གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧཱ་ལུ་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་བཙུགས་མི་བསྡོམས་༦༨༩༥ ཡོད་ས་ལས་༣༧༣༨ ཀྱིས་ ཚོགས་རྒྱན་བཙུགས་ཡོདཔ།

༣/༦/༢༠༡༣   ༉ བཙག་འཐུ་མཇུག་བསྡུ་ནི་གི་ དུས་ཡུན་ཆུ་ཚོད་ཕྱེད་དེ་ཅིག་ལུ་ ནུབ་མཚོ་ནག་པ་ཏྲ་ལུ་ ནོར་རྫིཔ་༣ ཧཱ་གི་ ངོས་ལེན་འགོ་དཔོན་གྱི་ ཡིག་ཚང་ནང་ ཚོགས་རྒྱན་གྱི་ ངོས་འཛིན་འདྲ་པར་ལེན་པར་ འོང་ཡོདཔ་ཨིན་པས།


ཨ་རྟག་འབད་བ་ཅིན་ ནུབ་མཚོ་ནག་པ་ཏྲ་ཚུན་ ཉིན་ལམ་༢ འགོར་དོ་ཡོདཔ་ཨིན་རུང་ ཁོང་༣ གྱིས་ ཉིནམ་༡ ནང་འོང་སྟེ་ ཚོགས་རྒྱན་བཙུགས་པར་ལྷོདཔ་སྦེ་འོང་ཡོདཔ་ལས་ རྫོང་ཁག་བཙག་འཐུ་འགོ་དཔོན་ཚུ་གིས་ དེ་འཕྲོ་ལས་ འདྲ་པར་བཟོ་བྱིན་ཏེ་ ཚོགས་རྒྱན་བཙུགས་པར་ བཏང་ཡོདཔ་ཨིན་པས།
ཁོང་༣ གྱིས་ ཚོགས་རྒྱན་བཙུགས་མི་ ཚོགས་པ་དེ་ སྤྱིར་བཏང་བཙག་འཐུ་ནང་ ལྷོད་ཡོདཔ་ཨིན་ན་མེན་ན་ མ་ཤེས་རུང་ ཧཱ་གི་མི་སེར་ཚུ་གིས་ བཙག་འཐུའི་ཉིནམ་དེ་ གནམ་མེད་ས་མེད་ཁག་ཆེཝ་སྦེ་བརྩི་སྟེ་ ཚོགས་རྒྱན་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཧཱ་ཡངས་ཐང་ལས་ རྡོ་རྗེ་གིས་ ཚབ་ཚབ་སྦེ་ ཚོགས་རྒྱན་བཙུགས་པར་འོང་པའི་སྐབས་ ཁོ་རའི་ ངོས་འཛིན་འདྲ་པར་འཛོལ་ཏེ་ ཨམ་སྲུ་གི་ འདྲ་པར་འབག་འོང་ཡོདཔ་ཨིན་པས།
ས་གནས་ནང་ ཆརཔ་མ་ཆད་པར་རྐྱབ་ཡོདཔ་ཨིན་རུང་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་བཙུགས་མི་བསྡོམས་༦༨༩༥ ཡོད་ས་ལས་ འགོ་ཐོག་བཙག་འཐུ་ནང་༣༧༣༨ ཀྱིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།
ཚོགས་རྒྱན་༣༧༣༨ ནང་ལས་༢༦༥༩ གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་བཙུགས་ཏེ་ འགོ་ཐོག་བཙག་འཐུ་ནང་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
འགྲེམ་ཐོག་བཙག་འཐུ་ནང་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་༤༣༤ ཐོབ་སྟེ་ མཐོ་ཤོས་ཅིག་ཨིནམ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་༨༦ ཐོབ་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པ་གིས་༦༡ དེ་ལས་ འབྲུག་སྤྱིར་དབང་ཚོགས་པ་གིས་ ཚོགས་རྒྱན་༡༣ ཐོབ་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ སྦྱིས་དཀར་འཚོ་དབུས་སུ་གི་འདེམས་ངོ་ ཌོག་ཊར་དགའ་མདོག་ཚེ་རིང་གིས་ སླབ་མིའི་ནང་ འགོ་ཐོག་བཙག་འཐུ་གི་ གྲུབ་འབྲས་ལུ་བལྟ་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་གིས་ ཁས་བླངས་གསལ་བསྒྲགས་དང་ བསྐུལ་བསྒྲགས་ལེགས་ཤོམ་འབད་ཡོད་པའི་ རྟགས་མཚན་ཅིག་ཨིན་མས་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ འཇིགས་མེད་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ མ་གཞི་ ཁོ་གི་ཚོགས་པ་གིས་ ཚོགས་རྒྱན་༢༤༥ ལས་མང་སུ་འཐོབ་པའི་ རེ་བ་བསྐྱེད་སྡོད་ཅི་ཟེར་ཨིནམ་ད་ ཨིན་རུང་ ཁོ་ལུ་ རྒྱབ་སྐྱོར་འབད་མི་ མི་སེར་ཚུ་ལུ་ དགའ་ཚོར་སྦོམ་ཡོད་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་ བསོད་ནམས་ཚེ་རིང་གིས་འབད་བ་ཅིན་ ད་ལྟོ་ འགོ་བཙུགསཔ་ཅིག་ཨིནམ་ལས་ མི་སེར་ཚུ་གིས་ ད་ལས་ཕར་ རྒྱབ་སྐྱོར་འབད་བའི་ རེ་བ་ཡོདཔ་མ་ཚད་ འབྲུག་སྤྱིར་དབང་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་ མི་སེར་ག་ར་ལུ་ དགའ་ཚོར་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment