གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མདའ་རྩེད་འགྲན་བསྡུར་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི།

༧/༦/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་མདའ་རྩེད་ཐང་ནང་ལུ་ ལྟག་གི་འབའ་སྐྱོར་ནང་ ཐིམ་ཕུ་ཡུ་ནའི་ཊེཌ་དང་ དབང་འདུས་སྤུ་ན་ཁ་ཡུ་ནའི་ཊེཌ་སྡེ་ཚན་༢ ཀྱིས་ དོ་འགྲན་ཅན་སྦེ་ རྩེད་འགྲན་འབདཝ་ལས་བརྟེན་ སྐུགས་རེ་རེ་ཆོད་ཡོདཔ་ལས་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི་ཨིན་པས།
ལྟ་བཤལཔ་ཚུ་གིས་ སྤྲོ་བའི་ཐོག་ལས་ མདའ་རྩེད་འགྲན་བསྡུར་ནང་ ལྟདམོ་ལྟ་སྡོད་པའི་བསྒང་།


དྲོ་པའི་སྐོར་ཐེངས་༧ པའི་ནང་ ཐིམ་ཕུ་ཡུ་ནའི་ཊེཌ་སྡེ་ཚན་གྱིས་ བཀག་རེག་༣༠ ཕོག་པའི་གྲས་ལས་ མདའ་རྩེདཔ་འཇིགས་མེད་ནོར་བུ་གིས་ དོ་སྦྱེལ་༢ དང་ བཀག་རེག་༢ ཕོག་སྟེ་ སྐུགས་ཆོད་བཏངམ་ད་ དབང་འདུས་སྤུ་ན་ཁ་སྡེ་ཚན་གྱིས་ བཀག་རེག་༢༤ ཕོག་ཡོད་རུང་ སྐུགས་༡༤ ལས་བརྒལ་ཐོབ་མ་ཚུགས་པས།
སྐོར་ཐེངས་༨ པ་དང་༩ པའི་ནང་ ཐིམ་ཕུ་ཡུ་ནའི་ཊེཌ་སྡེ་ཚན་གྱིས་ སྐུགས་༡༢ ཐོབ་པའི་སྐབས་ གཞན་མི་སྡེ་ཚན་གྱིས་ སྐུགས་གཅིག་ཡང་ འཐོབ་མ་ཚུགསཔ་ལས་ སྐོར་ཐེངས་༡༤ ནང་ དབང་འདུས་སྤུ་ན་ཁ་སྡེ་ཚན་གྱིས་ སྐུགས་༢༢ ལུ་ལྷོད་ཅི།
སྐོར་ཐེངས་༡༨ ནང་ དབང་འདུས་སྤུ་ན་ཁ་སྡེ་ཚན་གྱིས་ སྐུགས་༢༥ ཐོབ་སྟེ་ སྐུགས་ཆོདཔ་ད་ ཐིམ་ཕུ་ཡུ་ནའི་ཊེཌ་སྡེ་ཚན་གྱིས་ སྐུགས་༢༠ ལས་བརྒལ་ཐོབ་མ་ཚུགས་པས།
ད་རིས་ སྡེ་ཚན་༢ ཀྱིས་ མཐའ་བཅད་རྩེད་འགྲན་དེ་ དྲོ་པའི་ཆུ་ཚོད་ཕྱེད་དང་༩ ལས་ འགོ་བཙུགས་རྩེད་འགྲན་འབད་ནི་ཨིནམ་མ་ཚད་ འོག་གི་འབའ་སྐྱོར་ནང་ཡང་ ཀེ་སི་ཊི་དང་ བུ་དྷ་སྡེ་ཚན་༢ ཀྱི་བར་ན་ འཕྲོ་མཐུད་རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment