གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱིར་བཏང་གྲོས་འཛོམས་ཀྱི་ཚབ་ལུ་ སྒོ་བཤལ་ཐོག་ བསྐུལ་བསྒྲགས་འབད་ནི།

༡༩/༦/༢༠༡༣   ༉ ལྕང་ལཱ་རྐྱབ་ནི་གི་ དུས་ཚོད་ཨིན་པའི་ཁར་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ཧ་མ་གོ་བའི་ གནད་དོན་བཀོད་དེ་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་༢ ཀྱིས་ སྤྱི་ཟླ་༦ པའི་ཚེས་༡༧ ལུ་ ཁོང་རའི་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ལུ་ རྒེད་འོག་ཚུ་ནང་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་འཐབ་གནང་མ་དགོ་པའི་ མཉམ་འབྲེལ་ཞུ་ཡིག་ཅིག་ བཙུགས་ཡོདཔ་ཨིན་པས།


སྤྱིར་བཏང་གྲོས་འཛོམས་ཀྱི་ཚབ་ལུ་ ཁྱིམ་སྒོ་བཤལ་ཏེ་ བསྐུལ་བསྒྲགས་འབད་ནི་གི་ གདམ་ཁ་རྐྱབ་ཨིན་ཟེར་ ཁོང་གཉིས་ཀྱིས་ ཞུ་ཡིག་ནང་བཀོད་ནུག།
དེ་འབདཝ་ལས་ བསམ་རྩེ་རྫོང་ཁག་ ཨྱོན་རྩེ་-འོད་གསལ་རྩེ་འདེམས་ཁོངས་འོག་ལུ་ རྒེད་འོག་༤ ཡོད་མི་ནང་ འགོ་ཐོག་བཙག་འཐུ་བཟུམ་སྦེ་མིན་པར་ སྤྱིར་བཏང་གྲོས་འཛོམས་མི་འོང་ནི་ཨིནམ་ད་ གྲོས་འཆར་དང་འཁྲིལ་བ་ཅིན་ སྤྱིར་བཏང་གྲོས་འཛོམས་དེ་ སྤྱི་ཟླ་༦ པའི་ཚེས་༡༨ ལུ་ འོད་གསལ་རྩེ་རྒེད་འོག་ལས་ འགོ་བཙུགས་དགོཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ སྤྱི་ཚོགས་ཀྱི་ འཐུས་མི་བགྲེསཔ་ ལི་ལ་ པར་དཱན་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ མ་དཱན་ཀུ་མར་ཆེ་ཏི་རི་གིས་ སླབ་མི་དང་འཁྲིལཝ་ད་ སྤྱིར་བཏང་གྲོས་འཛོམས་དེ་ འབྱ་འཛུགས་སྐྱོང་འབད་བའི་ དུས་ཚོད་དང་ ཁ་ཐུག་རྐྱབ་མ་ཚད་ གྲོང་གསེབ་མི་སེར་ག་ར་ ལྕང་ལཱ་རྐྱབ་སྡོདཔ་ད་ བར་ཆད་མི་རྐྱབ་ནི་སྦེ་ཨིན་ཟེར་ཨིན་པས།

ལི་ལ་པར་དཱན་གྱིས་འབད་བ་ཅིན་ དུས་ཚོད་དེམ་ཅིག་ཁར་ མི་སེར་མང་ཤོས་ར་ སྤྱིར་བཏང་གྲོས་འཛོམས་ནང་ འོང་མི་ཚུགས་ནི་ཨིནམ་ལས་ གཡུས་སྒོ་བཤལ་ཐོག་ལས་ བསྐུལ་བསྒྲགས་འབད་བ་ཅིན་ མི་ཚུ་དང་ ཕྱད་ཚུགས་པའི་ གོ་སྐབས་ཡོད་ཟེར་ཨིནམ་ད་ དེ་མ་ཚད་ ང་བཅས་ཀྱིས་ འགོ་ཐོག་བཙག་འཐུའི་སྐབས་ལུ་སླབ་མི་ ཁས་བླངས་གསལ་བསྒྲགས་ཚུ་ར་ སླབ་ནི་ཨིནམ་ལས་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་འཐབ་དགོཔ་ཅིག་མིན་འདུག་ཟེར་ མོ་གིས་ སླབ་ཨིན་པས།
མ་དཱན་ཀུ་མར་ ཆེ་ཏི་རི་གིས་ སླབ་མིའི་ནང་ ཁྱིམ་སྒོ་བཤལ་ཏེ་ ཚོགས་རྒྱན་སྐྱུར་མི་ཚུ་དང་ ཕྱད་ཚུགས་པ་ཅིན་ འདེམས་ཁོངས་དང་འབྲེལ་བའི་ ཁས་བླངས་གསལ་བསྒྲགས་འབད་ཚུགས་པའི་ འོས་འབབ་འདུག་ཟེར་ཨིནམ་ད་ ང་བཅས་ཀྱིས་ མི་སེར་ཚུ་ འཛོམས་འདུ་ནང་འབོ་སྟེ་ ཁོང་གི་ སོ་ནམ་ལཱ་ལུ་ བར་ཆད་མི་རྐྱབ་ཟེར་ ཁོ་གིས་ སླབ་ཨིན་པས།
ཁོང་གཉིས་ཆ་ར་གིས་ སླབ་མིའི་ནང་ སྤྱིར་བཏང་གྲོས་འཛོམས་མི་འབད་ནི་སྦེ་ ཐག་བཏོག་མི་དེ་ མི་སེར་གྱི་ མཐའ་དོན་ལུ་ལྟ་སྟེ་ཨིནམ་བཞིན་དུ་ དེ་གི་སྐོར་ལས་ སྲིད་ཚོགས་ཀྱི་ འགོ་འདྲེན་པ་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་ཡི་ཟེར་ཨིན་པས།
གནད་དོན་གཞན་དེ་ སྤྱིར་བཏང་གྲོས་འཛོམས་སྐབས་ མི་སེར་ཚུ་གིས་ རྫོང་ཁ་ཧ་མ་གོ་མི་ལུ་བརྟེན་ཨིནམ་ད་ བཙག་འཐུའི་ལམ་ལུགས་དང་འཁྲིལ་བ་ཅིན་ འདེམས་ངོ་ཚུ་གིས་ ཁས་བླངས་ཚུ་ ལྷོ་མཚམས་པའི་ཁ་ནང་མིན་པར་ རྫོང་ཁ་ནང་ སླབ་དགོཔ་ལས་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ ག་ཅི་སླབ་དོ་ཡོདཔ་ཨིན་ན་ ཧ་མ་གོ་བའི་ དཀའ་ངལ་ཡོདཔ་ཨིན་པས།
འདི་བཟུམ་མའི་ གྲོས་འཛོམས་སྐབས་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ དྲི་བ་བཀོད་མ་ཆོག་པའི་ཁར་ བསྐུལ་བསྒྲགས་ཚུ་ཡང་ ལེགས་ཤོམ་མི་འགྱོ་བས་ཟེར་ ལི་ལ་པར་དཱན་གྱིས་ བཤད་པའི་ཁར་ ཁོང་གིས་ མི་ངོམ་སྦེ་ ཚོགས་རྒྱན་སྐྱུར་མི་ཚུ་དང་ ཕྱད་ཚུགས་པ་ཅིན་ མི་སེར་ལུ་ དཀའ་ངལ་ཡོད་མི་དང་ དྲི་བ་ཚུ་ བཀོད་ཚུགས་པས་ཟེར་ སླབ་ཨིན་པས།
མ་དཱན་ཀུ་མར་ཆེ་ཏི་རི་གིས་འབད་བ་ཅིན་ སྒོ་བཤལ་ཏེ་ བསྐུལ་བསྒྲགས་འབདཝ་ད་ མི་སེར་ཚུ་དང་ བློ་ལེགས་ཤོམ་སྦེ་ སླབ་ཚུགས་དོ་ཡོདཔ་ལས་ མཐར་ཐུག་ལུ་ ཚོགས་རྒྱན་གྱི་ཉིན་མར་ གདམ་ཁ་ལེགས་ཤོམ་རྐྱབ་ཚུགས་ནི་མས་ཟེར་ཨིན་པས།
ངོས་ལེན་འགོ་དཔོན་གྱིས་འབད་བ་ཅིན་ འདེམས་ངོ་ཚུ་གིས་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་འཐབ་གནང་མ་དགོ་པའི་ ཡིག་ཐོག་གི་ ཞུ་བ་མ་འབད་བའི་ ཧེ་མ་ལས་ར་ གྲོང་གཡུས་མི་སེར་དང་ འགོ་འདྲེན་པ་ཚུ་ ཞལ་འཛོམས་ནང་ འོང་མི་དགོཔ་སྦེ་ བརྡ་སླབ་ཚར་ཡི་ཟེར་ཨིན་པས།
དེ་འབདཝ་ད་ རྫོང་ཁག་དེ་གི་ འདེམས་ཁོངས་༣ ནང་ སྤྱིར་བཏང་གྲོས་འཛོམས་ཚུ་ འགོ་བཙུགས་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment