གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་༢ ཀྱིས་ འདེམས་ངོ་གཏན་འཁེལ་བཟོ་ནིའི་ ཚེས་གྲངས་མཇུག་ ད་རིས་ཨིནམ།

༡༡/༦/༢༠༡༣   ༉ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ནི་གི་ གོ་སྐབས་ཐོབ་མི་ སྲིད་དོན་ཚོགས་པ་གཉིས་ཀྱིས་ འདེམས་ཁོངས་༤༧ གྱི་ འདེམས་ངོ་ཚུ་ བཙག་འཐུ་ལྷན་ཚོགས་ལུ་ མི་ངོམ་བཏོན་ནི་གི་ ཚེས་གྲངས་མཇུག་དེ་ ད་རིས་ཨིནམ་ལས་ འདེམས་ངོ་མང་ཤོས་ཅིག་གིས་ འབྲེལ་ཡོད་ངོས་ལེན་འགོ་དཔོན་ཚུ་ལུ་ ཐོ་བཀོད་འབད་ཡོདཔ་བཞིན་དུ་ ལ་ལུ་ཅིག་ རང་སོའི་ འདེམས་ཁོངས་ནང་ འགྱོ་བའི་བསྒང་ཡོདཔ་ཨིན་པས།


མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ དམ་ཆོས་རྡོ་རྗེ་གིས་ སླབ་མིའི་ནང་ ཚོགས་པའི་འདེམས་ངོ་ག་ར་ རང་སོའི་ འབྲེལ་ཡོད་འདེམས་ཁོངས་ཚུ་ནང་ སོང་ཡོདཔ་བཞིན་དུ་ ཁོ་ར་ཡང་ ཁ་ཙ་ལས་ ཁོ་རའི་འདེམས་ཁོངས་ དགོན་ཁ་སྟོད་ལ་ཡ་ལུ་ སོང་ཡི་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ བསྟན་རྒྱས་བློན་པོ་བགྲེསཔ་ མཁའ་འགྲོ་དབང་ཕྱུག་གིས་ སླབ་མིའི་ནང་ ཚོགས་པའི་འདེམས་ངོ་ག་ར་ འདེམས་ཁོངས་ཚུ་ནང་ འགྱོ་ཚར་ཡོདཔ་ལས་ ད་རེས་ ག་ར་གིས་ ངོས་ལེན་འགོ་དཔོན་ཚུ་དང་གཅིག་ཁར་ ཐོ་བཀོད་འབད་འོང་ཟེར་ཨིནམ་ད་ ཨིན་རུང་ ཀུན་གསལ་གྱིས་ རྫོང་ཁག་གི་ ངོས་ལེན་འགོ་དཔོན་ལ་ལུ་ཅིག་དང་འབྲེལ་བ་འཐབ་པའི་སྐབས་ ཚོགས་པའི་འདེམས་ངོ་མང་ཤོས་ཀྱིས་ ཁ་ཙ་ལས་ ཐོ་བཀོད་འབད་ཚར་ཏེ་ཡོད་ཟེར་ཨིན་པས།
བཀྲ་ཤིས་སྒང་རྫོང་ཁག་གི་ བསམ་མཁར་ཨུ་མཛོ་རོང་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ དབང་རྒྱལ་རྡོ་རྗེ་གིས་ འདེམས་ཁོངས་དེ་ནང་ འདེམས་ངོ་ག་གིས་ཡང་ ཁ་ཙ་ ཐོ་བཀོད་འབད་བར་ མ་འོང་ཟེར་ཨིནམ་ད་ འདེམས་ངོ་ཚུ་ འབོ་ནི་དེ་ཡང་ ཁོང་གི་ འགན་ཁུར་མེན་ཟེར་ཨིན་པས།
དར་དཀར་ནང་གི་ ངོས་ལེན་འགོ་དཔོན་ ལས་སྐྱིད་ཚེ་རིང་གིས་ འབྲུག་རྗེས་སྒང་ རྩེ་ཟ་འདེམས་ཁོངས་ཀྱི་ ཚོགས་པ་གཉིས་ཀྱི་ འདེམས་ངོ་གཉིས་ཆ་ར་གིས་ ཐོ་བཀོད་འབད་ཚར་ཡི་ཟེར་ཨིན་རུང་ གཞན་མི་སྒོ་ཤིང་ལྷ་མོ་རྫིང་ཁ་འདེམས་ཁོངས་ཀྱི་དོན་ལུ་ འདེམས་ངོ་ག་ཡང་མ་ལྷོད་ཟེར་ཨིནམ་ལས་ ཡིག་ཆ་ཚུ་ ནངས་པར་བདེན་དཔྱད་འབད་འོང་ཟེར་ཨིན་པས།
སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ནི་གི་དོན་ལུ་ འདེམས་ངོ་ཚུ་གིས་ ཡིག་ཆ་བསྡོམས་༩ ངོས་ལེན་འགོ་དཔོན་ཚུ་ལུ་ སྤྲོད་དགོཔ་ད་ དེ་ཡང་ ཚོགས་པ་གིས་ གདམ་ངོ་སྦེ་བཏོན་པའི་ཡིག་ཆ་དང་ ཁྲིམས་འདུན་ལས་ བྱ་ངན་ནང་འབྲེལ་གཏོགས་མེད་པའི་ བདེན་སྦྱོར་ཡིག་ཆ་ དེ་ལས་ རྒྱུ་དངོས་གསལ་སྟོན་འབད་བའི་ཡིག་ཆ་ཚུ་ སྤྲོད་དགོཔ་ཨིན་པས།
སྤུ་ན་ཁ་རྫོང་ཁག་གི་ འདེམས་ཁོངས་གཉིས་ཡོད་ས་ལས་ ཁ་ཙ་ གླིང་མུ་ཁ་སྟོད་ཝང་གི་འདེམས་ངོ་གཉིས་ཆ་ར་གིས་ ཐོ་བཀོད་འབད་ཡོདཔ་ད་ དཀར་སྦིས་རྟ་ལོག་གི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་གིས་ ཁ་ཙ་ ངོས་ལེན་འགོ་དཔོན་དང་གཅིག་ཁར་ ཚང་མ་ཚང་ལྟ་སྟེ་ ད་རེས་ སྤྲོད་ནི་སྦེ་ ལོག་སོང་ཡོདཔ་ཨིན་པས།
པཱན་སྦང་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ལས་གཡོག་བློན་པོ་བགྲེསཔ་ རྡོ་རྗེ་དབང་འདུས་ཀྱིས་ ཁ་ཙ་ ཉིན་མའི་ཆུ་ཚོད་༣ དེ་ཅིག་ཁར་ ཐོ་བཀོད་འབད་ཡོདཔ་ད་ གཞན་མི་འདེམས་ངོ་ཚེ་རིང་གིས་ གཟའ་སྐར་དང་བསྟུན་ ཐོ་བཀོད་འབད་ནི་སྦེ་ བསྒུག་སྟེ་ཡོདཔ་ཨིན་པས།
སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ནི་གི་དོན་ལུ་ འདེམས་ངོ་ཚུ་གིས་ སྤྱི་ཟླ་༦ པའི་ཚེས་༡ ལས་༡༡ གྱི་ནང་འཁོད་བཙུགས་དགོཔ་ཨིན་པས།
ཐོ་བཀོད་འབད་ནི་གི་ ཚེས་གྲངས་མཇུག་ ད་རིས་ཨིནམ་ལས་ འདེམས་ངོ་ག་ར་གིས་ ད་རིས་ ཆུ་ཚོད་༤ གི་ནང་འཁོད་ལུ་ བཙུགས་ཚར་དགོཔ་ཨིན་པས།
རྫོང་ཁག་ངོས་ལེན་འགོ་དཔོན་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ འདེམས་ངོ་ཚུ་གིས་ སྤྱིར་བཏང་བཙག་འཐུ་གི་དོན་ལུ་ ཡིག་ཆ་ཚུ་ ཚུལ་མཐུན་སྦེ་ བཙུགས་མ་ཚུགས་པའི་ དཀའ་ངལ་ཡོད་པ་ཅིན་ ཁྲིམས་ལུགས་དང་འཁྲིལ་ཏེ་ ཚོགས་པ་གིས་ འདེམས་ངོ་ཚབ་བཙུགས་ནི་གི་ གོ་སྐབས་ཡོད་ཟེར་ཨིན་པས།
འདེམས་ངོ་ཚུ་གིས་ དོ་འགྲན་ནང་ལས་ ཕྱིར་བཏོན་འབད་ནི་གི་ དང་འདོད་ཡོད་པ་ཅིན་ སྤྱི་ཟླ་༦ པའི་ཚེས་༡༤ གི་ ཕྱི་རུའི་ཆུ་ཚོད་༥ འི་ནང་འཁོད་ལུ་ བཙག་འཐུ་ལྷན་ཚོགས་ཀྱི་ སྤྱི་ལོ་༢༠༠༨ ཅན་མའི་ བཙག་འཐུའི་ཁྲིམས་ལུགས་ཀྱི་དོན་ཚན་༢༢༥ པའི་དགོངས་དོན་ལྟར་ འབད་ཆོག་ནི་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment