གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་གྲུབ་ལྗོངས་མཁར་གྱི་མི་སེར་ཚུ་ སྤྱིར་བཏང་ཚོགས་རྒྱན་བཙུགས་ནི་ལུ་ མགུ་འཐོམ་དོ་ཡོདཔ།

༨/༦/༢༠༡༣   ༉ རྒྱབ་སྐྱོར་འབད་མི་ཚོགས་པ་དེ་ འགོ་ཐོག་བཙག་འཐུའི་ནང་ལས་ར་ ཕམ་སོཔ་ལས་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་འོག་གི་ ཨོ་རོང་རྒེད་འོག་ ཕི་ལུ་མ་གཡུས་ཚན་གྱི་ མི་སེར་ཚུ་ སྲིད་དོན་ཚོགས་པ་ག་ལུ་ རྒྱབ་སྐྱོར་འབད་བ་ཅིན་ དྲག་ག་ཟེར་བའི་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས།


དེ་ཡང་ གཡུས་དེ་ཁའི་མི་སེར་ཚུ་གིས་ འདས་པའི་གཞུང་སྐྱོང་ཚོགས་པའི་ བདེ་བ་ཐང་- སྒོམ་དར་འདེམས་ཁོངས་ཀྱི་ འདེམས་ངོ་ ཨོ་རྒྱན་རྡོ་རྗེ་གི་ ཁས་བླངས་ལུ་ལྟ་སྟེ་ རྒྱབ་སྐྱོར་འབད་ཡོད་རུང་ འདེམས་ངོ་དེ་གིས་ ཁས་བླངས་འབད་མིའི་ལཱ་ཚུ་ ག་ནི་ཡང་ འབད་མ་བཏུབ་པར་ བཞག་ཡོདཔ་ལས་ སེམས་དང་མ་ལྡན་པར་ཡོདཔ་ཨིན་པས།
ཨིན་རུང་ ཁོང་མི་སེར་ཚུ་གིས་ ཚོགས་པ་གསརཔ་ཅིག་ལུ་ རྒྱབ་སྐྱོར་འབད་བ་ཅིན་ དྲག་ནི་མས་མནོ་སྟེ་ འགོ་ཐོག་བཙག་འཐུ་སྐབས་ ཚོགས་པ་གསརཔ་ཅིག་ལུ་ རྒྱབ་སྐྱོར་འབད་ཡོད་རུང་ ཚོགས་པ་དེ་ མཐར་འཁྱོལ་བྱུང་མ་ཚུགསཔ་ལས་ མི་སེར་ཚུ་ དོགས་པའི་ནང་ ལུས་ཡོདཔ་ཨིན་པས།
གཡུས་མི་རྒས་ཤོས་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གིས་ རྒྱབ་སྐྱོར་འབད་མི་ འདེམས་ངོ་ལུ་ བློ་གཏད་མ་ཚུགསཔ་ཐལ་ཡོད་པའི་ཁར་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་དེ་གིས་ཡང་ རྒྱལ་ཁ་ཐོབ་ནི་དེ་ ཁོང་ཚུ་ལུ་ དོགས་པ་ཡོདཔ་ལས་ ག་ལུ་ རྒྱབ་སྐྱོར་འབད་ནི་ཨིན་ན་ཟེར་བའི་སྐོར་ལས་ གཡུས་ཚན་ཆུང་ཀུ་དེ་ནང་ འཕྲལ་འཕྲལ་སྦེ་ར་ གཡུས་མི་གོ་ཤེས་ཉན་ཤེས་ཚུ་དང་གཅིག་ཁར་ གྲོས་འཛོམས་འབད་དོ་ཡོདཔ་ཨིན་པས།
ཚོགས་པ་རིག་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོ་ར་ ཚོགས་པ་ཅིག་འབད་ནི་དེ་གིས་ རྒེད་འོག་བདག་སྐྱོང་གིས་ ག་ལུ་ རྒྱབ་སྐྱོར་འབད་དགོཔ་ཨིན་ནའི་སྐོར་ལས་ མི་སེར་དང་གཅིག་ཁར་ གྲོས་བསྟུན་འབད་མ་ཆོགཔ་སྦེ་ སླབ་ཡོདཔ་ལས་ ཁོ་ར་ཡང་ ག་དེ་སྦེ་ འབད་ནི་ཨིན་ན་མ་ཤེས་པར་ མགུ་འཐོམ་བྱུང་ཡོད་ཟེར་ཨིན་པས།
མི་སེར་ཚུ་འཛོམས་ཐོག་ལས་ ལོ་རྒྱུས་ཐོནམ་ད་ ཁོ་གིས་ ཉན་སྡོད་དོ་ཡོད་རུང་ གཞན་ག་ནི་ཡང་ འབད་ཐབས་མིན་འདུག་ཟེར་ཨིནམ་ལས་ མི་སེར་ཚུ་གིས་ ཚོགས་པ་ལེགས་ཤོམ་དེ་ར་ གདམ་ཁ་རྐྱབ་ནི་གི་ རེ་བ་ཡོད་ཟེར་ཨིན་པས།
གཡུས་ཚན་དེ་ནང་ལས་ ཆོས་སྐུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཉེ་འདབས་ལུ་ཡོད་པའི་ ཝུ་གླིང་ གཡུས་ཚན་ལས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཐོན་ཡོད་མི་ལུ་ རྒྱབ་སྐྱོར་འབད་དེ་ ལྡོག་ཕྱོགས་ཀྱི་ གོ་སྐབས་ཡོད་པའི་ཚོར་སྣང་བྱུང་རུང་ འགོ་ཐོག་བཙག་འཐུ་ནང་ལས་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་ལེགས་ཤོམ་ཅིག་ཐོབ་མ་ཚུགསཔ་ལས་ ད་རུང་ཡང་ ཕམ་སོ་པ་ཅིན་ ཧེ་མའི་འདེམས་ངོ་རྙིངམ་ར་ འོང་ནི་ཨིན་མས་ཟེར་ཨིན་པས།
ཧེ་མའི་འདེམས་ངོ་གིས་ ཁས་བླངས་ཚུ་ ལེ་ཤ་འབད་ཡོད་རུང་ ལོ་ལྔའི་ནང་འཁོད་ལུ་ གཡུས་ཚན་གྱི་དོན་ལུ་ ཕན་ཐོགས་ཡོད་པའི་ ཞབས་ཏོག་ག་ནི་ཡང་ མ་བྱིན་ཟེར་ གཡུས་མི་ཚུ་གིས་ བཤད་ཅི།
གཡུས་དེ་ རྒེད་འོག་གི་མཐའ་ཟུར་ནང་ཡོད་ནི་དེ་གིས་ འདས་པའི་ལོ་ནང་ གློག་མེའི་མཐུན་རྐྱེན་ལྷོད་ཡོད་རུང་ རྫོང་ཁག་ནང་ མཇུག་བཟུམ་ཅིག་སྦེ་ ཐོབ་ཡོདཔ་ལས་ གཡུས་མི་ཚུ་ལུ་ སོ་ནམ་ཞིང་ལམ་དེ་ དགོཔ་ཁག་ཆེ་བའི་སྐོར་ལས་ ཁས་བླངས་འབད་མི་ལུ་ རྒྱབ་སྐྱོར་འཐོབ་ནི་བཟུམ་ཡོདཔ་ཨིན་པས།
ཧེ་མའི་འདེམས་ངོ་ལུ་ བློ་གཏད་མ་ཚུགསཔ་ལས་ གཡུས་མི་ཚུ་གིས་ འདེམས་ཁོངས་དེ་གི་འདེམས་ངོ་དེ་ སོར་ཚུགས་པ་ཅིན་ ཁོང་གིས་ རྒྱབ་སྐྱོར་བྱིན་ནི་གི་ འཆར་གཞི་ཡོད་ཟེར་ཨིནམ་ལས་ འཕྲལ་འགྱོགས་ར་ བློན་ཆེན་བགྲེསཔ་དང་གཅིག་ཁར་ བསམ་གྲུབ་ལྗོངས་མཁར་ལུ་ གྲོས་འཛོམས་འབད་ནི་ཨིནམ་ལས་ དེ་སྐབས་ གསལ་ཞུ་འབད་ནི་གི་རེ་བ་ བསྐྱེད་དོ་ཡོདཔ་ཨིན་པས།
གཡུས་དེ་ནང་ ཁྱིམ་གུང་༥༠ ལྷགཔ་ཅིག་ལས་མེད་པའི་ཁར་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༢༥༠ དེ་ཅིག་ལས་ མེད་ནི་དེ་གིས་ རྒེད་འོག་གོང་འཕེལ་གྱི་ཞབས་ཏོག་མང་ཤོས་ར་ ཐོབ་མི་ཚུགསཔ་ཨིན་པས།
མི་སེར་མང་ཤོས་ར་ འདས་པའི་འདེམས་ངོ་ལུ་ ཡིད་ཆེས་མེདཔ་ཐལ་སོཔ་ལས་ ཚོགས་པ་གསརཔ་ལུ་ རྒྱབ་སྐྱོར་འབད་ནིའི་ འཆར་གཞི་ཚུ་ འབད་དོ་ཡོདཔ་ཨིན་པས།
ཚོགས་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གཡུས་དེ་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༢༤༥ ཡོད་ས་ལས་ འདས་པའི་འགོ་ཐོག་བཙག་འཐུའི་སྐབས་ལུ་ བརྒྱ་ཆ་༥༠ གིས་ འབྲུག་མཉམ་རུབ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།
བདེ་བ་ཐང་- སྒོམ་དར་འདེམས་ཁོངས་ཀྱི་འདེམས་ངོ་ ཨོ་རྒྱན་རྡོ་རྗེ་གིས་ གཞུང་སྐྱོང་གི་ལོ་རྫོགས་ཁམས་ལུ་ མི་སེར་ཚུ་ལུ་ འོས་འབབ་མེད་པའི་ བསྒང་གཉིས་ཀྱི་བར་ན་ གིར་གླིང་གི་ཞབས་ཏོག་ བཙུགས་བྱིན་ནི་ཟེར་ སླབ་ཡོདཔ་ལས་ གཡུས་མི་ཚུ་གིས་ སོ་ནམ་ཞིང་ལམ་ར་ བཏོན་མ་ཚུགསཔ་ལས་ ཞབས་ཏོག་དེ་ མི་དགོ་ཟེར་ སླབ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment