གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༡༤/༦/༢༠༡༣   གོ་བ་བརྡ་ལོག་སྤྲོད་མི་ཚུ་ལུ་ འགན་འཁྲི་བཀལ་ནིའི་ ཐབས་ལམ་བཏོན་དགོཔ།
༉ འབྲུག་རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་མར་ཉམས་སོང་ཡོདཔ་ ངེས་བདེན་ཨིན་ན?
ད་རེས་ནངས་པའི་ འབྲུག་གི་ཁྲོམ་སྡེ་གནས་སྟངས་ཚུ་ལུ་ལྟཝ་ད་ དཔལ་འབྱོར་མར་ཉམས་མེད་པར་ གོང་འཕེལ་རྒྱ་ཆེ་དྲགས་སྦེ་འགྱོ་བའི་ མཐོང་སྣང་བྱུངམ་མས་ཟེར་ཞུ་ནི།



ཨིན་རུང་ གནས་སྟངས་ཧ་མ་གོ་མི་དང་ ཧ་གོ་མི་ཚུ་གིས་ མ་ཤེསཔ་བཟུམ་བཟོ་སྟེ་ ཁ་ངན་བཀལ་མི་དང་ སྐྱོན་བརྗོད་འདྲ་མིན་སྣ་ཚོགས་འབད་མི་ཚུ་ལུ་ ལྟ་བ་ཅིན་ སྤྱི་ཟླ་༦ པའི་ཚེས་༡༣ གྱི་ ཀུན་གསལ་རྩོམ་སྒྲིག་པའི་ སྣང་འཆར་ནང་ གསལ་བཀོད་འབད་དོ་བཟུམ་ རྒྱལ་ཁབ་ནང་ སྟབས་མ་བདེཝ་བཟོ་ནི་དང་ མི་སྡེའི་ནང་འཁོད་ལུ་ ཕྲག་དོག་དང་ ཞེ་སྡང་ དེ་ལས་ སྲིད་འཁྲུགས་འབད་ནི་གི་ ངན་བསྐུལ་འབདཝ་མེན་ན་ཟེར་ཞུ་ནི།
ཁ་ངན་ཚུ་ཡང་ སྲིད་དོན་ཚོགས་པ་སོ་སོ་ཅིག་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ བཀལཝ་མ་ཚད་ ལཱ་མེད་པའི་ ཤེས་ཡོན་ཅན་ཚུ་ མི་སྡེའི་བརྡ་བརྒྱུད་ནང་ དུས་ཚོད་ཧྲིལ་བུར་ འབྲེལ་འཛིན་སྦེ་ སྡོད་མི་ཚུ་གིས་ ལྷག་པར་དུ་ མི་རིགས་དང་ ཆོས་ལུགས་ ལུང་ཕྱོགས་ཚུ་ ཁག་སོ་སོར་དབྱེ་གཏང་ནི་གི་ ཐབས་ཤེས་བཏོན་མི་དེ་ འཇིགས་སྣང་ཅན་ཨིན་པའི་ཁར་ ད་ཚུན་གྱི་བར་ན་ ང་བཅས་ཆ་ཁྱབ་ གངས་པ་ནང་གི་ཆུ་འཐུང་ སྤྲིན་པ་ནང་གི་ ཉིམ་སྲོ་སྟེ་ དགའ་སྐྱིད་ཀྱི་ངང་ལུ་ གནས་ཡོད་མི་ལུ་ བར་ཆད་རྐྱབ་ནི་གི་ དཔའ་བཅམ་མས་ཟེར་ཞུ་ནི།
འདི་བཟུམ་མའི་ སྲིད་ཚོགས་དང་ སྲིད་དོན་པ་གང་རུང་ ཡང་ཅིན་ ཀུན་སྤྱོད་རྣམ་གཞག་ག་ནི་ཡང་མེད་པའི་ བརྡ་བརྒྱུད་ནང་ ལཱ་འབད་མི་དང་ མི་སྡེའི་བརྡ་བརྒྱུད་ཚུ་ནང་ལས་ཕར་ གཞན་གྱི་སྐོར་ལས་ར་ སྐྱོན་དང་ དམའ་ཕབ་རྐྱབ་ནི་ལུ་ ལང་ཤོར་ཐལ་མི་ཚུ་གིས་ རྒྱལ་ཁབ་ཀྱི་ ཞི་བདེ་མེདཔ་གཏང་ནི་དང་ རྫུན་གཏམ་ཚུ་ ཁྱབ་སྤེལ་འབད་ཐོག་ལས་ མི་མང་ལུ་ གོ་བརྡ་སྤྲོད་དོ་ཡོད་པའི་ ལོ་རྒྱུས་འདྲ་མ་འདྲཝ་ ལེ་ཤ་གོཝ་མས་ཟེར་ཞུ་ནི།
དེ་དང་འདྲཝ་སྦེ་ དངུལ་ཁང་ཚུ་གིས་ ཚོང་པ་དང་ བཟོ་གྲྭ་ཁང་གཞི་བཙུགས་འབད་མི་ དེ་ལས་ བཟོ་སྐྲུན་གྱི་ ལཱ་ཚུ་གི་དོན་ལུ་ བསྐྱིན་འགྲུལ་བཀག་ཆ་འབད་མི་དེ་ ཧེ་མའི་ བཙག་འཐུ་གྲུབ་པའི་ གཞུང་ཨིནམ་སྦེ་ ཁ་བཏང་མི་ལུ་ཡང་ བདེན་པ་ཅིག་ ག་ནི་ཡང་ མ་མཐོང་ཟེར་ཞུ་ནི། ག་འཆརཔ་ཟེར་བ་ཅིན་ དངུལ་ཁང་ཚུ་ཡང་ ཚོང་སྡེ་ཅིག་ཨིནམ་ལས་ ཡུན་བརྟན་གནས་ཐབས་ལུ་ བསྐྱིན་འགྲུལ་ལས་ཐོབ་མི་ འོང་འབབ་ལུ་བརྟེན་ འཚོ་སྐྱོང་འཐབ་ཨིན་པས་ཟེར་ཞུ་ནི།
ཨིན་རུང་ ཁྲོམ་སྡེ་ཚུ་ནང་ ཁྱིམ་རྐྱབ་མི་ མང་རབས་ཅིག་ ཐོན་ཡོདཔ་མ་ཚད་ སྣུམ་འཁོར་ནང་འདྲེན་འབད་མི་ཡང་ མངམ་ཐོན་པའི་གུ་ དངུལ་ཁང་ཚུ་གིས་ བསྐྱིན་འགྲུལ་ཐོགས་ཆགས་མེད་པར་ ཤར་ར་ར་བྱིན་ནི་དེ་གིས་ ཡུདཔ་ཅིག་ལས་ དངུལ་ཁང་གི་ ཏི་རུ་རྫོགས་སོ་ནུག་ཟེར་ ལོ་རྒྱུས་གོ་ཡི་ཟེར་ཞུ་ནི།
དེ་སྦེ་ཨིན་པ་ཅིན་ བསྐྱིན་འགྲུལ་བྱིན་མ་ཚུགས་མི་དེ་ དངུལ་ཁང་ཚུ་ཨིནམ་ལས་ གཞུང་དང་འབྲེལ་བ་ག་ཅི་ཡོདཔ་ཨིན་ན་ ང་བཅས་ཀྱིས་ ཧ་གོ་མ་ཚུགས་ཟེར་ཞུ་ནི།དེ་བཟུམ་མའི་ མི་མང་ལུ་ གོ་བ་བརྡ་ལོག་སྤྲོད་མི་ཚུ་ སྲིད་ཚོགས་དང་ སྲིད་དོན་པ་ དེ་ལས་ བརྡ་བརྒྱུད་ག་ཨིན་ན་ བརྟག་དཔྱད་འབད་དེ་ འགན་འཁྲི་བཀལ་དགོཔ་ འདུག་ཟེར་ ཞུ་ནི་ཨིན།

བསམ་གཏན་རྡོ་རྗེ། ཐིམ་ཕུ་ཁྲོམ།

No comments:

Post a Comment