གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱིར་བཏང་བཙག་འཐུའི་སྐབས་ལུ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ མང་སུ་འཐོན་ནི།

༡༢/༦/༢༠༡༣   ༉ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་ མང་ཤོས་ཅིག་གིས་ ཐོ་བཀོད་འབད་ཡོདཔ་ལས་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུའི་སྐབས་ལུ་ ཧེ་མ་དང་ཕྱདཔ་ད་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞབས་ཏོག་སྤྱོད་མི་ ལེ་ཤ་འོང་ནི་ཨིན་པས།


རྫོང་ཁག་གི་ འབྲེལ་ཡོད་ངོས་ལེན་འགོ་དཔོན་ཚུ་གིས་ ཞབས་ཏོག་སྤྱོད་ནི་གི་ དང་འདོད་ཡོད་མི་ཚུ་ལས་ ཡོངས་འབྲེལ་ཐོག་ ཞུ་ཡིག་ཚུ་ ལེན་པའི་བསྒང་ཡོདཔ་ད་ ད་ཚུན་གྱི་རིང་ ག་དེམ་ཅིག་ལྷོདཔ་ཡོདཔ་ཨིན་ན་ གྱངས་ཁ་གཏན་འཁེལ་མེད་རུང་ ངོས་ལེན་འགོ་དཔོན་མང་ཤོས་ཅིག་གིས་འབད་བ་ཅིན་ གྱངས་ཁ་མང་སུ་འོང་ནི་མས་ཟེར་ སླབ་ཨིན་པས།
མགར་ས་རྫོང་ཁག་གི་ དགོན་ཁ་སྟོད་ལ་ཡ་གི་ ངོས་ལེན་འགོ་དཔོན་ ཟླ་བ་དཔལ་འབྱོར་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཁ་སྨད་ཚུན་ འདེམས་ཁོངས་དེ་གི་ ཚོགས་རྒྱན་བཙུགས་མི་༧༤ གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་གི་དོན་ལུ་ ཞུ་ཡིག་ལྷོད་དེ་ཡོད་མི་ཚུ་ ཡོངས་འབྲེལ་ནང་ལས་ ཕབ་ལེན་འབད་བའི་བསྒང་ཡོདཔ་མ་ཚད་ ཉིནམ་དག་པ་ཅིག་ལས་ ད་རུང་ ཞུ་ཡིག་༡༠ དེ་ཅིག་ འཐོབ་ནི་གི་ རེ་བ་ཡོད་ཟེར་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ མང་སུ་འོང་ནི་ཨིན་རུང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་ མང་ཤོས་ཀྱིས་ ཞབས་ཏོག་དེ་གི་དོན་ལུ་ ཐོ་བཀོད་མ་འབད་བས་ཟེར་ ཁ་སྨད་ཀྱི་ ངོས་ལེན་འགོ་དཔོན་ རྟ་མགྲིན་གྱིས་ བཤདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ ད་ལྟོ་ཚུན་ མི་༡ རྐྱངམ་གཅིག་ ལྷོད་ཡོད་རུང་ སྤྱི་ཟླ་༦ པའི་ཚེས་༡༤ གི་ནང་འཁོད་ལུ་ ད་རུང་ དག་པ་ཅིག་ལྷོད་ནི་གི་ རེ་བ་ཡོད་ཟེར་ཨིནམ་ད་ འདས་པའི་བཙག་འཐུའི་སྐབས་ལུ་ ཞབས་ཏོག་དེ་གི་དོན་ལུ་ མི་ངོ་༥༦ ལས་མེདཔ་ད་ ངོས་ལེན་འགོ་དཔོན་གྱིས་ འདེམས་ཁོངས་དེ་ནང་ ཁྱད་ཚད་ལྡན་མི་༡༠༦ ལས་ མེད་ཟེར་ཨིན་པས།
གཞལམ་སྒང་རྫོང་ཁག་གི་ ཁེངས་སྟོད་ཀྱི་ ངོས་ལེན་འགོ་དཔོན་ ཀརྨ་བསྟན་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ འགོ་ཐོག་བཙག་འཐུའི་སྐབས་ ཐོ་བཀོད་འབད་ཡོད་པའི་གུ་ གསརཔ་ཚུ་རྩིས་རྐྱབ་ད་ བསྡོམས་ཀྱིས་༢༠༠༠ དེ་ཅིག་ འཐོན་ནི་མས་ཟེར་ཨིན་པས།
འབྲུག་རྗེས་སྒང་རྩེ་ཟ་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ ལས་སྐྱིད་ཚེ་རིང་གིས་ སླབ་མིའི་ནང་ འདས་པའི་བཙག་འཐུའི་སྐབས་ལུ་ འགྲེམ་ཐོག་ཞབས་ཏོག་སྤྱོད་མི་༡༠༡༢ ཐོན་ཡོད་རུང་ ད་ཚུན་༧༠ ལས་ མ་ལྷོད་ཟེར་ཨིནམ་ད་ ཁྱད་ཚད་ལྡན་མི་ཚུ་གིས་ ཧེ་མ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོད་རུང་ ད་རེས་ ངོ་རྐྱང་སྦེ་ བཙུགས་ནི་གི་ འཆར་གཞི་ཡོད་མི་ཚུ་གིས་ སྤྱི་ཟླ་༦ པའི་ཚེས་༡༤ གི་ཧེ་མར་ ངོས་ལེན་འགོ་དཔོན་ལུ་ སྙན་ཞུ་འབད་དགོཔ་འོང་ཟེར་ཨིནམ་ད་ འགྲེམ་ཐོག་གི་དོན་ལུ་ ལཱ་འབད་མི་༧ བཙུགས་ཏེ་ཡོད་ཟེར་ཨིན་པས།
དར་དཀར་ནང་ བཀྲ་ཤིས་སྡིངས་ལྷ་མོ་རྫིང་ཁ་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ཚེ་རིང་རྡོ་རྗེ་གིས་ ད་ཚུན་ འགྲེམ་ཐོག་གི་དོན་ལུ་ ཞུ་ཡིག་བཙུགས་མི་༨༢༦ དེ་ཅིག་ ལྷོད་པའི་ཁར་ ཡོངས་འབྲེལ་ཐོག་ལས་ ཕབ་ལེན་འབད་ནི་གི་དོན་ལུ་ ལས་བྱེདཔ་༤ བཙུགས་ཏེ་ཡོད་ཟེར་ཨིནམ་ད་ འདས་པའི་འགོ་ཐོག་བཙག་འཐུའི་སྐབས་ལུ་ མི་གྲངས་༣༧,༩༨༣ གྱིས་ ཞབས་ཏོག་དེ་གི་ཐོག་ལས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ ངོས་ལེན་འགོ་དཔོན་ འཆི་མེད་ཀྱིས་ཡང་ ད་རེས་ཀྱི་བཙག་འཐུའི་སྐབས་ལུ་ ཞབས་ཏོག་སྤྱོད་མི་དེ་ མང་སུ་འཐོན་ནི་ཨིན་པའི་ཁར་ ཞུ་ཡིག་བཙུགས་མི་ཚུ་ཡང་ མང་སུ་སྦེ་ ལྷོད་དེ་ཡོད་ཟེར་ཨིནམ་ད་ ཨིན་རུང་ ག་དེམ་ཅིག་ལྷོདཡོདཔ་ཨིན་ན་ ད་ལྟོ་ སླབ་མི་ཤེས་པས་ཟེར་ཨིན་པས།
བསམ་རྩེ་རྫོང་ཁག་གི་ ཕུན་ཚོགས་དཔལ་རི་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་དཔལ་ལྡན་བཟང་མོ་གིས་ བཙག་འཐུ་ལྷན་ཚོགས་ཀྱི་ ཡིག་ཚང་ལྟེ་བ་ལས་ ད་རེས་ཀྱི་བཙག་འཐུ་སྐབས་ འགྲེམ་ཐོག་ཞབས་ཏོག་གི་དོན་ལུ་ མི་མངམ་གིས་ ཐོ་བཀོད་འབད་ནི་གི་སྐོར་ལས་ སྙན་ཞུ་ལྷོད་དེ་ཡོདཔ་བཞིན་དུ་ ཐོ་བཀོད་འབད་མི་ མང་སུ་འོང་ནི་གི་ རེ་བ་ཡོད་ཟེར་ཨིན་པས།
མོ་གིས་ འོས་འབབ་ལྡན་པའི་ཚོགས་རྒྱན་བཙུགས་མི་ གསརཔ་ག་དེམ་ཅིག་གིས་ ཐོ་བཀོད་འབད་ཡི་ག་ གྱངས་ཁ་ངེས་ཏིག་མ་ཤེས་རུང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་དེ་ ངེས་བདེན་ཨིན་མས་ཟེར་ཨིན་པས།
གཞན་རྫོང་ཁག་ཚུ་དང་ཕྱདཔ་ད་ སམ་རྩེ་རྫོང་ཁག་ནང་ ད་རེས་ཀྱི་ བཙག་འཐུ་ནང་ཡང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ མང་སུ་འཐོན་ནི་བཟུམ་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ རྫོང་ཁག་གཞན་ཚུ་ནང་གི་ ངོས་ལེན་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འགྲེམ་ཐོག་ཚོགས་རྒྱན་གྱི་ཞབས་ཏོག་དོན་ལུ་ ཞུ་ཡིག་བཙུགས་མི་ ལེ་ཤ་ལྷོད་དེ་ཡོད་ཟེར་ཨིནམ་ད་ ཞུ་ཡིག་ལྷོད་མི་ཚུ་ ད་ལྟོ་ ཡོངས་འབྲེལ་ནང་ལས་ ཕབ་ལེན་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ཞབས་ཏོག་དེ་གི་དོན་ལུ་ ཞུ་ཡིག་བཙུགས་མི་ཚུ་གིས་ བཙུགས་མ་ཚུགས་པར་ ལུས་པ་ཅིན་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ཚུ་ནང་ མི་ངོ་སྦེ་འགྱོ་སྟེ་ བཙུགས་ཆོག་ནི་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment