གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲིམས་འགལ་བ་ཚུ་གིས་ སྲིད་ཚོགས་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཉེན་སྲུང་ཉོགས་མེད་ལག་ཁྱེར་ དེ་འཕྲོ་ལས་མི་འཐོབ་ནི།

༡༧/༦/༢༠༡༣   ༉ སྐུ་གསུང་ཐུགས་རྟེན་དང་ རྒྱལ་ཡོངས་ཀྱི་ཉེན་སྲུང་དང་འབྲེལ་བའི་ ཁྲིམས་འགལ་མེན་པའི་ ལཱ་གཞན་འབད་བ་ཅིན་ ལྟ་རྟོག་གནས་ཡུན་དེ་ ཚང་པའི་ཤུལ་ལས་ ཉེན་སྲུང་ཉོགས་མེད་ལག་ཁྱེར་ འཐོབ་དོ་ཡོདཔ་ཨིན་རུང་ སྲིད་དོན་ནང་ བཅའ་མར་གཏོགས་ནི་ཨིན་པ་ཅིན་ དེ་འཕྲོ་ལས་ ཉེན་སྲུང་ཉོགས་མེད་ལག་ཁྱེར་ མི་ཐོབ་དོ་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལས་ ཉེན་སྲུང་ཉོགས་མེད་ལག་ཁྱེར་གྱི་ ཐོ་བཀོད་འབད་མི་ཚུ་ གལ་སྲིད་ཁྲིམས་འགལ་གྱི་ ལཱ་ཆེ་ཆུང་ག་ཅི་བཟུམ་འབད་རུང་ ལག་ཁྱེར་འཐོབ་ནིའི་ འོས་འབབ་མེད་པའི་ཁར་ ལྟ་རྟོག་གནས་ཡུན་ཡང་ མེད་ཟེར་ཨིན་པས།
ནང་སྲིད་ལྷན་ཁག་གི་ འགོ་དཔོན་དང་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ ཉེན་སྲུང་ཉོགས་མེད་ལག་ཁྱེར་གྱི་སྐོར་ལས་ གསང་དགོཔ་ཨིན་ཟེར་སླབ་སྟེ་ གནད་དོན་དེ་གི་སྐོར་ལས་ སླབ་མ་བཏུབ་རུང་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ ཡོངས་འབྲེལ་འཆར་སྒོ་དང་འཁྲིལཝ་ད་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་ཨིན་པ་ཅིན་ ཉེན་སྲུང་ཉོགས་མེད་ལག་ཁྱེར་དེ་ སོ་སོར་སྦེ་ བཏོན་དགོཔ་ཨིན་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ བཙག་འཐུ་གི་དོན་ལས་ ཉེན་སྲུང་ཉོགས་མེད་ལག་ཁྱེར་ བཏོན་དགོ་ཟེར་ སླབ་པའི་སྐབས་ ཨ་རྟག་ལག་ལེན་འཐབ་ནི་ཨིན་མི་ ཉེན་སྲུང་ཉོགས་མེད་ལག་ཁྱེར་དེ་མེན་པར་ དམིགས་བསལ་དུ་ བཙག་འཐུའི་དོན་ལས་ར་ བཏོན་དགོཔ་ཨིན་ཟེར་ཨིན་པས།
ནང་སྲིད་ལྷན་ཁག་གི་ འགོ་དཔོན་ཚུ་དང་ ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་འབད་བ་ཅིན་ མི་ཚུ་གིས་ ཁྲིམས་འགལ་གྱི་ ལཱ་འབད་བ་ཅིན་ ལྟ་རྟོག་གནས་ཡུན་དེ་ མ་ཚང་ཚུན་ཚོད་ ཉེན་སྲུང་ཉོགས་མེད་ལག་ཁྱེར་ ཐོབ་མི་ཚུགས་ཟེར་ཨིན་པས།
ཉེན་སྲུང་ཉོགས་མེད་ལག་ཁྱེར་གྱི་ དམིགས་ཡུལ་ངོ་མ་ར་ རྒྱལ་ཁབ་ནང་ ཁྲིམས་འགལ་གྱི་ལཱ་འབད་མི་ མར་ཕབ་རྐྱབ་ནིའི་དོན་ལུ་ཨིནམ་བཞིན་དུ་ ད་རེས་ནངས་པ་ གཡོག་དང་ སྦྱོང་བརྡར་གྱི་གོ་སྐབས་ལེན་པའི་སྐབས་དང་ ཕྱིའི་རྒྱལ་ཁབ་ཚུ་ནང་ དཔེ་ཆ་ལྷབ་པར་འགྱོ་ནི་ལ་སོགས་པའི་དོན་ལས་ ཉེན་སྲུང་ཉོགས་མེད་ལག་ཁྱེར་དེ་ ངེས་པར་དུ་ དགོཔ་ཨིན་པས།
ག་དེམ་ཅིག་སྦེ་ ཉེས་པ་ཡང་ཁྲ་དང་ ཁྲིམས་འགལ་གྱི་ལཱ་ཆུང་བ་ འགོ་དང་པ་ འབདཝ་ཨིན་པ་ཅིན་ ཉེན་སྲུང་ཉོགས་མེད་ལག་ཁྱེར་འཐོབ་ནིའི་དོན་ལས་ ལྟ་རྟོག་གནས་ཡུན་ཟེར་ མ་དགོཔ་ཨིན་པས།
གལ་སྲིད་མི་ཅིག་གིས་ ཉེས་པ་ཡང་ཁྲ་འབད་ཡོདཔ་ད་ དེ་ཡང་ ཚར་གཉིས་ལས་བརྒལ་ མ་འབད་བ་ཅིན་ ཉེན་སྲུང་ཉོགས་མེད་ལག་ཁྱེར་ འཐོབ་ནིའི་དོན་ལས་ ལྟ་རྟོག་གནས་ཡུན་ ཟླ་ངོ་༢ ལས་༣ གྱི་བར་ན་ བཞགཔ་ཨིན་ཟེར་ཨིན་པས།
དབྱེ་རིམ་༤ པའི་ཉེས་ཆེན་ ཕོག་མི་ཅིག་ཨིན་པ་ཅིན་ ཉེན་སྲུང་ཉོགས་མེད་ལག་ཁྱེར་འཐོབ་ནིའི་དོན་ལས་ ལྟ་རྟོག་གནས་ཡུན་དེ་ ལོ་༡ ཨིན་པས།
དེ་བཟུམ་སྦེ་ དབྱེ་རིམ་༣ པའི་ ཉེས་ཆེན་ཕོག་མི་ཅིག་ཨིན་པ་ཅིན་ ལྟ་རྟོག་གནས་ཡུན་དེ་ ལོ་ངོ་༢ ཨིནམ་ད་ དབྱེ་རིམ་༢ པའི་ཉེས་ཆེན་ཕོག་མི་ཨིན་པ་ཅིན་ ཉེན་སྲུང་ཉོགས་མེད་ལག་ཁྱེར་ འཐོབ་ནིའི་དོན་ལུ་ ལྟ་རྟོག་གནས་ཡུན་དེ་ ལོ་༣ ཨིན་པས།
དེ་ལས་ དབྱེ་རིམ་དང་པའི་ ཉེས་ཆེན་ཕོག་མི་ཚུ་གིས་ ཉེན་སྲུང་ཉོགས་མེད་ལག་ཁྱེར་འཐོབ་ནིའི་དོན་ལུ་ ལྟ་རྟོག་གནས་ཡུན་དེ་ ལོ་༤ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment