གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ངོ་ཚབ་བཙུགས་ནི་གི་ འཆར་གཞི་མེདཔ།

༨/༦/༢༠༡༣   སྲིད་དོན་ཚོགས་པ་གཞན་ལས་ འདེམས་ངོ་ལེན་ནིའི་ དོ་འགྲན་ནང་ འབྲེལ་འཛིན་འབད་འབདཝ་མེད་ཟེར་ དོགས་སེལ་འབདཝ་ཨིན་པས།
༉ ད་རེས་ནངས་པ་ སྤྱིར་བཏང་བཙག་འཐུའི་དོན་ལུ་ བཙག་འཐུ་གྲུབ་མི་ སྲིད་དོན་ཚོགས་པ་གཉིས་ཀྱིས་ སྲིད་ཚོགས་གཞན་ཅིག་ལས་ འདེམས་ངོ་ཚུ་ ལེན་ནིའི་ནང་ ག་ཐོབ་རྐྱབ་དོ་ཡོད་པའི་ ལོ་རྒྱུས་ཚུ་ བརྡ་བརྒྱུད་ཚུ་གིས་ གསལ་བཀོད་འབདཝ་ཨིན་པས།
ཁ་ཙ་ ཐིམ་ཕུ་ལུ་ འབྲུག་ཕུན་སུམ་ཚོགས་པའི་ ཡིག་ཚང་ནང་ གཙོ་འཛིན་འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ བརྡ་བརྒྱུདཔ་ཚུ་ལུ་ དོགས་སེལ་གནང་པའི་བསྒང་།


འདི་འབདཝ་ད་ འབྲུག་ཕུན་སུམ་ཚོགས་པའི་ ཁ་ཐུག་ལས་འབད་བ་ཅིན་ འདི་བཟུམ་མའི་ དོ་འགྲན་ནང་ ཚོགས་པ་དེ་ འབྲེལ་འཛིན་འབད་འབདཝ་མེད་ཟེར་ ཁ་ཙ་ ཐིམ་ཕུ་ལུ་ གནས་ཚུལ་གྲོས་འཛོམས་ཅིག་ འཚོགས་པའི་སྐབས་ གཙོ་འཛིན་འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ བརྡ་བརྒྱུདཔ་ཚུ་ལུ་ དོགས་སེལ་འབད་ཡི།
གཙོ་འཛིན་གྱིས་འབད་བ་ཅིན་ བརྡ་བརྒྱུད་དང་ མི་སྡེའི་བརྡ་བརྒྱུད་ཚུ་ནང་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་གཉིས་ཀྱིས་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ཚུ་ ལེན་ནིའི་དོན་ལས་ ག་ཐོབ་རྐྱབ་དོ་ཡོད་པའི་སྐོར་ གསལ་བཀོད་འབད་མི་དེ་ མི་བདེན་ཟེར་ཨིནམ་ད་ འབྲུག་ཕུན་སུམ་ཚོགས་པ་དེ་ འདི་བཟུམ་མའི་ དོ་འགྲན་ནང་ འབྲེལ་གཏོགས་འབད་འབདཝ་མེད་མི་དེ་ཡང་ ང་བཅས་ལུ་ འདེམས་ཁོངས་༤༧ གྱི་ འདེམས་ངོ་༤༧ ཡོད་མི་ཆ་མཉམ་ར་ རང་སོའི་གཟེངས་ཐོན་དང་ གལ་སྲིད་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་སྦེ་ བཙག་འཐུ་འགྲུབ་པ་ཅིན་ རྒྱལ་ཁབ་ལུ་ ཕྱག་ཕྱིད་ཞུ་ནི་གི་ ལྕོགས་གྲུབ་ཡོད་མི་ལུ་ གཞི་བཞག་སྟེ་ གདམ་འཐུ་འབད་ཡི་ཟེར་ འཇིགས་མེད་འཕྲིན་ལས་ཀྱིས་ བཤད་ཅི།
དེ་འབདཝ་ལས་ ང་བཅས་ཀྱི་ འདེམས་ངོ་ཕུད་རྡོག་གཅིག་ཡང་ ཚབ་བཙུགས་འབད་ནི་གི་ འཆར་གཞི་མེད་ཟེར་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱིས་ དོགས་སེལ་འབདཝ་ཨིན་པས།
དོགས་སེལ་དེ་ཡང་ འབྲུག་མཉམ་རུབ་ཚོགས་པ་གིས་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་གཉིས་ཆ་ར་ལས་ ཁོང་གི་ འདེམས་ངོ་ཚུ་ལུ་ གོ་སྐབས་བྱིན་ཡོད་ཟེར་ བརྡ་བརྒྱུད་ཚུ་ལུ་ སླབ་པའི་ཤུལ་ལུ་ འབདཝ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་འབད་བ་ཅིན་ ཚོགས་པའི་གཙོ་འཛིན་ རྡོ་རྗེ་ཆོས་སྒྲོན་དང་ འདེམས་ངོ་གཞན་དག་པ་ཅིག་ལུ་ སྤྱིར་བཏང་བཙག་འཐུའི་དོན་ལུ་ དོ་འགྲན་འབད་མི་ སྲིད་ཚོགས་གཉིས་ཆ་ར་ལས་ ཁོང་གི་ སྲིད་ཚོགས་ནང་ འཛུལ་དགོ་པའི་ གོ་སྐབས་བྱིན་མི་ཐོན་ཡི་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་དང་ བཀྲིས་སྒང་བར་མཚམས་-གཤོང་ཕུག་འདེམས་ཁོངས་ཀྱི་དོན་ལུ་ ཚོགས་པའི་འདེམས་ངོ་ཡང་ཨིན་མི་ བསྟན་འཛིན་ལེགས་འཕེལ་གྱིས་ རེས་གཟའ་པ་སངས་ལུ་ ཀུན་གསལ་ལུ་ སླབ་མིའི་ནང་ འགོ་ཐོག་བཙག་འཐུའི་གྲུབ་འབྲས་ལུ་ལྟཝ་ད་ ཤར་ཕྱོགས་ལུ་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ཚུ་ དོ་འགྲན་ཅན་མེད་མི་ལུ་བརྟེན་ མཉམ་རུབ་ཚོགས་པའི་ནང་ཡོད་མི འདེམས་ངོ་ལ་ལུ་ཅིག་ལུ་ གོ་སྐབས་བྱིན་ནུག་ཟེར་ཨིན་པས།
དེ་མ་ཚད་ འབྲུག་ཕུན་སུམ་ཚོགས་པ་ལས་ཡང་ ཁོང་གི་འདེམས་ངོ་དག་པ་ཅིག་ལུ་ ཁོང་གི་སྲིད་ཚོགས་ནང་ འཛུལ་དགོ་པའི་ མགྲོན་བརྡ་ཐོབ་ནུག་ཟེར་ ཁོ་གིས་ སླབ་ཨིན་པས།
འདི་འབདཝ་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ གོ་སྐབས་ཐོབ་མི་ འདེམས་ངོ་ཚུ་ རྒྱལ་ཁ་ཐོབ་མི་ སྲིད་ཚོགས་ཚུ་ནང་ འཛུལ་ཞུགས་འབད་མི་འབད་ འདེམས་ངོ་ཁོང་ར་གིས་ ཐག་བཅད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ བསྟན་འཛིན་ལེགས་འཕེལ་གྱིས་ བཤདཔ་ཨིན་པས།
ཨིན་རུང་ ཁོ་གིས་ དོགས་སེལ་འབད་མིའི་ནང་ གོ་སྐབས་ཐོབ་མི་ འདེམས་ངོ་ཚུ་གིས་ སེམས་ཐག་བཅད་ནི་དེ་ གནས་སྟངས་ལཱ་ཁག་ཅིག་ཡོད་མི་དེ་ཡང་ འབྲུག་མཉམ་རུབ་ཚོགས་པ་དེ་ གཙུག་སྡེ་ཅིག་སྦེ་ གནས་ནི་ཨིནམ་མ་ཚད་ ཚོགས་པ་ལུ་ གཞི་རྩ་དང་ ལྟ་བ་ཚུ་ཡོདཔ་ལས་ འདེམས་ངོ་ཚུ་གིས་ སྲིད་དོན་ཚོགས་པ་གཞན་ནང་ ཐད་ཀར་དུ་ གོ་སྐབས་ལེན་ནི་དེ་ཡང་ མནོ་བསམ་གཏང་དགོཔ་འོང་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱིས་འབད་བ་ཅིན་ རང་གི་སྲིད་ཚོགས་ནང་ལས་ཐོན་ཏེ་ སྲིད་ཚོགས་གཞན་ནང་ འཛུལ་ཞུགས་འབད་བ་ཅིན་ སྲིད་ཚོགས་ཀྱི་ གཞི་རྩ་དང་ ལྟ་བ་ལས་ འགལ་ནི་ཨིནམ་མ་ཚད་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་ཡང་ རྒྱབ་འགལ་འགྱོ་འོང་ཟེར་ཨིན་པས།
དེ་ལས་ མི་སེར་དམངས་གཙོའི་ཚོགས་པ་གིས་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ཚུ་ ལེན་ནི་གི་ འཆར་གཞི་ཡོད་མེད་སྐོར་ལས་ སླབ་མ་བཏུབ་རུང་ སྤྱིར་བཏང་བཙག་འཐུའི་ནང་ དོ་འགྲན་འབད་ནི་ཨིན་མི་ འདེམས་ངོ་༤༧ ད་རིས་ གཏན་འཁེལ་བཟོ་ནི་ཨིན་ཟེར་ སླབ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment