གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་མདོར་བསྡུས།

༡༠/༦/༢༠༡༣
སྤྱི་ཟླ་༦ པའི་ཚེས་༨ ལུ་ གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་ བློན་པོ་བསོད་ནམས་སྟོབས་རྒྱས་མཆོག་གིས་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་ནང་ དམངས་གཙོའི་རིང་ལུགས་ཀྱི་ ཚོགས་ཕྲན་འགོ་འབྱེད་འབད་བའི་སྐབས་ སློབ་ཕྲུག་ཚུ་ལུ་ འབྲུག་གི་རྩ་ཁྲིམས་ཆེན་མོ་དང་འབྲེལ་བའི་ གནད་དོན་ཚུ་གི་སྐོར་ལས་ གསལ་བཤད་གནང་ཡོདཔ་ད་ དེ་བསྒང་ སློབ་ཕྲུག་ཚུ་གིས་ གྲོས་དཔོན་སྤྱི་ཁྱབ་ལུ་ ཚོགས་རྒྱན་འཕྲུལ་ཆས་ཨི་བི་ཨེམ་ ལག་ལེན་འཐབ་ཐོག་ལས་ ཚོགས་ཕྲན་གྱི་དོན་ལུ་ མཉམ་འབྲེལ་བ་༢ བཙག་འཐུ་འབད་ཡོད་པའི་སྙན་ཞུ་ ཕུལ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment