གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་དབང་རྒྱལ་བཙུན་མཆོག་གི་ འཁྲུངས་སྐར་དུས་སྟོན།

༥/༦/༢༠༡༣   ༉ ཁ་ཙ་ འབྲུག་གི་གླ་འཁོར་དེད་གཡོགཔ་ཚོགས་པའི་ ངོ་ཚབ་༥༠ གིས་ མི་དབང་རྒྱལ་བཙུན་མཆོག་ དགུང་ལོ་༢༣ བཞེས་པའི་ འཁྲུངས་སྐར་དུས་སྟོན་ལུ་ བཀྲིས་ལེགས་སྨོན་ཕུལ་ཡོདཔ་ད་ གླ་འཁོར་དེད་གཡོགཔ་ཚུ་ ཉིནམ་དེ་ནང་ མི་དབང་རྒྱལ་བཙུན་མཆོག་ལུ་ མངར་ཟས་ཀེག་ཕུལ་བར་ གླིང་ཀ་ནང་ཕོ་བྲང་ནང་ ལོ་བསྟར་བཞིན་དུ་ འོང་སྲོལ་ཡོདཔ་ཨིན་པས།
འབྲུག་གི་གླ་འཁོར་དེད་གཡོགཔ་ཚོགས་པའི་ ངོ་ཚབ་ཚུ་གི་གདོང་ཁར་ མི་དབང་རྒྱལ་བཙུན་མཆོག་གིས་ མངར་ཟས་ཀེག་བཏོག་གནངམ་ད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཐུགས་སྤྲོའི་ཐོག་ལས་ གཟིགས་གནང་པའི་བསྒང་།


ད་རུང་ འབྲུག་གི་དྲག་ཁག་གསུམ་གྱི་ འགོ་འཛིན་ཚུ་གིས་ཡང་ དམག་སྡེ་ཚུ་གི་ ཁ་ཐུག་ལས་ མི་དབང་རྒྱལ་བཙུན་མཆོག་ལུ་ མངར་ཟས་ཕུལ་ཡོདཔ་ཨིན་པས།
མི་དབང་རྒྱལ་བཙུན་མཆོག་གིས་ མངར་ཟས་ཀེག་ཚུ་ གཟི་ལུང་ཁ་ཨ་ནེམོ་གྲྭ་ཚང་དང་ འབྲུག་ལྕོགས་གྲུབ་མི་སྡུ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཨ་ལུའི་ནད་ཁང་ ཨ་ལུ་དང་ ན་གཞོན་གྱི་དོན་ལུ་ བྲག་མཚོ་ལག་གཡོག་སྦྱོང་བརྡར་ལྟེ་བ་ཚུ་ལུ་ གསོལ་རས་སྦེ་ གནང་ཡོད་པའི་གནས་ཚུལ།

No comments:

Post a Comment