དེ་ ད་ལྟོ་ ཕུད་རྡོག་༡ ཡང་ གོ་གོཝ་མེད་ཨིན་ཟེར་ཨིན་པས།
མི་སེར་སོ་ནམ་པ་ཅིག་ཨིན་མི་ ཀརྨ་རྒྱལ་མཚན་གྱིས་འབད་བ་ཅིན་ ལོ་ངོ་དག་པ་ཅིག་གི་ ཧེ་མ་འབད་བ་ཅིན་ སྤ་རོ་ལུ་ ད་རེས་བཟུམ་སྦེ་ གཟན་དོམ་ལེ་ཤ་ ཐོན་ནི་མེད་ཟེར་ཨིན་པས།
ཨིན་རུང་ ལོ་༢ དེ་ཅིག་གི་ཧེ་མ་ལས་ གཟན་དོམ་འོང་ནི་ འགོ་བཙུགས་ཡོདཔ་ལས་ དེ་ལུ་བརྟེན་པའི་ནད་གཞི་ཚུ་ མི་ཐོབ་ག་ཟེར་བའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།
མ་གཞི་ གསོ་བའི་ཁ་ཐུག་ལས་ མཐའ་འཁོར་གཙང་སྦྲ་དང་ལྡནམ་སྦེ་ བཞག་དགོ་ཟེར་ རྒྱང་མཐོང་དང་ གསར་ཤོག་ དེ་ལས་ རྒྱང་བསྒྲགས་ཚུ་ནང་ བྱིན་ནི་འདུག་ཟེར་ ཀརྨ་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།
དེ་འབདཝ་ད་ སྡོད་ས་གཡུས་ཁར་འབདཝ་ད་ ཉིནམ་ཨ་རྟག་ར་ སོ་ནམ་གྱི་ལཱ་འབད་དགོ་ནི་དེ་གིས་ གཙང་སྦྲ་དང་ ལྡན་ཏོག་ཏོ་སྦེ་ སྡོད་ནི་དེ་ཡང་ ལཱ་ཁག་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ཁོ་གི་ བཟའ་ཚང་ནང་མི་ཚུ་ ཚད་ནད་ཐོབ་ཐོབ་མེད་དེ་འབད་རུང་ གཟན་དོམ་རྒྱུན་མ་ཆད་པ་ར་ འོང་པ་ཅིན་ ནད་གཞི་འཐོབ་ནི་གི་ ཉེན་ཁ་འདུག་ཟེར་ཨིན་པས།
ཀུན་གསལ་གྱིས་ གསོ་བའི་མཁས་མཆོག་ཚུ་དང་ འབྲེལ་བ་འཐབ་མ་ཚུགས་ཏེ་འབད་རུང་ རྫོང་ཁག་གསོ་བའི་འགོ་དཔོན་གྱིས་ འབད་བ་ཅིན་ མི་སེར་ཚུ་ གཟན་དོམ་ལུ་བརྟེན་པའི་ ཚད་ནད་མི་འཐོབ་ནིའི་དོན་ལུ་ ཐབས་ཤེས་བཏོན་དགོཔ་དེ་ ཁག་ཆེ་ཟེར་བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment