གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་སྤྱིར་དབང་ཚོགས་པ་གིས་ སྤྱི་ལོ་༢༠༡༨ ལུ་ དོ་འགྲན་འབད་ནི་ཨིནམ།

༣/༦/༢༠༡༣    ༉ འབྲུག་སྤྱིར་དབང་ཚོགས་པ་གིས་ འགོ་ཐོག་བཙག་འཐུ་ནང་ལས་ ཚོགས་རྒྱན་ཉུང་ཤོས་ཐོབ་སྟེ་ འབྲུག་མཉམ་རུབ་ཚོགས་པ་དང་གཅིག་ཁར་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ནི་གི་ གོ་སྐབས་མ་ཐོབ་རུང་ ཚོགས་པ་གིས་ སྤྱི་ལོ་༢༠༡༨ ལུ་ དོ་འགྲན་འབད་ནིའི་དོན་ལས་ འཆར་གཞི་ཚུ་ བཟོ་ནི་གི་ དུས་ཚོད་ཐོབ་སྟེ་ཡོད་ཟེར་ བཤདཔ་ཨིན་པས།


འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ ཚོགས་པ་གིས་ རྒྱལ་ཁ་མ་ཐོབ་མི་ལུ་ སེམས་ཕམ་མ་བྱུང་པར་ ཧེང་སྐལ་ར་ དཔའ་མཉམ་ཡོད་ལུགས་ཚུ་ བཤད་ཡོད་རུང་ ཚོགས་པ་གིས་ འགོ་ཐོག་བཙག་འཐུ་ནང་ལས་ ཚོགས་རྒྱན་བསྡོམས་ཀྱིས་༡༢༠༠༠ ལྷགཔ་ཅིག་ལས་ ཐོབ་མ་ཚུགསཔ་ཨིནམ་ད་ དེ་ཡང་ འདེམས་ཁོངས་ ཕུད་རྡོག་གཅིག་ལས་ཡང་ རྒྱལ་ཁ་ཐོབ་མ་ཚུགསཔ་ཨིན་པས།
ལྷོ་ཐིམ་ཕུ་གི་འདེམས་ངོ་ ལི་ལི་དབང་ཕྱུག་གིས་ འདེམས་ཁོངས་དེ་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༣༥༠༠ ལྷགཔ་ཅིག་ཡོད་ས་ལས་ མོ་གིས་ ཚོགས་རྒྱན་༡༤༤ ལས་ མ་ཐོབ་པའི་ཁར་ ངོས་འཛིན་གྲུབ་པའི་ ཚོགས་པ་སྦེ་ སྡོད་ནི་གི་དོན་ལུ་ བཙག་འཐུའི་བཅའ་ཁྲིམས་དང་འཁྲིལཝ་ད་ ཚོགས་རྒྱན་བསྡོམས་ཀྱིས་༣༠,༠༠༠ ལྷགཔ་ཅིག་ ཐོབ་དགོཔ་བཟུམ་ཅིག་ཡོདཔ་ལས་ མོ་རའི་ཚོགས་པ་གིས་ ཚོགས་པ་རྒྱན་༡༢༠༠༠ ལྷགཔ་ཅིག་ལས་མ་ཐོབ་རུང་ མཉམ་འབྲེལ་གྱི་ཐོག་ལས་ ཚོགས་པ་གི་དོན་ལུ་ ལཱ་འབད་འོང་ཟེར་ཨིན་པས།
མོ་གིས་ ཚོགས་པ་ནང་ ཨམ་སྲུ་དང་ ན་གཞོན་མང་སུ་ཡོདཔ་ལས་ ལྕོགས་གྲུབ་མིན་འདུག་ཟེར་ བཤད་པའི་ཁར་ ཚོགས་པ་ལུ་ མ་དངུལ་གྱི་དཀའ་ངལ་ཡོདཔ་ལས་ ཚོགས་པའི་འདེམས་ངོ་ཚུ་གིས་ བསྐུལ་བསྒྲགས་ཀྱི་སྐབས་ལུ་ རང་ལས་ མ་དངུལ་བཏོན་ཏེ་ ལཱ་འབད་ཐབས་མེད་པའི་ དཀའ་ངལ་བྱུང་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ ཚོགས་པ་གིས་ ཚོགས་པའི་དོན་ལུ་ ལཱ་འབད་མི་ཚུ་ལུ་ བཙུགས་མ་ཚུགས་ཟེར་ཨིནམ་ད་ དག་པ་ཅིག་ཡོད་མི་ཚུ་ཡང་ ཁོང་ར་གིས་ གཡུས་ཁ་ལས་ ཁས་བླངས་འབད་དེ་ ཐོན་མི་ཚུ་ཨིན་རུང་ ཚོགས་པ་གིས་ ན་གཞོན་དང་ ཨམ་སྲུ་ཚུ་གི་དོན་ལུ་ ཉམས་མྱོང་འཐོབ་ནི་གི་ གོ་སྐབས་བྱིན་ཚུགས་ཅི་ཟེར་ཨིན་པས།
གཙོ་འཛིན་གྱིས་ ཚོགས་པ་མང་ཤོས་ཀྱིས་ རྒྱལ་ཁ་མི་འཐོབ་ནི་མས་མནོ་སྟེ་ ཨམ་སྲུ་དང་ན་གཞོན་འབད་མི་ འདེམས་ངོ་ཚུ་ ལེན་མ་བཏུབ་པའི་ཁར་ བཙག་འཐུའི་སྐབས་ལུ་ གོ་སྐབས་འདྲན་འདྲ་མེདཔ་ལས་ མོ་རའི་ཚོགས་པ་གིས་ གྲུབ་འབྲས་དེ་ ཐོན་ཡི་ཟེར་ཨིན་པས།
མོ་གིས་ ད་རེས་ཀྱི་བཙག་འཐུ་སྐབས་ལུ་ ཞི་གཡོགཔ་དང་ དམག་སྡེ་ཚུ་དང་ འཕྱད་ནི་གི་ གོ་སྐབས་མ་ཐོབ་ལས་ འགྲེམ་ཐོག་ཚོགས་རྒྱན་གྱིས་ ཁྱད་པར་སྦོམ་བཟོ་ཡི་ཟེར་ཨིནམ་ད་ མོ་གི་ཚོགས་པ་ ངོ་སྤྲོད་འབད་ནི་གི་ དུས་ཚོད་ཡང་ གངམ་མ་ཐོབ་ཟེར་ཨིན་པས།
མོ་གིས་ མོ་རའི་ཚོགས་པའི་སྐོར་ལས་ བསྐུལ་བསྒྲགས་འབད་ཚར་བའི་ཤུལ་ལས་ འགྲེམ་ཐོག་ཚོགས་རྒྱན་ཚུ་ བཙུགས་ཚར་ཏེ་འདུག་ཟེར་ཨིནམ་ད་ ཚོགས་པ་གིས་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་དུམ་གྲ་ཅིག་ཐོབ་མི་དེ་ཡང་ བསྐུལ་བསྒྲགས་སྐབས་ཕྱད་མི་ མི་ཚུ་ལས་ཐོབ་ནུག་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment