གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་༣ གྱིས་ ཨམ་སྲུ་ཅིག་ལུ་ དབང་བཙོང་ལུས་འབྲེལ་འབད་བའི་དོགས་པ།

༡༤/༦/༢༠༡༣   ༉ ཧཱ་ལུ་ སྐྱེས་ལོ་༣༧ ལང་མི་ ཨམ་སྲུ་ཅིག་ལུ་ དམངས་བསྡོམས་དབང་བཙོང་ལུས་འབྲེལ་འབད་བའི་ དོགས་པ་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ ཕོ་སྐྱེས་༣ འཛིན་བཟུང་འབད་ཡོདཔ་ཨིན་པས།
བྱུང་རྐྱེན་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༨ ལུ་ ས་གནས་བ་ལམ་ཟམ་གྱི་ སྦོ་ལོགས་ཁར་ བྱུང་ཡོདཔ་ད་ གནད་དོན་དེ་གི་སྐོར་ལས་ ཉམས་རྒུདཔ་ཨམ་སྲུ་དེ་གིས་ དེ་ཚེ་ ཕྱི་རུའི་ཆུ་ཚོད་༧ དེ་ཅིག་ཁར་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།



ད་ལྟོ་ ཁྲིམས་སྲུང་འགག་པའི་ དོ་དོམ་འོག་ལུ་ཡོད་མི་ དོགས་པ་ཅན་༣ གྱི་གྲས་ལས་ཅིག་ སྐྱེས་ལོ་༢༩ ལང་མི་དང་ གཞན་མི་གཉིས་ སྐྱེས་ལོ་༢༧ རེ་ ལང་ཡོདཔ་ཨིན་པས།
དོགས་ཅན་ཕོ་སྐྱེས་༣ ཆ་ར་  སྤ་རོ་རྫོང་ཁག་ ནག་རྒྱ་རྒེད་འོག་ལས་ཨིནམ་ད་ ཉམས་རྒུདཔ་དེ་ ཧཱ་ས་དམར་རྒེད་འོག་ལས་ཨིན་པས།
ཉམས་རྒུད་པ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མིའི་ནང་ དེ་ཚེ་ཉིན་མར་ བྱུང་རྐྱེན་དེ་ བ་ལམ་ཟམ་གྱི་ སྦོ་ལོགས་ཁར་ བྱེམ་ལེན་པར་ འགྱོ་བའི་སྐབས་ལུ་ བྱུང་ཡི་ཟེར་ཨིནམ་ད་ བྱེམ་ལན་ཐེངས་༡ མོ་རའི་ ཆ་རོགས་ཀྱི་ སྣུམ་འཁོར་དེ་གིས་ བསྐྱེལ་བྱིནམ་ལས་ དེ་ཚེ་ཡང་ ཁོ་ལུ་ བྱེམ་ལེན་གནང་ཟེར་ སླབ་ཡོད་རུང་ དེ་བསྒང་ སྣུམ་འཁོར་གྱི་ ཇོ་བདག་དེ་ ཆང་གིས་ འགྲངས་སོཔ་ལས་ ཁོ་གི་ ཆ་རོགས་༣  མོ་དང་གཅིག་ཁར་ བྱེམ་ལེན་པ་ བཏང་ཡོདཔ་ཨིན་པས།
དེ་བསྒང་ ཕོ་སྐྱེས་༣ ཆ་ར་ ཆང་འགྲངས་ཡོདཔ་མ་ཚད་ ཁོང་གིས་ ཉམས་རྒུདཔ་ཨམ་སྲུ་དེ་ལུ་ཡང་ ཆང་བྱིན་ཞིནམ་ལས་ དབང་བཙོང་ལུས་འབྲེལ་ འབད་ཡོདཔ་སྦེ་ མོ་གིས་ ཁ་ཉེས་བཀལ་ཡོདཔ་ཨིན་པས།
ཉམས་རྒུདཔ་དེ་ལུ་ ཨ་ལུ་༣ ཡོདཔ་ད་ མོ་ལུ་ དབང་བཙོང་ལུས་འབྲེལ་འབད་མི་ དོགས་ཅན་༣ པོ་དེ་ མོ་རའི་ རྨགཔ་བགྲེསཔ་གི་ གཡུས་ཁ་ལས་ཨིན་པས།
གསོ་བའི་བརྟག་དཔྱད་དང་འཁྲིལཝ་ད་ ཨམ་སྲུ་དེ་ལུ་ ལུས་འབྲེལ་འབད་ཡོད་པའི་ མངོན་གསལ་བྱུང་ཡོད་རུང་ མོ་མཚན་ནང་ རྨ་སྐྱོན་ལ་སོགས་པ་ ག་ཅི་ཡང་མིན་འདུག་ཟེར་ཨིན་པས།
དོགས་ཅན་༣ གྱིས་ཡང་ མོ་ལུ་ དབང་བཙོང་གི་སྒོ་ལས་ ལུས་འབྲེལ་འབད་ཡོདཔ་སྦེ་ ཁྲིམས་སྲུང་འགག་པ་ལུ་ རྫུན་ཁ་བཟེད་ཡོདཔ་ཨིན་པས།
ཧཱ་གི་ ཁྲིམས་སྲུང་འགག་པ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཁོང་གིས་ དོགས་ཅན་༣ དང་ ཉམས་རྒུདཔ་ལུ་ དྲི་དཔྱད་འབད་ཚར་ཡོདཔ་མ་ཚད་ ཁྲིམས་ཀྱི་འདུན་སར་ བསྐྱལ་ནི་གི་ ཉེས་འཛུགས་ཚུ་ཡང་ གྲ་སྒྲིག་འབད་དེ་ ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༠༤ གི་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལཝ་ད་ གཉེན་རྐྱབ་ཡོད་མི་ ཨམ་སྲུ་ཅིག་ལུ་ དམངས་བསྡོམས་ལུས་འབྲེལ་འབད་བ་ཅིན་ དོགས་ཅན་ཚུ་ དབྱེ་རིམ་༣ པའི་ཉེས་ཆེན་ སྨིན་དགོཔ་ད་ བཙོན་ཁྲིམས་དམའ་ཤོས་ལོ་༥ དང་ མཐོ་ཤོས་ལོ་༩ ཕོགཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment