གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་མདོར་བསྡུས།

༡༤/༦/༢༠༡༣
ཁ་ཙ་ ཐིམ་ཕུ་ལུ་ ན་གཞོན་ཚུ་དང་གཅིག་ཁར་ གྲོས་འཛོམས་ཅིག་ འགོ་འདྲེན་འཐབ་པའི་སྐབས་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ གལ་སྲིད་ ཚོགས་པ་དེ་ གཞུང་སྐྱོང་སྦེ་ བཙག་འཐུ་འགྲུབ་པ་ཅིན་ རྒྱལ་ཁམ་ནང་ཡོད་མི་ ན་གཞོན་ཚུ་ལུ་ བརྒྱ་ཆ་༡༠༠ ལཱ་གཡོག་ཐོབ་ཚུགསཔ་ བཟོ་ནི་གི་ ཁས་ལེན་འབད་ཡོདཔ་ད་ ཞལ་འཛོམས་ནང་ ན་གཞོན་༣༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

1 comment:

  1. ཀུན་གསལ་གསར་ཤོག་ནང་ འབྲུག་ཕུན་སུམ་ཚོགས་པའི་ གསལ་བཤད་དང་ སྐུལ་བསྒྲགས་ཚུ་ཁ་གསལ་འབད་བཀོད་འདུག། ང་བཅས་མི་སེར་ཚུ་ ད་ལྟོ་ཚོགས་པ་ག་གདམ་ཁག་རྐྱབ་ནི་ཨིན་ ཁྱེད་བརྡ་བརྒྱུདཔ་གི་གསལ་བསྒྲགས་དང་འཁྲིལ་ལཱ་འབད་ནི་ཨིནམ་ལས་ ཁྱེད་ཀྱིས་ཡང་ སྲིད་ཚོགས་ཀྱི་བར་ན་ཉེ་རིང་ཕྱི་སྟེ་ དམག་གཙོ་ཚོགས་པའི་ སྐུལ་བསྒྲགས་ཚུ་ཁ་གསལ་འབད་བཀོད་མིན་འདུག་ དེ་འབདཝ་ལས་ འདི་གིས་ཁྱེད་ཀུན་གསལ་གྱིས་ དམག་གཙོ་ཚོགས་པ་ལུ་མི་དགའཝ་ཨིནམ་ང་བཅས་མི་སེར་ཚུ་གིས་ཧ་གོ་བས། དེ་བཟུམ་གྱི་ཕྱག་ལཱ་མ་མཛད་པར་འདྲ་མཉམ་དང་དྲང་བདེན་འབད་མཛད་དགོཔ་འདི་ ད་ལྟོ་དུས་ཚོད་འ་ནིམ་ཅིག་ཁར་གནམ་མདེ་ས་མེད་ཁག་ཆེ་བས་ཟེར་ཞུ་ནི་ཨིན།

    ReplyDelete