གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁོང་ཁྲོའི་ཐོག་ལས་ རྩེད་འགྲན་འབད་མི་གིས་ ལྟདམོ་ལྟ་མི་ཚུ་ལུ་ སྤྲོ་བ་བྱུང་ཡོདཔ།

༡༢/༦/༢༠༡༣   ༉ ཁ་ཙ་ ཡིད་འཛིན་དང་ ཐིམ་ཕུ་ཁྲོམ་སྡེའི་ སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་འབད་བའི་སྐབས་ དོ་འགྲན་ཅན་དང་ འདྲོག་སི་སི་སྦེ་ རྩེད་འགྲན་འབད་ཡོདཔ་ལས་ ལྟདམོ་ལྟ་མི་དང་ རྒྱབ་སྐྱོར་འབད་མི་ཚུ་ལུ་ སྤྲོ་བ་ཐེབས་ཅིག་ར་བྱུང་ཡོདཔ་ཨིན་པས།


དུས་ཡུན་སྐར་མ་
ཡིད་འཛིན་གྱི་ རྩེད་འགྲན་པ་ཅིག་ལུ་ རྨ་སྐྱོན་བྱུང་སྟེ་ ཆ་རོགས་ཚུ་གིས་ དཔྱ་ཤིང་གུ་བཀལ་ཐོག་ལས་ རྩེད་ཐང་གི་ཕྱི་ཁར་ འབག་འགྱོ་བའི་བསྒང་།
༤༥ ཚུན་ སྡེ་ཚན་༢ ཆ་རའི་ཁ་ཐུག་ལས་ རིག་རྩལ་གྱི་ཐོག་ལས་ རྩེད་འགྲན་འབད་ཡོདཔ་བཞིན་དུ་ སྡེ་ཚན་ག་གིས་ རྒྱལ་ཁ་འཐོབ་ནི་ཨིན་ན་ མ་ཤེས་པར་ ལེགས་ཤོམ་སྦེ་ རྩེད་འགྲན་འབད་ཡོདཔ་ལས་ རྒྱབ་སྐྱོར་བ་དང་ ལྟདམོ་ལྟ་མི་ཚུ་ སྤྲོ་བའི་ཐོག་ལས་ ལྟདམོ་ལྟ་སྡོད་ཅི།
ཨིན་རུང་ བར་མཚམས་ངལ་གསོ་ལས་ སྡེ་ཚན་༢ ཀྱི་རྩེད་འགྲན་པ་ཚུ་གིས་ ཕར་ཚུར་འཐུ་བཀོ་ནི་དང་ བཱོལ་ལུ་ རྡོག་ཐལ་བླུགས་ནི་མེན་པར་ བྱང་ཕྱད་སྡེ་ཚན་གྱི་ རྐངམ་གུ་ལུ་ བླུགས་ནི་ཚུ་མངམ་ཐོན་པའི་ཁར་ འདྲོག་སི་སི་སྦེ་ རྩེད་འགྲན་འབད་ཡོདཔ་ལས་ ལྟདམོ་ལྟ་མི་དང་ སྡེ་ཚན་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ སྐད་རྐྱབ་ཐོག་ལས་ ཧད་བཏགས་འཚོལ་ནི་མང་སུ་ཐོན་ཡི།
དེ་ཡང་ ཡིད་འཛིན་གྱི་ རྩེད་འགྲན་པ་ ཡེ་ཤེས་རྡོ་རྗེ་གིས་ ཐིམ་ཕུ་ཁྲོམ་སྡེ་ལུ་ སྐར་མ་༥༠ ལངམ་ད་ གཱོལ་བཙུགས་པའི་ཤུལ་ལས་ ཁོང་ཁྲོའི་ཐོག་ལས་ རྩེད་འགྲན་འབད་ནི་ འགོ་བཙུགས་ཅི།
སྐར་མ་༧༠ ནང་ ཡེ་ཤེས་རྡོ་རྗེ་གིས་ བྱང་ཕྱད་སྡེ་ཚན་གྱི་ གཱོལ་བཟུང་མི་ལུ་ རྡོག་ཐལ་ བླུགས་བྱིན་པའི་ཤུལ་ལས་ རྩེད་འགྲན་འབད་མ་ཆོགཔ་སྦེ་ བཏོན་བཏང་པའི་ཤུལ་ལུ་ ཆ་རོགས་གཅིག་གིས་ གཅིག་ལུ་ ཧད་བཏགས་འཚོལ་ཏེ་ བྱེལཝ་ཟུག་སག་ས་སྦེ་ རྩེད་འགྲན་འབད་ཡོདཔ་མ་ཚད་ སྡེ་ཚན་གྱི་ འཛིན་སྐྱོང་པ་ཚུ་གིས་ཡང་ རྩེད་འགྲན་གྱི་ དྲང་དཔོན་འབད་མི་ལུ་ ཧད་བཏགས་འཚོལ་ཏེ་ འཐབ་འཛིང་འབད་ནི་གུ་ ལྷོད་ཅི།
དེ་འབད་སྡོད་པའི་སྐབས་ལུ་ ཐིམ་ཕུ་ཁྲོམ་སྡེ་གིས་ ཡིད་འཛིན་ལུ་ གཱོལ་བཙུགས་ནི་སྦེ་ ག་དེ་ཅིག་ རྩ་འགེངས་ཏེ་ རྩེད་འགྲན་འབད་རུང་ དུས་ཡུན་ཚང་པའི་སྐབས་ གཱོལ་༡ ཡང་ བཙུགས་མ་ཚུགས་པར་ ཕམ་བཏང་ཡོདཔ་ལས་ རྒྱབ་སྐྱོར་འབད་མི་དང་ ལྟདམོ་ལྟ་མི་ཚུ་ སེམས་དང་མ་ལྡནམ་སྦེ་ ཕྱི་རུ་ ཁྱིམ་ནང་ ལོག་འགྱོ་ས་མཐོང་ཡི།
ཐིམ་ཕུ་ཁྲོམ་སྡེའི་ འཛིན་སྐྱོང་པ་ ཡེ་ཤེས་ཚེ་རིང་གིས་ འབད་བ་ཅིན་ སྡེ་ཚན་གྱིས་ གཱོལ་བཙུགས་ནིའི་དོན་ལུ་ དོ་འགྲན་འབད་ཡོད་རུང་ གཱོལ་བཙུགས་མ་ཚུགས་མི་ལུ་ སེམས་ཕམ་དགོཔ་མེད་མི་དེ་ཡང་ རྩེད་འགྲན་པ་ཚུ་གིས་ ལེགས་ཤོམ་སྦེ་ དོ་འགྲན་འབད་བའི་ཁར་ བརྩོན་ཤུགས་ཐེབས་ཅིག་ར་བསྐྱེད་དེ་ རྩེད་འགྲན་འབད་ཡོད་མི་ལུ་བརྟེན་ཨིན་ཟེར་ སླབ་ཨིན་པས།
དེ་བཟུམ་སྦེ་ ཡིད་འཛིན་གྱི་ འཛིན་སྐྱོང་པ་ འཇིགས་མེད་ནོར་བུ་གིས་ འབད་བ་ཅིན་ སྤྱི་ལོ་༢༠༡༢ ལོ་ནང་ཡང་ རྩེད་འགྲན་དྲག་ཤོས་ཀྱི་ གསོལ་རས་དང་ ལག་ཁྱེར་ཚུ་ ཐོབ་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
ད་རིས་ཕྱི་རུ་ འབྲུག་ཨིསི་ཊར་དང་ རྫོང་རིག་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment