གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

པདྨ་དགའ་ཚལ་ལས་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་ཧྲིལ་བུམ་ཡོདཔ།

༤/༦/༢༠༡༣   ༉ པདྨ་དགའ་ཚལ་རྫོང་ཁག་གི་ འདེམས་ཁོངས་ཀྱི་ འདེམས་ངོ་ཚུ་གིས་ འགོ་དང་པ་ དོ་འགྲན་འབད་ནིའི་ འཆར་གཞི་བརྩམས་པའི་སྐབས་ལས་ར་ ཚོགས་རྒྱན་གྱི་ཉིནམ་དེ་ཁར་ གྲུབ་འབྲས་ག་བཟུམ་ཅི་ ཐོན་འོང་ག་ ཧ་ལམ་ ཤེས་གསལ་བྱུང་ཡོདཔ་ཨིན་པས།
དེ་འབདཝ་ལས་ རྫོང་ཁག་དེ་གི་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ཚུ་གིས་ གྲུབ་འབྲས་ཚུ་ ཧ་ལམ་ ཧེ་མ་ལས་ ཤེས་ཚོར་ཡོདཔ་ལས་ མཁར་གཡུ་རུང་གི་འདེམས་ངོ་གིས་ ཚོགས་རྒྱན་མ་རན་པའི་ ཟླཝ་༤ གི་ཧེ་མར་ རྫོང་ཁག་དེ་ནང་ ལྷོད་དེ་ མི་སེར་ཚུ་ལུ་ ཁོ་རའི་ཚོགས་པ་དང་ ཁོ་རའི་སྐོར་ལས་ བསྐུལ་བསྒྲགས་འབད་ཡོད་རུང་ ཁོ་གིས་བཤད་དོ་བཟུམ་འབད་བ་ཅིན་ ཚོགས་པའི་དོན་ལུ་ ལཱ་འབད་མི་ཐོབ་ནི་དེ་ ལཱ་ཁག་བྱུང་ཡི་ཟེར་ཨིན་པས།

འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ཚུ་ ཕྱི་སེལ་རྐྱབ་པའི་བསྒང་།


འདེམས་ཁོངས་དེ་ནང་གི་ མི་ཚུ་གིས་ ཚོགས་པ་ཅིག་གི་ཧོངས་ལས་ ལཱ་འབད་མི་སྦེ་ ངོས་འཛིན་འབད་ནི་ལུ་ དང་འདོད་མེད་རུང་ ཁོ་གིས་ འཛོམས་འདུ་ཚུ་ འགོ་འདྲེན་འཐབ་ཚར་བའི་ཤུལ་ལུ་ ཚོགས་པ་ནང་འཛུལ་ནི་སྦེ་ འོང་མི་ཡང་ ཐོན་ཡི་ཟེར་ཨིན་པས།
འདེམས་ངོ་ ཌོག་ཊར་ སེང་གེ་རྣམ་རྒྱལ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཚོགས་པའི་མཉམ་འབྲེལ་བ་དང་ ལཱ་འབད་མི་མེདཔ་ལས་ ཁོ་གིས་ གཡུས་བཤལ་ཏེ་ ལྟ་སྐོར་འབད་བའི་སྐབས་ དུས་ཚོད་མང་ཤོས་ར་ ཁོ་ར་རྐྱངམ་གཅིག་སྦེ་ སོང་ཡི་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པའི་ ན་ནོང་- ཤུ་མར་འདེམས་ཁོངས་ཀྱི་འདེམས་ངོ་༢ ཀྱིས་ ཁྱུང་མཁར་གྱི་ ཁྱིམ་གུང་པ་༢༧ ཡོད་མི་ག་རའི་ནང་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་འབད་མི་ཨིན་ཟེར་ སླབ་ནི་དེ་གིས་ ལྟ་སྐོར་འབད་བ་ཡང་མ་སོང་ཟེར་ བཤད་ཡོདཔ་ད་ པདྨ་དབང་ཕྱུག་གིས་ གཡུས་དེ་ནང་འགྱོ་ནི་དེ་ དུས་ཚོད་འཕྲོ་བརླག་འགྱོ་ནི་གི་ གཞི་ཅིག་ལས་མེདཔ་ལས་ བཤོལ་བཞག་ཅི་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་་འདེམས་ངོ་ འཇིགས་མེད་འབྲུག་པ་གིས་ གཡུས་དེ་ཁའི་མི་ཚུ་གིས་ འཛོམས་འདུ་ནང་ འོང་མ་བཏུབ་ཟེར་ཨིན་པས།
རྫོང་ཁག་དེ་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༢༤༢༨༧ ཡོདཔ་ད་ དེ་གི་གྲས་ལས་༣༧༦ གིས་ འབྲུག་སྤྱིར་དབང་ཚོགས་པ་དང་༡༢༥༨ ཀྱིས་ འབྲུག་མཉམ་རུབ་ཚོགས་པ་ དེ་ལས་༡༤༨༨ གིས་ མི་སེར་དམངས་གཙོ་ཚོགས་པ་དང་༩༠༠༤ གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་༢༥༥༣ ཐོབ་མི་དེ་ མཐོ་ཤོས་ཨིནམ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་༥༤༨ དང་ འབྲུག་མཉམ་རུབ་ཚོགས་པ་གིས་༣༥༢ དེ་ལས་ འབྲུག་སྤྱིར་དབང་ཚོགས་པ་གིས་༤༧ ཐོབ་ཡོདཔ་ཨིན་པས།
མཁར་- གཡུ་རུང་གི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ བཟང་ལེགས་འབྲུག་པ་གིས་ འགྲེམ་ཐོག་ཚོགས་རྒྱན་༡༡༡༧ ཐོབ་པའི་ཁར་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་༢༠༢༢ ཐོབ་ཡོདཔ་ཨིན་པས།
ཚོགས་པ་དེ་གི་ གཙོ་འཛིན་གྱིས་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་༢༡༨༨ དང་ འགྲེམ་ཐོག་ཚོགས་རྒྱན་༨༥༨ ཐོབ་ཡོདཔ་ད་ མཁར་གཡུ་རུང་གི་མི་སེར་ཚུ་གིས་ འདེམས་ངོ་དེ་གཉིས་ཀྱིས་ འདས་པའི་ལོ་༥ ནང་ སོ་ནམ་ཞིང་ལམ་གྱི་ བཏོན་ཡོདཔ་ལས་ རྒྱབ་སྐྱོར་མ་འབད་བ་ཐབས་ར་ མེད་ཟེར་ཨིན་པས།
ཟླ་སྒོར་གྱི་མི་སེར་ཅིག་གིས་ སོ་ནམ་ཞིང་ལམ་མེད་པ་ཅིན་ ཁོང་གིས་ དུས་ཡུན་ལས་བཅད་དེ་ ལམ་འགྱོ་དགོ་ནི་ཨིན་རུང་ འདེམས་ངོ་གིས་ ཕན་ཐོགས་སྦོམ་འབད་ཡི་ཟེར་ཨིན་པས།
མི་སེར་ལ་ལུ་ཅིག་གིས་ གེ་ཟ་གི་ ཞིང་སྲུང་སྡོད་དེ་ སྐོར་རྒྱབ་ཐོག་ལས་ ཚོགས་རྒྱན་བཙུགས་པར་འོང་ཡོདཔ་ད་ རྫོང་ཁག་དེ་ནང་ ཚོགས་རྒྱན་བཙུགས་མི་ བསྡོམས་ཀྱིས་ བརྒྱ་ཆ་༥༥ དེ་ཅིག་འོང་ཡོདཔ་ད་ ན་ནོང་- ཤུ་མར་འདེམས་ངོ་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ སྤྱིར་བཏང་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་མི་ མང་སུ་འོང་ནིའི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment