གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཟའ་ཚང་༢ ཆ་ར་ལུ་ ནད་གཞི་འཁོར་མི་གིས་ འཚོ་སྐྱོང་གི་དཀའ་ངལ།

༡༠/༦/༢༠༡༣   ༉ ཐིམ་ཕུ་རི་བར་བིའུ་ཟ་ཁང་འོག་ལུ་ སྦ་སྒོར་ཅིག་ནང་སྡོད་མི་ སྐྱེས་ལོ་༣༤ ལང་མི་ འཆི་མེད་རྡོ་རྗེ་ལུ་ ངོས་འཛིན་འབད་མ་ཚུགས་པའི་ ནད་གཞི་ཐོབ་ཡོདཔ་མ་ཚད་ ཁོ་གི་གནས་ཚང་ལུ་ རྩ་གྲིབ་ཀྱི་ ནད་གཞི་ཐོབ་མི་ལུ་བརྟེན་ སློབ་གྲྭ་ནང་འགྱོ་མི་ ཨལུ་༢ གསོ་སྐྱོང་འཐབ་ནི་ལུ་ དཀའ་ངལ་བྱུང་སྟེ་ཡོདཔ་ཨིན་པས།
འཆི་མེད་རྡོ་རྗེ་གིས་ རྩ་འཁུམ་ནད་ཐོབ་མི་ ཁོ་རའི་ གནས་ཚང་ཡར་ལོང་ནི་ལུ་ ཆ་རོགས་འབད་བའི་བསྒང་།


འཆི་མེད་རྡོ་རྗེའི་ ཕྱི་གཟུགས་ལུ་ ལྟ་བ་ཅིན་ ལཱ་ག་ཅི་འབད་རུང་ འབད་ཚུགས་པའི་ ལྕོགས་གྲུབ་་ཡོདཔ་བཟུམ་སྦེ་ མཐོངམ་ཨིན་རུང་ ཁོ་ལུ་ ནད་གཞི་ཅིག་ ཐོབ་མི་དེ་གིས་ ལཱ་ག་ཅི་ར་འབད་རུང་ ནུས་སྟོབས་མེདཔ་ཐལ་ཡོད་ཟེར་ ཁོ་གིས་ སླབ་ཨིན་པས།
དུས་ཅི་ སྤྱི་ཟླ་༤ པ་ཚུན་ཚོད་ ཁོ་གིས་ ཐིམ་ཕུ་རྫོང་ཁག་ནང་ ཉམས་བཅོས་ཀྱི་ལཱ་ཕྱམ་ཕྱིམ་རེ་ འབད་ཚུགས་མི་ལུ་བརྟེན་ གནས་ཚང་དང་ ཨ་ལུ་༢ འཚོ་སྐྱོང་འཐབ་ཚུགས་ཡོད་རུང་ ཉམས་བཅོས་ཀྱི་ ལཱ་འབད་ཚརཝ་ད་ འཚོ་སྐྱོང་གི་ དཀའ་ངལ་བྱུང་ཡི་ཟེར་ ཁོ་གིས་ སླབ་ཨིན་པས།
དེ་འབདཝ་ལས་ གནས་ཚང་དང་ སློབ་ཕྲུག་ཨ་ལུ་༢ གསོ་སྐྱོང་འཐབ་ནིའི་དོན་ལུ་ དྲོ་པར་ཧ་སག་ལོང་སྟེ་ ངོ་ཚ་ནི་ལུ་ མ་ལྟ་བར་ མི་ཕྱད་རིགས་ཕྱད་ཚད་ཅིགཔ་ལས་ ཏི་རུ་ལྷང་སྟེ་ གསོ་དོ་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཐིམ་ཕུ་ཁྲོམ་སྡེའི་ཟ་ཁང་དང་ ཚོང་ཁང་ དེ་ལས་ གཞུང་གི་ལས་སྡེ་ཚུ་ནང་ སྲུང་རྒྱབ་དང་ ཕྱགམ་འཕྱག་མིའི་ ལཱ་གཡོག་འཚོལ་རུང་ ཐོབ་མ་ཚུགས་ཟེར་ཨིན་པས།
འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ དྲོ་མཛར་ར་མ་བཟའ་བར་ ཏི་རུ་ལྷངམ་ད་ ཉིནམ་རེ་ལུ་ མཐོ་ཤོས་དངུལ་ཀྲམ་༢༠༠ དང་ ཉུང་ཤོས་དངུལ་ཀྲམ་༧༠ ཐོབ་མི་དེ་གིས་ ཆུམ་དང་ ཚོད་བསྲེ་ཚུ་ཉོ་སྟེ་ བཟའ་བཅུག་དོ་ཟེར་ཨིན་པས།
བཀྲིས་སྒང་བཀང་ལུང་་ལས་ཨིན་མི་ འཆི་མེད་རྡོ་རྗེ་གིས་ སྤྱི་ལོ་༡༩༩༦ ལུ་ སློབ་རིམ་༤ པ་ཚུན་ བཀང་ལུང་སློབ་གྲྭ་ནང་ དཔེ་ཆ་ལྷབ་པའི་ཤུལ་ལས་ སློབ་གྲྭ་ལས་ཐོན་ཏེ་ གཡུས་སྒོ་ནང་ ཕམ་དང་གཅིག་ཁར་ ལཱ་འབད་སྡོད་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ ཁོ་གིས་ སྒོམ་ཀྲུ་རྩི་ས་ལས་འགུལ་ནང་ སྲུང་རྒྱབ་འབད་དེ་ ལོ་༩ འི་རིང་སྡོད་ཡོདཔ་མ་ཚད་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་ རྫོང་ཉམས་བཅོས་ཀྱི་ ལཱ་རེ་འབད་དེ་ ལོ་༤ སྡོད་ཡོདཔ་ཨིན་པས།
ན་ཧིང་ ཁོ་གི་གནས་ཚང་ལུ་ རྐང་ལག་དཔྱངས་སྐུམ་འབད་མ་ཚུགས་པའི་ ནད་གཞི་ཐོབ་སྟེ་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཟླ་ངོ་༦ ལྷགཔ་ཅིག་ སྨན་བཅོས་འབད་ཞིནམ་ལས་ ད་རེས་ནངས་པ་ ལམ་དུམ་གྲ་རེ་ འགྱོ་ཚུགས་དོ་ཡོདཔ་ཨིན་པས།

ཁོ་གིས་ གཞུང་གི་ལས་ཁང་དང་ སྒེར་གྱི་ལས་སྡེ་ཚུ་ནང་ བཟོ་བསྐྲུན་གྱི་ལཱ་དང སྲུང་རྒྱབ་པའི་ ལཱ་གཡོག་འཐོབ་ནི་གི་ རེ་བ་བསྐྱེད་དོ་ཟེར་ སླབ་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།

No comments:

Post a Comment