གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདེམས་ངོ་ཚུ་ལུ་ ཀུན་སྤྱོད་རྣམ་གཞག་གི་སྐོར་ལས་གསལ་བཤད།

༡༡/༦/༢༠༡༣   ༉ བུམ་ཐང་རྫོང་ཁག་ ཆོས་འཁོར་-སྟང་འདེམས་ཁོངས་ལས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཌོག་ཊར་པདྨ་རྒྱ་མཚོ་གིས་  ཁོ་ར་ ཚོགས་པའི་གཙོ་འཛིན་འོག་མའི་ འགན་འཁྲི་འབག་མི་ཨིནམ་ལས་ བཙག་འཐུ་ལྷན་ཚོགས་ཀྱིས་ ཁོ་ལུ་ གཞན་མི་འདེམས་ཁོངས་དང་ རྫོང་ཁག་ཚུ་ནང་ བསྐུལ་བསྒྲགས་འབད་ཆོག་པའི་ གནང་བ་གནང་སྟེ་ཡོད་ཟེར་ བཤདཔ་ཨིན་པས།
བུམ་ཐང་གི་འདེམས་ངོ་ཚུ་ལུ་ འབད་ཆོག་མི་ཆོག་གི་སྐོར་ལས་ གསལ་བཤད་འབད་བའི་བསྒང་།


དེ་ཡང་ ཁ་ཙ་ རྫོང་ཁག་ནང་ འདེམས་ངོ་ཚུ་ལུ་ གསལ་བཤད་ལས་རིམ་ འགོ་འདྲེན་འཐབ་སར་ སོ་ནམ་བློན་པོ་བགྲེསཔ་གིས་ གོང་གི་གནད་དོན་སྐོར་ དོགས་སེལ་འབད་ནི་གི་ གདམ་ཁ་རྐྱབ་ཡོདཔ་ཨིན་པས།
དོགས་སེལ་དེ་ཡང་ མི་སེར་དམངས་གཙོ་ཚོགས་པའི་ རྒྱབ་སྐྱོར་བ་ལ་ལུ་ཅིག་གིས་ ཧེ་མར་ བསྐུལ་བསྒྲགས་ཀྱི་ དུས་ཚོད་སྐབས་ ཁོ་རའི་ འདེམས་ཁོངས་ནང་རྐྱངམ་གཅིག་གིས་མ་དོ་བར་ འདེམས་ཁོངས་གཞན་ཚུ་ནང་ཡང་ འགྱོ་བའི་སྐོར་ དྲི་བ་ཅིག་བཀོད་མིའི་ལན་སྦེ་ཨིན་པས།
རྒྱབ་སྐྱོར་བ་ཚུ་གིས་འབད་བ་ཅིན་ ཁོ་ར་ བློན་པོ་བགྲེསཔ་ཅིག་འབད་བ་ལུ་བརྟེན་ གོ་སྐབས་ལེན་ཐོག་ལས་ ཚོགས་རྒྱན་སྐྱུར་མི་ཚུ་ ལྷུ་ཐབས་ལུ་ འདེམས་ངོ་གཞན་ཚུ་ལུ་ ཆ་རོགས་འབདཝ་མས་ཟེར་ཨིན་པས།
ཌོག་ཊར་པདྨ་རྒྱ་མཚོ་གིས་ དོགས་སེལ་འབད་ཡོད་རུང་ མི་སེར་དམངས་གཙོ་ཚོགས་པའི་ རྒྱབ་སྐྱོར་བ་ཚུ་གི་ དོགས་སྣང་ལས་འབད་བ་ཅིན་ འདེམས་ཁོངས་གཞན་ཚུ་ནང་ དེ་བཟུམ་མའི་ བསྐུལ་བསྒྲགས་འབད་མི་དེ་གིས་ ཚོགས་པའི་འདེམས་ངོ་ཚུ་ལུ་ ཐོ་ཕོག་ནི་བཟུམ་མཐོངམ་མས་ཟེར་ཨིན་པས།
ཁོ་ར་ཡང་ འདེམས་ངོ་གཞན་དང་ དབྱེ་བ་ག་ནི་ཡང་མེདཔ་ལས་ ཁོ་རའི་ འདེམས་ཁོངས་ནང་འཁོད་ལུ་རྐྱངམ་གཅིག་ བསྐུལ་བསྒྲགས་འབད་བཅུག་དགོ་ཟེར་ གཅིག་གིས་ སླབ་ཨིན་པས།
དེ་ལས་ གསལ་བཤད་ལས་རིམ་གྱི་སྐབས་ལུ་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུའི་དོན་ལུ་ དོ་འགྲན་འབད་མི་ སྲིད་ཚོགས་གཉིས་ཆ་རའི་ འདེམས་ངོ་ཚུ་གིས་ སྤྱིར་བཏང་གྲོས་འཛོམས་ཚུ་ནང་ མི་མང་དང་ དྲི་བ་དྲིས་ལན་གྱི་ གོ་སྐབས་ཅིག་ གནང་དགོ་པའི་ བསམ་འཆར་བཀོད་ཡོད་རུང་ བུམ་ཐང་གི་ བཙག་འཐུ་འགོ་དཔོན་ཚུ་གིས་ ངོས་ལེན་འབད་མ་བཏུབ་པས།
ཆུ་སྨད་-ཨུ་ར་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ པདྨ་ཆོས་འཕེལ་གྱིས་ སླབ་མིའི་ནང་ ཁོང་གིས་ འདི་བཟུམ་མའི་ ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་མེད་མི་དེ་ རྩོད་རྙོགས་འཐོན་མི་བཅུག་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
དེ་སྦེ་ འབད་བཅུག་པ་ཅིན་ འདེམས་ངོ་ཚུ་གི་ ནང་འཁོད་ལུ་ དམའ་ཕབ་རྐྱབ་ནི་དང་ སྐྱོན་བརྗོད་འབད་ནི་ ཁོང་ཁྲོ་ལང་ཉེན་ཡོདཔ་ལས་ བསྐུལ་བསྒྲགས་འབད་ནིའི་ གནས་སྟངས་ལེགས་ཤོམ་ཅིག་ མི་འོང་ཟེར་ ཁོ་གིས་ སླབ་ཨིན་པས།
བུམ་ཐང་ལུ་ འགོ་ཐོག་བཙག་འཐུའི་སྐབས་ སྲིད་དོན་ཚོགས་པ་ཚུ་གི་ ནང་འཁོད་ལུ་ སྟབས་མ་བདེཝ་སྦོམ་ག་ནི་ཡང་ མ་ཐོནམ་ལས་ སྲིད་ཚོགས་གཉིས་ཀྱི་ འདེམས་ངོ་དང་ རྒྱབ་སྐྱོར་བ་ཚུ་གིས་ སྔར་བཟུམ་སྦེ་ར་ ཞི་བདེ་ཐོག་ལས་ ལཱ་འབད་ནི་གི་ ཁས་ལེན་འབད་ཡོདཔ་ཨིན་པས།
རྫོང་ཁག་བཙག་འཐུ་ཡིག་ཚང་ནང་ འགོ་འདྲེན་འཐབ་མི་ གསལ་བཤད་ནང་ སྲིད་ཚོགས་གཉིས་ཀྱི་ འདེམས་ངོ་དང་ རྒྱབ་སྐྱོར་བ་ཚུ་ལུ་ འབད་ཆོགཔ་དང་མ་ཆོགཔ་ བསྐུལ་བསྒྲགས་འབད་ཐངས་ ཀུན་སྤྱོད་རྣམ་གཞག་ སྤྱིར་བཏང་གྲོས་འཛོམས་ རྒྱུད་བསྐུལ་དང་ བསྐུལ་བསྒྲགས་འབད་མ་ཆོག་པའི་དུས་ཚོད་ ཚོགས་རྒྱན་གྱི་ཉིནམ་སྐོར་ལས་ ནན་བསྐྱར་དུ་ གོ་བརྡ་སྤྲོད་ཡོདཔ་ཨིན་པས།
སྤྱིར་བཏང་གྲོས་འཛོམས་ཀྱི་དོན་ལུ་ འདེམས་ངོ་རེ་གིས་ དུས་ཡུན་སྐར་མ་༤༥ རེ་ གསལ་བཤད་འབད་ནི་སྦེ་ ཐག་བཅད་ཡོདཔ་ད་ གྲོས་འཛོམས་སྐབས་ ཚོགས་པའི་གཞི་རྩ་དང་ སྲིད་བྱུས་ ལས་རིམ་ཚུ་ལུ་མ་གཏོགས་ འདེམས་ངོའི་གནས་རིམ་ནང་ སྐྱོན་བརྗོད་འབད་ཆོག་ཟེར་ འདེམས་ངོ་ཚུ་ལུ་ དྲན་གསལ་འབད་ནུག།
ཚོགས་པ་དང་ ཡང་ཅིན་ འདེམས་ངོ་ལུ་ དམའ་ཕབ་རྐྱབ་ནི་དང་ ཁ་ཉེས་བཀལ་ནི་ཚུ་ འཛེམ་དགོ་ཟེར་ པདྨ་ཆོས་འཕེལ་གྱིས་ བཤད་པའི་ཁར་ སྲིད་དོན་ཚོགས་པ་ཅིག་གིས་ རྫོང་ཁག་དང་ འདེམས་ཁོངས་ རྒེད་འོག་ སྤྱི་འོག་རེ་ནང་ འགོ་འདྲེན་པ་རེ་དང་ འདེམས་ཁོངས་ནང་ བཙག་འཐུའི་ངོ་ཚབ་རེ་ དེ་ལས་ ཚོགས་རྒྱན་གྱངས་ཁ་རྐྱབ་སའི་ ངོ་ཚབ་༢ བཞག་ཆོག་ནི་ཨིན་རུང་ ངོ་ཚབ་ཚུ་ རང་སོའི་འདེམས་ཁོངས་ནང་ལས་ར་དགོ་ཟེར་ གསལ་བཤད་འབད་ཡོདཔ་ཨིན་པས།
ད་རུང་ འདེམས་ངོ་ཚུ་གིས་ རྒྱལ་ཁམས་ལས་གནང་མི་ བསྐུལ་བསྒྲགས་མ་དངུལ་༡༣༠,༠༠༠ དང་ ཚོགས་པ་ ཡང་ཅིན་ འདེམས་ངོའི་མ་དངུལ་༡༣༠,༠༠༠ དེ་ ཚུལ་མཐུན་སྦེ་ ལག་ལེན་འཐབ་དགོ་པའི་ དྲན་གསོ་ཡང་འབད་ནུག།
བུམ་ཐང་ལུ་ སྤྱིར་བཏང་གྲོས་འཛོམས་ཚུ་ སྤྱི་ཟླ་༦ པའི་ཚེས་༡༧ ལས་༢༧ གྱི་བར་ན་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment