༨/༦/༢༠༡༣ ༉ སྤྱི་ཟླ་༦ པའི་ཚེས་༦ གི་ཕྱི་རུ་ ཐིམ་ཕུ་ཁྲོམ་སྡེ་དང་ འབྲུག་ཨིསི་ཊར་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་འབདཝ་ད་ ཐིམ་ཕུ་ཁྲོམ་སྡེ་གིས་ རྒྱལ་ཁ་ཐོབ་ཡོདཔ་བཞིན་དུ་ ཨང་༢ པ་གཏན་འཁེལ་སོང་ཡོདཔ་ལས་ འགོ་འདྲེན་འཐབ་མི་ འཛིན་སྐྱོང་པ་དེ་ སེམས་དགའ་ཡོདཔ་ཨིན་པས།
དེ་ཡང་ ཐིམ་ཕུ་ཁྲོམ་སྡེའི་འཛིན་སྐྱོང་པ་ ཡེ་ཤེས་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ ཐིམ་ཕུ་ལིག་སྐོར་ཐེངས་༢ པའི་ནང་ཡང་ སྡེ་ཚན་དེ་གིས་ འབྲུག་ཨིསི་ཊར་སྡེ་ཚན་ལུ་ གཱོལ་༣ བཙུགས་ཏེ་ རྒྱལ་ཁ་ཐོབ་ཡོདཔ་ལས་ སྤྱི་ལོ་༢༠༡༣ ནང་ སྡེ་ཚན་གྱིས་ ཐིམ་ཕུ་ ལིག་ཕུཊ་བཱོལ་འགྲན་བསྡུར་ལས་ ཨང་༢ པ་འཐོབ་ནི་ལུ་ གཏན་འཁེལ་སོང་ཡོདཔ་ལས་ ད་ལས་ཕར་ ཚ་གྱང་ལང་དགོཔ་མེད་ཟེར་ ཨིན་པས།
དེ་འབདཝ་ད་ འབྲུག་ཨིསི་ཊར་སྡེ་ཚན་གྱི་འཛིན་སྐྱོང་པ་ བཀྲིས་དབང་ཕྱུག་ལུ་ སེམས་ཕམ་དགོཔ་སྦོམ་བྱུང་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ སྡེ་ཚན་གྱིས་ གཞན་མི་སྡེ་ཚན་ལུ་ གཱོལ་བཙུགས་ནིའི་འོས་འབབ་དང་ གོ་སྐབས་ཐོབ་པའི་སྐབས་ རྩེད་འགྲན་འབད་མི་ཚུ་གིས་ ཚགས་ཁ་ཚུད་མ་ཚུགས་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
མ་གཞི་ རྩེད་འགྲན་འབད་མི་ལས་ རྒྱལ་ཁ་འཐོབ་ཚུགས་པའི་ རེ་བ་མེད་རུང་ གཱོལ་༢ དེ་ཅིག་བཙུགས་ཚུགས་པའི་ རེ་བ་སྦོམ་བསྐྱེད་ཅི་ཟེར་ཨིནམ་ད་ གལ་སྲིད་ ཐིམ་ཕུ་ཁྲོམ་སྡེ་ལས་ རྒྱལ་ཁ་འཐོབ་ཚུགས་པ་ཅིན་ སྡེ་ཚན་གྱིས་ ཨང་༣ པའི་ནང་ ལྷོད་ཚུགསཔ་འོང་ཟེར་ཨིན་པས།
བཀྲིས་དབང་ཕྱུག་གིས་ སྡེ་ཚན་གྱི་ རྩེད་འགྲན་འབད་མི་ཚུ་ག་ར་ ན་གཞོན་ཨིནམ་ལས་ བྱང་ཕྱད་སྡེ་ཚན་དང་ དོ་འགྲན་འབད་དེ་ རྩེད་འགྲན་འབད་མ་ཚུགས་པའི་སྐྱོན་དང་ སྤོབས་ དེ་ལས་ འདྲོག་བྱེལ་འཐབ་སྟེ་ རྩེད་འགྲན་འབད་ནི་ལུ་ བློ་སྤོབས་མིན་འདུག་ཟེར་ཨིན་པས།
ཨིན་རུང་ སང་ཕོད་ལས་ ཁོ་གི་རྩེད་འགྲན་འབད་མི་ཚུ་གིས་ ད་རེས་ཀྱི་རྩེད་འགྲན་བ་དྲགཔ་སྦེ་ དོ་འགྲན་འབད་ཚུགསཔ་མ་ཚད་ ཨང་༢ པ་དང་༣ པ་འཐོན་ཚུགས་ནིའི་དོན་ལུ་ སློབ་སྟོན་དང་ སྦྱོང་བརྡར་ཚུ་མ་བཏུབ་བཏུབ་སྦེ་ བྱིན་ནི་ཟེར་ སླབ་ཨིན་པས།
ཐིམ་ཕུ་ལིག་སྐོར་ཐེངས་༢ པའི་ནང་ ཡིད་འཛིན་སྡེ་ཚན་གྱིས་ སྐུགས་༡༣ ཐོབ་སྟེ་ ཨང་དང་པ་དང་ ཐིམ་ཕུ་ཁྲོམ་སྡེ་ ཨང་༢ པ་ རྫོང་རིགས་སྡེ་ཚན་ ཨང་༣ པ་ དེ་ལས་ འབྲུག་ཡུ་ནའི་ཊེཌ་སྡེ་ཚན་དང་ འབྲུག་ཨིསི་ཊར་སྡེ་ཚན་༢ སྐུགས་༤ འདྲན་འདྲ་ཡོདཔ་ཨིན་པས།
ད་རིས་ རྫོང་རིགས་དང་ འབྲུག་ཡུ་ནའི་ཊེཌ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།
ཐིམ་ཕུ་ཁྲོམ་སྡེ་དང་ འབྲུག་ཨིསི་ཊར་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་བསྒང་། |

བཀྲིས་ཕུན་ཚོགས།
No comments:
Post a Comment