གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀྲོང་གསརཔ་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཚོགས་རྒྱན་༢༥༣༧ བཙུགས་ཡོདཔ།

༣/༦/༢༠༡༣   ༉ དབུས་ཕྱོགས་རྫོང་ཁག་ ཀྲོང་གསར་གྱི་མི་སེར་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཚོགས་རྒྱན་བསྡོམས་༢༥༣༧ བཙུགས་ཏེ་  སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ནི་གི་ གོ་སྐབས་བྱིན་ཡོདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་གིས་ རྫོང་ཁག་དེ་ནང་ལས་ ཚོགས་རྒྱན་༡༨༦༥ ཐོབ་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པ་གིས་༦༣༤ དེ་ལས་ འབྲུག་སྤྱིར་དབང་ཚོགས་པ་གིས་༡༨༢ ཐོབ་ཡོདཔ་ཨིན་པས།



གྲུབ་འབྲས་དེ་ལུ་ སེམས་དགའ་ཡོད་མི་ འབྲུག་ཕུན་སུམ་ཚོགས་པའི་ ནུབ་སྦིས་སྟང་སི་སྦྱིས་འདེམས་ངོ་ དངོས་གྲུབ་བཟང་པོ་གིས་ སྤྱིར་བཏང་བཙག་འཐུ་ནང་ གྲུབ་འབྲས་ག་བཟུམ་འོང་ག་ སླབ་མི་ཤེས་པས་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཚོགས་པ་གིས་ རྒྱལ་ཁ་ཐོབ་སྟེ་འབད་རུང་ མི་སེར་དམངས་གཙོ་ཚོགས་པ་དང་ཕྱདཔ་ད་ ཁྱད་པར་དེམ་ཅིག་འོང་ནི་གི་ རེ་བ་མ་བསྐྱེད་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་དང་ཕྱདཔ་ད་ ཚོགས་རྒྱན་༦༧༢ དེ་ཅིག་ཡོདཔ་ཨིན་རུང་ མི་ཚུ་གིས་ ཐོར་གཏམ་བཤད་མི་དང་འཁྲིལཝ་ད་ ཚོགས་པ་གིས་ ཚོགས་རྒྱན་གྱི་རྒྱབ་སྐྱོར་ འ་ནེམ་ཅིག་ མི་ཐོབ་སྦེ་ བཤད་ཡོདཔ་ཨིན་པས།
དོངས་གྲུབ་བཟང་པོ་གིས་ སྤྱི་ལོ་༢༠༠༠ ལུ་ ཤེས་རབ་རྩེ་ལས་ མཐར་འཁྱོལ་བའི་ཤུལ་ལས་ ཨ་མཱན་ཀོ་ར་ནང་ ལོ་༤ གི་རིང་ ལཱ་འབད་ཡོདཔ་ད་ དེ་གི་ཤུལ་ལས་ སྤྱི་ཚོགས་དང་པའི་ནང་ ལཱ་འབད་ཡོདཔ་ཨིནམ་ད་ ཁོ་གིས་ འགོ་ཐོག་བཙག་འཐུའི་སྐབས་ལུ་ ཁས་བླངས་དེ་ཅིག་ར་ མ་འབད་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ དཀོན་མཆོག་བསམ་འཕེལ་དོན་གྲུབ་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ མི་ཚུ་གིས་ ད་འབད་བ་ཅིན་ སྤྱི་ལོ་༢༠༠༨ ལུ་ ག་ཅི་འབད་ཡི་ག་ ཤེས་དོ་བཟུམ་མཐོངམ་མས་ཟེར་ཨིནམ་ད་ ད་རེས་ཀྱི་གྲུབ་འབྲས་ལུ་ སེམས་དགའ་ཡི་ཟེར་ཨིན་པས།
ཁོ་གིས་ཡང་ མི་ཚུ་གིས་ ཁོ་ར་ངོ་ཤེསཔ་ལས་ སྤྱིར་བཏང་གྲོས་འཛོམས་ཚུ་ནང་མ་གཏོགས་ ཁས་བླངས་ལོགས་སུ་མ་འབད་ཟེར་ཨིནམ་ད་ ཚོགས་པ་དེ་གིས་ ལྡོག་ཕྱོགས་འབད་ནི་གི་ གོ་སྐབས་ཐོབ་སྟེ་འབད་རུང་ འདེམས་ངོ་མང་སུ་ འཐོན་འོང་ཟེར་ཨིན་པས།
ཁོ་གིས་ སྤྱིར་བཏང་བཙག་འཐུའི་སྐབས་ལུ་ སོ་སོར་འོང་ནི་ཨིནམ་ལས་ དེ་བསྒང་ རེ་བ་བསྐྱེད་དོ་ཡོདཔ་ད་ ཁོ་གིས་ སྤྱི་ལོ་༡༩༨༣ ལུ་ རྒྱ་གར་གྱི་ས་གནས་ ཤི་ལོང་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཡོདཔ་ད་ དེ་གི་ཤུལ་ལས་ ཕིན་ལེན་ལས་ ཌིབ་ལོ་མ་གི་ ཤེས་ཚད་ཐོབ་ཡོདཔ་ཨིན་པས།
སྐྱེས་ལོ་༢༧ ལང་མི་ འབྲུག་སྤྱིར་དབང་ཚོགས་པའི་འདེམས་ངོ་ སྐལ་བཟང་རྡོ་རྗེ་གིས་ རྒྱལ་ཁ་འཐོབ་ནི་གི་ རེ་བ་བསྐྱེད་ཡོད་རུང་ གྲུབ་འབྲས་དེ་ལུ་ལྟ་སྟེ་ སེམས་ཕམ་མེདཔ་ལས་ ཤུལ་ལས་ དོ་འགྲན་ནང་ བཅའ་མར་གཏོགས་ནི་གི་ ཉམས་མྱོང་ཐོབ་ཅི་ཟེར་ཨིན་པས།
ཁོ་གིས་ཡང་ རྒྱ་གར་གྱི་ས་གནས་ ཤི་ལོང་ལས་མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཏེ་ སྒེར་གྱི་གསར་ཤོག་ཅིག་ནང་ ལཱ་འབད་སྡོད་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཡེ་ཤེས་དཔལ་འབྱོར་གྱིས་ ཚོགས་པ་གིས་ རྒྱལ་ཁ་མ་ཐོབ་སྟེ་འབད་རུང་ མི་སེར་ཚུ་གིས་ ཚོགས་པ་རྙིངམ་གཉིས་ལུ་ བློ་གཏད་ཡོདཔ་ལས་ གུས་ཞབས་ཡོད་ཟེར་ཨིན་པས།
ཀྲོང་གསར་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༥༩ ལྷགཔ་ཅིག་ ཐོན་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment