གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་དོན་ཚོགས་པ་༣ གཅིག་བསྡོམས་འབད་བའི་སྒྲུབ་བྱེད།

༡༨/༦/༢༠༡༣   ༉ འཕྲལ་ཁམས་ཅིག་ཁར་ འབྲུག་ཕུན་སུམ་ཚོགས་པ་གིས་ སྤྱིར་བཏང་བཙག་འཐུའི་དོན་ལུ་ དོ་འགྲན་འབད་མི་ ཁོང་གི་ བྱང་ཕྱད་དེ་ སྲིད་དོན་ཚོགས་པ་གསུམ་མཉམ་བསྡོམས་འབད་ཡོད་པའི་ ཁ་ཉེས་བཀལ་མི་ཚུ་ བདེན་ཁུངས་བཟང་ཐབས་ལུ་ སྒྲུབ་བྱེད་དང་བཅསཔ་སྦེ་ བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་ལུ་ ཉོགས་བཤད་ཡི་གུ་ཅིག་ བཙུགས་ཡོདཔ་ཨིན་པས།


དེ་ཡང་ བཀྲིས་སྒང་རྫོང་ཁག་ བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས་ཀྱི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ནོར་བུ་དབང་ཕྱུག་གི་ བསྐུལ་བསྒྲགས་ནང་ བཅའ་མར་གཏོགས་མི་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་ཅིག་གིས་ ཁོ་གི་གསལ་བཤད་དེ་ སྒྲ་བཟུང་འབད་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༡༣ ལུ་ ནོར་བུ་དབང་ཕྱུག་གིས་ ཨུ་མཛོ་རོང་རྡོ་ཕུག་གི་ མི་སེར་ཚུ་ལུ་ མི་སེར་དམངས་གཙོ་ཚོགས་པ་དང་ འབྲུག་མཉམ་རུབ་ཚོགས་པ་ འབྲུག་སྤྱིར་དབང་ཚོགས་པ་༣ གཅིག་བསྡོམས་འབད་དེ་ཡོད་པའི་སྐོར་ ཤར་ཕྱོགས་པའི་ཁ་ནང་ གསལ་བཤད་འབད་མི་དེ་ སྒྲ་འཛིན་འབད་ཡོདཔ་ཨིན་པས།
སྲིད་ཚོགས་གསུམ་ཆ་ར་ བཟའ་ཚང་ཅིག་ལུ་ གྱུར་ཡོད་ཟེར་ ནོར་བུ་དབང་ཕྱུག་གིས་ བཤད་ཡོདཔ་མ་ཚད་ ད་རིས་འབདཝ་ད་ འབྲུག་མཉམ་རུབ་ཚོགས་པ་དང་ ཡང་ཅིན་ འབྲུག་སྤྱིར་དབང་ཚོགས་པ་ཟེར་མེད་པར་ འདི་ཚུ་ག་ར་ མི་སེར་དམངས་གཙོ་ཚོགས་པ་ ཡང་ཅིན་ རྟ་ཚོགས་པ་ཨིན་ཟེར་ སླབ་ཡོདཔ་ཨིན་པས།
སྲིད་ཚོགས་ག་ར་མཉམ་བསྡོམས་འབད་ཡོདཔ་མ་ཚད་ ཁོང་གི་ དམིགས་ཡུལ་གཅིག་ཨིན་མི་དེ་ཡང་ སྤྱིར་བཏང་བཙག་འཐུའི་ནང་ རྒྱལ་ཁ་ཐོབ་སྦེ་ར་ འབད་ནི་དེ་ཨིན་ཟེར་ ཁོ་གིས་ སླབ་ནུག།
ད་རུང་ ནོར་བུ་དབང་ཕྱུག་གིས་ འཛོམས་འདུ་དེ་ནང་ ཁོ་ར་ མི་སེར་དམངས་གཙོ་ཚོགས་པའི་ནང་ འཛུལ་ཞུགས་འབད་མི་དེ་ ལུང་ཕྱོགས་ཀྱི་ དབྱེ་བ་ཕྱེ་མི་དེ་ སྤྱིར་སྙོམས་བཟོ་ཐབས་ལུ་ཨིན་ཟེར་ སླབ་མི་དེ་གིས་ བཀྲིས་སྒང་ལུ་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་ལུ་ ལྷག་པར་དུ་ ཁོང་ཁྲོ་ལང་བཅུག་ཡོདཔ་ཨིན་པས།
ཕུན་སུམ་ཚོགས་པའི་ ཉོགས་བཤད་ཡི་གུའི་ནང་ ནོར་བུ་དབང་ཕྱུག་གིས་ འགོ་ཐོག་བཙག་འཐུའི་ གྲུབ་འབྲས་ཀྱིས་ འབྲུག་ཕུན་སུམ་ཚོགས་པ་དེ་ ཤར་ཕྱོགས་ཀྱི་ ཚོགས་པ་ཨིནམ་བཟུམ་སྦེ་ བརྡ་བརྒྱུད་ལུ་བསྐོར་ཏེ་སླབ་མི་ལུ་བརྟེན་ བཀྲིས་སྒང་གི་ འདེམས་ཁོངས་༥ གི་ མི་སེར་ཚུ་ རྣམ་རྟོག་ལང་ནུག་ཟེར་བཀོད་ནུག།
གལ་སྲིད་ འདེམས་ངོ་དེ་གིས་ འབྲུག་ཕུན་སུམ་ཚོགས་པ་དེ་ ཤར་ཕྱོགས་ལས་ཨིནམ་སྦེ་ མནོ་བ་ཅིན་ སྤ་རོ་དང་ ཧཱ་ ཐིམ་ཕུ་ དབང་འདུས་ཕོ་བྲང་ལས་ཡོད་མི་ ང་བཅས་ཀྱི་ འདེམས་ངོ་ཚུ་ ག་ཏེ་ལས་ཨིན་ན་ཟེར་ ཉོགས་བཤད་ཡི་གུ་ནང་ དྲི་བཀོད་འབད་ནུག།
འདེམས་ངོ་དེ་གིས་ འཛོམས་འདུ་དེ་ནང་ འོང་མི་ཚུ་ འབྲུག་ཕུན་སུམ་ཚོགས་པའི་ ཞལ་འཛོམས་ནང་ འགྱོ་ནི་མི་འོང་པའི་སྐོར་ལས་སླབ་པའི་ ལོ་རྒྱུས་ཡང་ཡོདཔ་ད་ ཕུན་སུམ་ཚོགས་པའི་ གཙོ་འཛིན་དང་ ཡང་ཅིན་ ཚོགས་པ་དེ་གི་ རྒྱབ་སྐྱོར་པ་ཚུ་གིས་ འཛོམས་འདུ་ནང་ འབོ་པ་ཅིན་ མ་འགྱོ་བར་ སྡོད་ནི་གི་དབང་ཚད་ ཁྱོད་ལུ་ཡོད་ཟེར་ ཁོ་གིས་ སླབ་ཡོདཔ་ཨིན་པས།
ད་རུང་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་ལུ་ མིང་མེད་པའི་ མིང་བྱང་བགོ་བཀྲམ་འབད་ཡོདཔ་སྦེ་ ཕུན་སུམ་ཚོགས་པ་གིས་ ཁ་ཉེས་བཀལ་ཡོདཔ་ད་ མི་སེར་དམངས་གཙོ་ཚོགས་པའི་ མིང་བྱང་འཆང་མི་ཚུ་ལུ་ སློབ་གྲྭའི་ཟད་འགྲོ་ཚུ་ བྱིན་ནི་དང་ ཐིམ་ཕུ་ལུ་འོངམ་ད་ སྡོད་གནས་ཚུ་ རིན་མེད་སྟོང་པར་ བྱིན་ནི་དང་ གྲོགས་རམ་གཞན་ཚུ་ བྱིན་ནི་གི་ ཁས་བླངས་འབད་ནུག་ཟེར་ ཕུན་སུམ་ཚོགས་པའི་ རྫོང་ཁག་འགོ་འདྲེན་པ་ མགོན་པོ་གིས་ སླབ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ ཁ་ཉེས་བཀལ་མི་དང་ ཁོ་གི་རྟིང་བདའ་སྟེ་བྱ་བལྟ་མི་སྐོར་ ནོར་བུ་དབང་ཕྱུག་གིས་ ག་ནི་ཡང་ སླབ་ནི་མེད་ཟེར་སླབ་ཨིན་པས།
ནོར་བུ་དབང་ཕྱུག་དེ་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ཨིན་རུང་ འགོ་ཐོག་བཙག་འཐུ་ནང་ ཚོགས་པ་དེ་ ཕམ་སོཔ་ལས་ མི་སེར་དམངས་གཙོ་ཚོགས་པའི་ནང་ འཛུལ་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment