གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་སྡེ་དང་ཕྱདཔ་ད་ འགོ་ཐོག་བཙག་འཐུའི་ནང་ ཚོགས་རྒྱན་བཙུགས་མི་ མངམ་འོང་ཡོདཔ།

༤/༦/༢༠༡༣   ༉ འདས་པའི་རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དང་ཕྱདཔ་ད་ འགོ་ཐོག་བཙག་འཐུའི་ནང་ འབྲུག་མི་ཐེབས་༣༩,༥༠༠ དེ་ཅིག་གིས་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་ གཞུང་འབྲེལ་ཐོག་ལས་ གསལ་སྟོན་འབད་མི་ སྙན་ཞུ་དང་འཁྲིལཝ་ད་ སྤྱི་ཟླ་༥ པའི་ཚེས་༣༡ ལུ་ ཚོགས་འདུ་གི་ བཙག་འཐུ་འབད་བའི་སྐབས་ ཁྱད་ཚད་ལྡན་པའི་མི་ངོམ་༢༡༡,༠༡༨ ཀྱིས་ ཚོགས་རྒྱན་བཙུགས་ཡོད་མི་དེ་ རྒྱལ་ཡོངས་ཚོགས་སྡེ་གི་ བཙག་འཐུ་ནང་ ཚོགས་རྒྱན་བཙུགས་པར་འོང་མི་༡༧༡,༥༤༤ དང་ཕྱདཔ་ད་ མཐོ་སུ་ཅིག་ཨིན་པས།



བཙག་འཐུ་ལྷན་ཚོགས་ཀྱིས་ ཚོགས་འདུའི་དོན་ལུ་ ཚོགས་རྒྱན་བཙུགས་མི་ཚུ་གི་ མཐའ་བཅད་ཐོ་བཀོད་བཟོ་བའི་སྐབས་ལུ་ ཚོགས་སྡེའི་བཙག་འཐུ་ འགོ་འདྲེན་འཐབ་པའི་ཤུལ་ལས་ མི་ངོ་༢,༠༠༠ ལྷགཔ་ཅིག་ སྐྱེས་ལོ་༡༨ ལང་ཡོདཔ་ལས་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་པའི་གྲངས་སུ་ ཚུད་ཡོད་པའི་ངོས་འཛིན་བྱུང་ནུག།
དེ་འབདཝ་ལས་ རྒྱལ་ཡོངས་ཚོགས་འདུ་གི་ འགོ་ཐོག་བཙག་འཐུའི་སྐབས་ལུ་ ཚོགས་རྒྱན་བཙུགས་པར་འོང་མི་གི་ གྱངས་ཁ་མང་སུ་ཐོན་མི་དེ་ དེ་ལུ་བརྟན་ འོང་སྲིད་ནི་ཨིན་རུང་ ཚོགས་འདུ་གི་ འགོ་ཐོག་བཙག་འཐུའི་སྐབས་ འདས་པའི་ཟླཝ་ནང་ ཚོགས་སྡེ་གི་དོན་ལུ་ ཚོག་རྒྱན་བཙུགས་པར་ མ་འོང་མི་ཚུ་གིས་ཡང་ ད་རེས་ཀྱི་བཙག་འཐུ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཚོགས་རྒྱན་བཙུགས་མི་ མང་ཤོས་ཀྱིས་ ཚོགས་འདུའི་དོན་ལུ་ ཚོགས་རྒྱན་བཙུགས་ནི་དེ་ ཚོགས་སྡེ་དང་ཕྱདཔ་ད་ གལ་ཆེཝ་སྦེ་བརྩི་ཡོདཔ་ད་ དེ་ཡང་ མི་སེར་ཚུ་གིས་ སྲིད་དོན་ཚོགས་པ་༤ གི་བར་ན་ དོ་འགྲན་ཅན་བཟོ་ནིའི་དོན་ལུ་ འབད་ཡོདཔ་འོང་ནི་མས།
སྲིད་དོན་ཚོགས་པ་༤ གིས་ཡང་ ཁོང་རའི་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ནི་གི་ ཐབས་ལམ་བཏོན་ཡོདཔ་ལས་ ཚོགས་རྒྱན་གྱི་ཉིནམ་ལུ་ ཆརཔ་རྐྱབ་སྟེ་འབད་རུང་ མི་ཚུ་གིས་ ཚོགས་རྒྱན་བཙུགས་པར་འོང་ཡོདཔ་ལས་ ཐོ་བཀོད་འབད་ཡོད་མི་༣༨༡,༧༩༠ ཡོད་ས་ལས་ བརྒྱ་ཆ་༥༥.༢༧ འོང་ཡོདཔ་ཨིན་པས།
གནས་ཚུལ་གསར་བཏོན་འབད་བའི་སྐབས་ བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲག་ཤོས་ཀུན་བཟང་དབང་འདུས་ཀྱིས་ འགོ་ཐོག་བཙག་འཐུའི་སྐབས་ལུ་ ཚོགས་རྒྱན་བཙུགས་པར་འོང་སྟེ་ མི་སེར་ཚུ་གི་ མཚན་རྟགས་ཚུ་ བཀོད་ཡོད་མི་དེ་ རྒྱལ་རབས་ཅན་ལུ་འགྱུར་ཡོདཔ་ལས་ དཔའ་ཉམས་ཡོད་ཟེར་བཤད་ཅི།
ཚོགས་རྒྱན་བཙུགས་མི་ཚུ་ལས་ བརྒྱ་ཆ་༨༠ གིས་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་བཙུགས་ཡོདཔ་ད་ ལྷག་ལུས་བརྒྱ་ཆ་༡༨ ཀྱིས་ འགྲེམ་ཐོག་ཚོགས་རྒྱན་བཏང་ཡོད་རུང་ ལྷན་ཚོགས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་གྱི་སྐོར་ལས་ གོ་བརྡ་སྤྲོད་དེ་འབད་རུང་ བཙག་འཐུའི་བྱ་རིམ་ནང་ ཆ་མེད་གཏང་དགོཔ་བྱུང་ཡོདཔ་ཨིན་པས།
ཆ་མེད་ཉུང་སུ་བཟོ་ནིའི་དོན་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་གྱི་ འབྲི་ཤོག་ནང་ ངོས་ལེན་འགོ་དཔོན་ཚུ་གིས་ འཛོལ་ཏེ་བཙུགས་ཡོད་མི་ཚུ་དང་ འབྲེལ་བ་འཐབ་ནི་གི་དོན་ལུ་ འབྲི་ཤོག་དེ་ནང་ མི་ངོམ་ཚུ་གི་ བརྒྱུད་འཕྲིན་གྱི་ཨང་ཚུ་ བཀོད་དེ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཕྱིའི་རྒྱལ་ཁབ་ཚུ་ནང་ལས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ཚུ་ དུས་ཚོད་མི་འགོར་ནིའི་དོན་ལུ་ དམིགས་བསལ་གྱི་ ངོས་ལེན་འགོ་དཔོན་ཅིག་ ཐིམ་ཕུ་ལུ་ བཙུགས་ཏེ་ཡོདཔ་ཨིན་པས།
བཀྲ་ཤིས་གཡང་རྩེ་དང་ བསམ་རྩེ་རྫོང་ཁག་༢ ནང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༢༠,༠༠༠ ལྷགཔ་ཅིག་ཡོད་པའི་ཁར་ རྫོང་ཁག་དེ་༢ ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ཡང་ མཐོ་ཤོས་ཡོདཔ་ཨིན་པས།
བརྒྱ་ཆ་ལས་བཅད་པ་ཅིན་ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ལས་ ཚོགས་རྒྱན་བཙུགས་མི་ མང་སུ་ཐོན་ཡོདཔ་ད་ མགར་ས་ལས་ བརྒྱ་ཆ་༧༤.༥ དང་ དེ་གི་ཤུལ་ལས་ སྤ་རོ་དང་ ཧཱ་ དབང་འདུས་རྫོང་ཁག་ཚུ་ལས་ མང་སུ་ཐོན་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment