གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཐོ་གཏུགས་ཀྱི་རྩོད་བཤེར་ལུ་ བསྒྱུར་བཅོས་མེདཔ།

༡༢/༦/༢༠༡༣   ༉ སྤྱི་ལོ་༢༠༡༢ ལུ་ ཐིམ་ཕུའི་ཁྱིམ་ཅིག་གི་ནང་ལས་ གསེར་དང་ བྱུ་རུ་ཨར་རྐུན་འབད་མི་ དངོས་གྲུབ་རྒྱལ་མཚན་ལུ་ ཐོག་མའི་ཁྲིམས་འདུན་ལས་ ཉེས་ཁྲིམས་གཞན་ཡང་ བཀལ་མི་ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ རང་འཇགས་ཀྱི་ འཁྲུན་ཆོད་གནང་ཡོདཔ་ཨིན་པས།


ཐིམ་ཕུ་རྫོང་ཁག་ཁྲིམས་ཁྲི་༣ པ་ལས་ འཁྲུན་ཆོད་གནང་མི་ལུ་ ཁེ་རྒུད་མ་བཏུབ་མི་དེ་ཡང་ རྒྱལ་ཡོངས་དགོངས་ཞུ་དང་ འཚོ་རྟེན་མ་དངུལ་ཡིག་ཚང་ནང་ ལཱ་འབད་མི་ ཉམས་རྒུདཔ་ཀུན་བཟང་ཉི་མའི་ཁྱིམ་ནང་ལས་ སྤྱི་ལོ་༢༠༡༢ ལུ་ ཆ་རོགས་ཨིན་མི་ དངོས་གྲུབ་རྒྱལ་མཚན་གྱིས་ གསེར་ཏོ་ལ་༡ དང་ཕྱེད་འབད་མི་ཅེན་དང་ གསེར་ཏོ་ལ་༥ འབད་མི་ དོབ་ཅུང་༡ ཨར་རྐུན་འབད་ཡོདཔ་ ངེས་བདེན་ཨིནམ་ལས་ ཉེས་ཁྲིམས་བཀལ་ནུག།
ཨིན་རུང་ བྱུ་རུ་ཁ་གྲངས་༩ དང་ གྱོན་ཆས་ཚུ་ གོ་ལ་བཙུགས་བཞག་སའི་ སྒྲོམ་ནང་ལས་ བཏོན་འབག་ཡོད་མི་ཚུ་ དུས་མཉམ་ལུ་ ཨར་རྐུན་འབད་ཡོདཔ་ གོང་འཁོད་གནད་དོན་ཚུ་ གསལ་རིལ་རི་སྦེ་ བཏོན་ཡོད་རུང་ ཉེས་ཁྲིམས་མ་བཀལཝ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ཀྱིས་ མཐོ་གཏུགས་ཞུ་ནུག།
རྩོད་དཔོན་ཡོངས་ཁྱབ་ཀྱི་ ངོ་ཚབ་ཀྱིས་ ཁྲིམས་འདུན་ལུ་ ངག་བརྗོད་ཕུལ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༢ ཟླ་༧ པའི་ཚེས་༢༣ ལུ་ ཉམས་རྒུདཔ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་ཕུལ་མིའི་ནང་གསལ་ལྟར་ སྤྱི་ལོ་༢༠༡༢ ཟླ་༥ པའི་ནང་ ཉེས་འཛུགས་ཅན་དེ་ལུ་ ཉམས་རྒུད་པའི་ཁྱིམ་ནང་ སྡོད་པའི་སྐབས་ ཁོ་གིས་ གསེར་དང་ བྱུ་རུ་ཚུ་ ཨར་རྐུན་འབད་ནུག་ཟེར་ཨིན་པས།
ན་ཧིང་ཟླ་༥ པའི་ཚེས་༤ ལུ་ ཉེས་འཛུགས་ཅན་དང་ ཆ་རོགས་པདྨ་དབང་ཕྱུག་༢ ཕུན་ཚོགས་གླིང་ལུ་ ཉམས་རྒུདཔ་ལེན་པར་ སོང་བའི་སྐབས་ ཉེས་འཛུགས་ཅན་གྱིས་ གསེར་གྱི་ཅེན་དང་ དོབ་ཅུང་༡ པདྨ་དབང་ཕྱུག་ལུ་ཡོད་ཟེར་ བཏོན་ཡོད་མི་དེ་ ཁྲིམས་སྲུང་འགག་སྡེ་གིས་ ཞིབ་དཔྱད་འབད་བའི་སྐབས་ ངེས་བདེན་ཨིནམ་སྦེ་ སྒྲུབ་བྱེད་བཏོན་ནུག་ཟེར་ཞུ་ནུག།
ཆེ་མཐོ་ཁྲིམས་འདུན་ལས་ བཀའ་རྒྱ་གནང་མིའི་ནང་ གོང་འཁོད་ཚུ་ ཁྲིམས་ཀྱི་གཞི་རྩ་དང་འཁྲིལཝ་ད་ སྐབས་དོན་གྱི་ སྒྲུབ་བྱེད་ལུ་ གཞི་བཞག་སྟེ་ ཉེས་ཁྲིམས་སྨིན་ཐབས་མ་བྱུང་ཟེར་ཨིན་པས།
དེ་འབདཝ་ལས་ ཞི་རྩོད་དང་ ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་ཀྱི་དགོངས་དོན་ཚུ་དང་འཁྲིལ་ཏེ་ མཐོ་གཏུགས་འབད་མི་དེ་གིས་ ཐེ་ཚོམ་ལས་གྲོལ་བའི་ རྒྱུ་མཚན་ཚུ་ བཀལ་མ་ཚུགསཔ་ལས་ ཕྱིར་འབུད་བཏང་སྟེ་ ཐོག་མའི་འཁྲུན་ཆོད་དེ་ རང་འཇགས་བཞག་ཡོདཔ་སྦེ་ བཀའ་རྒྱ་གནང་ནུག།
ཐོག་མ་ཁྲིམས་འདུན་ལས་ ཉེས་འཛུགས་ཅན་གྱིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་ནང་ རིན་དངུལ་དང་འཁྲིལ་ གསེར་ཏོ་ལ་རེ་ལུ་ དངུལ་ཀྲམ་༣༡,༡༣༦ ཡོདཔ་ལས་ གསེར་ཏོ་ལ་ཕྱེད་དང་༧ ལུ་ དངུལ་ཀྲམ་༢༠༨,༨༨༧ དེ་ ཉེས་འགེལ་ཁྲིམས་དེབ་ཀྱི་དགོངས་དོན་བཞིན་ ཉེས་ཁྲིམས་ལོ་༡ བཀལ་ཡོདཔ་མ་ཚད་ དངུལ་ཀྲམ་ཡང་ འཁྲུན་ཆོད་གནང་བའི་ཉིནམ་ལས་ ཞག་༡༠ གྱི་ནང་འཁོད་ སོར་ཆུད་འབད་དགོཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment