གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གླ་འཐུས་མར་ཕབ་འབད་རུང་ ཧེ་མའི་ཚད་གཞི་ལུ་མ་ལྷོད་ཚུན་ མི་སྤྲོད་ནི།

༡༡/༦/༢༠༡༣   ༉ ཕུན་ཚོགས་གླིང་ལུ་ ཁྲོམ་སྡེའི་འཐུས་མི་ཚུ་གིས་ གྲལ་གཏོགས་ཐོག་ལས་ གྲོས་བསྡུར་ལེ་ཤ་འབད་བའི་ཁར་ སྣུམ་འཁོར་ཊཱག་གི་ དེད་གཡོགཔ་ཚུ་གིས་ ཞུ་ཡིག་ཐེངས་༢ བཙུགས་མི་དང་འཁྲིལ་ ཁྲོམ་སྡེ་གིས་ ཁ་ཙ་ལས་ སྣུམ་འཁོར་ཆེ་བའི་ བཞག་འཐུས་བརྒྱ་ཆ་༥༠ མར་ཕབ་རྐྱབ་ཡོདཔ་ཨིན་པས།


ཞུ་ཡིག་དེ་ཡང་ ཊཱག་གི་དེད་གཡོགཔ་༡༢༧ གྱིས་ བཙུགས་ཡོདཔ་ད་ དེ་ཡང་ ཧེ་མ་འབད་བ་ཅིན་ དེད་གཡོགཔ་ཚུ་གིས་ ཊཱག་ཚུ་ དུས་ཡུན་༢༤ གི་རིང་ ས་ཁོངས་ནང་བཞག་པའི་སྐབས་ལུ་ བཞག་འཐུས་དངུལ་ཀྲམ་༥༠ ལས་ སྤྲོད་མ་དགོཔ་ཨིན་རུང་ ད་རེས་ཀྱི་ སྣུམ་འཁོར་བཞག་སའི་ འགོ་འདྲེན་པ་གསརཔ་གིས་ དུས་ཡུན་༢༤ གི་རིང་ལུ་ བཞག་འཐུས་དངུལ་ཀྲམ་༢༦༥ རེ་ ལེན་མི་ལུ་བརྟེན་ཏེ་ཨིན་པས།
ཁྲོམ་སྡེའི་བཟོ་རིག་སྡེ་ཚན་ལས་ ཡེ་ཤེས་དངོས་གྲུབ་ཀྱིས་སླབ་མིའི་ནང་ བཞག་འཐུས་དེ་ དུས་ཡུན་ཆུ་ཚོད་༢༤ ལུ་ དངུལ་ཀྲམ་༡༥༠ ལུ་ མར་ཕབ་འབད་ཡོདཔ་ད་ དེ་ལས་ལྷག་པའི་ ཕབ་ཆ་བྱིན་མི་ཚུགས་ཟེར་ཨིན་མི་དེ་ཡང་ ཁྲོམ་སྡེ་གིས་ སྣུམ་འཁོར་བཞག་ས་བཟོ་སྐྲུན་གྱི་ ཟད་འགྲོ་ལོག་དགོཔ་ཡོད་མི་ལུ་བརྟེན་ཏེ་ཨིན་པས།
ཁྲོམ་སྡེ་གིས་ ཧེ་མ་འབད་བ་ཅིན་ དུས་ཡུན་ཆུ་ཚོད་༢ ཀྱི་དོན་ལུ་ བཞག་འཐུས་དངུལ་ཀྲམ་༢༥ འབད་མི་དེ་༡༥ ལུ་ མར་ཕབ་འབད་ཡོདཔ་ད་ ནུབམོ་ཅིག་ལུ་ དངུལ་ཀྲམ་༡༠༠ འབད་མི་དེ་༥༠ ལུ་ མར་ཕབ་འབད་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གཟིམ་སྒྲ་སྣུམ་འཁོར་བཅོ་ཁང་གི་ ཉེ་འདབས་ལུ་ཡོད་པའི་ སྣུམ་འཁོར་ཆེ་བ་བཞག་སའི་ ས་ཁོངས་དེ་གི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༤ བཏང་ཡོདཔ་བཞིན་དུ་ དེ་ཚུ་ ལོ་ངོ་༧ དེ་ཅིག་གི་རྒྱབ་ལས་མ་གཏོགས་ ལོག་འཐོབ་མི་ཚུགས་ནི་མས་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ ཊཱག་གི་དེད་གཡོགཔ་ཚུ་གིས་ སླབ་མི་དང་འཁྲིལ་ བཞག་འཐུས་མར་ཕབ་འབད་བ་ཅིན་ མ་འོངས་ལོ་༢༢ ཀྱི་ནང་འཁོད་ལུ་ཡང་ ཟད་འགྲོ་དེ་ ལོག་འཐོབ་མི་ཚུགས་ནི་དང་ ཁྲོམ་སྡེ་དེ་ རང་དབང་གི་ལས་སྡེ་ཅིག་འབདཝ་ལས་ ཡུན་བརྟན་གནས་ཐབས་ལུ་ འོང་འབབ་བཟོ་དགོཔ་ ཁག་ཆེཝ་ཡོད་ཟེར་ཨིན་པས།
ཡེ་ཤེས་དངོས་ཀྲུབ་ཀྱིས་འབད་བ་ཅིན་ དེད་གཡོགཔ་ག་ར་གིས་ སྣུམ་འཁོར་བཞག་ས་གསརཔ་དེ་ ལག་ལེན་འཐབ་བཅུག་ནིའི་དོན་ལུ་ འགྲོས་ཀྱིས་འབད་ ས་ཁོངས་རྙིངམ་དེ་ བརྡལ་གཏང་ནི་ཨིན་ཟེར་ཨིནམ་ད་ ས་ཁོངས་གསརཔ་དེ་ནང་ གསང་སྤྱོད་དང་ གཟུགས་འཁྱུ་ཁང་ ཆུ་བཀྲམ་སྤེལ་ སྲུང་རྒྱབ་ དེ་ལས་ གློག་མེའི་མཐུན་རྐྱེན་ཚུ་ ཡོདཔ་ཨིན་པས།
ས་ཁོངས་ལག་ལེན་པ་ གསརཔ་དེ་གིས་ སྤྱི་ཟླ་༥ པའི་ཚེས་༢༥ ལས་འགོ་བཙུགས་ དུས་ཡུན་ཆུ་ཚོད་༢༤ འི་རིང་ལུ་ བཞག་འཐུས་དངུལ་ཀྲམ་༢༦༥ རེ་ལུ་ ཡར་སེང་འབད་མི་ལས་འགོ་བཙུགས་ དེད་གཡོགཔ་ཚུ་གིས་ གླ་འཐུས་མ་སྤྲོད་པར་ བཞག་ཡོདཔ་ད་ ཁྲོམ་སྡེ་གིས་ ཧེ་མའི་ཚད་གཞི་ལུ་ མར་ཕབ་མ་འབད་ཚུན་ལུ་ ཁོང་གིས་ གླ་འཐུས་ཚུ་ རྩ་ལས་ར་ མི་སྤྲོད་ཟེར་ཨིན་པས།
ཊཱག་༣ ཡོད་མི་ མོང་སྒར་ལས་ ཚེ་རིང་དངོས་གྲུབ་ཀྱིས་ བཤད་མིའི་ནང་ གླ་འཐུས་ཚུ་ དེད་གཡོགཔ་ཚུ་དང་ གྲོས་བསྟུན་མ་འབད་བར་ ཡར་སེང་འབད་ཡོདཔ་ད་ ད་རེས་ཀྱི་ཐད་ལུ་འབད་རུང་ ཁྲོམ་སྡེ་གིས་ མི་སེར་དང་ གྲོས་བསྟུན་མ་འབད་བར་ གྲོས་ཐག་བཅད་ནུག་ཟེར་ཨིན་པས།
ཊཱག་དེད་གཡོགཔ་ཚུ་གི་ ངོ་ཚབ་ཨིན་མི་ ཚེ་རིང་དངོས་གྲུབ་ཀྱིས་འབད་བ་ཅིན་ ག་དེམ་ཅིག་སྦེ་ ཁྲོམ་སྡེ་གིས་ ཁོང་གི་ཞུ་བ་ལུ་ ངོས་ལེན་མ་འབད་བ་ཅིན་ གནས་རིམ་མཐོ་བའི་ ལས་སྡེ་ཚུ་ལུ་ ཞུ་བ་འབད་ནི་དང་ ད་ལྟོ་ ཁྲོམ་སྡེ་ལུ་ གཞུང་གསརཔ་གཞི་བཙུགས་མ་འབད་ཚུན་ བསྒུག་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
དེད་གཡོགཔ་ཚུ་གིས་འབད་བ་ཅིན་ མ་གཞི་ ཁོང་ཆ་ཁྱབ་ཀྱིས་ ས་ཁོངས་དེ་ནང་ ཊཱག་ཚུ་ བདུན་ཕྲག་ལས་བཅད་དེ་ བཞག་དོ་ཡོདཔ་མ་ཚད་ ད་རེས་ དཔལ་འབྱོར་གྱི་གནས་སྟངས་ མར་ཉམས་འགྱོ་མི་ལུ་བརྟེན་ འོང་འབབ་བཟོ་ནིའི་དོན་ལུ་ སྣུམ་འཁོར་ཚུ་ ལག་ལེན་འཐབ་མི་ཚུགས་པས་ཟེར་ སླབ་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment