༤/༦/༢༠༡༣ ༉ འབྲུག་ཕུན་སུམ་ཚོགས་པའི་ ཧཱ་ སྦྱིས་དཀར་ཚོ་དབུས་སུ་གི་འདེམས་ངོ་ གསོ་བའི་དྲུང་ཆེན་བགྲེསཔ་དེ་ ཞི་གཡོག་ནང་ལས་ ག་ཅི་སྦེ་ དགོངས་ཞུ་འབད་ཡོདཔ་ཨིན་ན་ མ་ཤེས་རུང་ འགོ་ཐོག་བཙག་འཐུ་འགོ་འདྲེན་ མ་འཐབ་ཚུན་ ཁ་སྟོད་ཁ་ཐུག་གི་མི་སེར་ཚུ་ལས་ ཁོ་ལུ་ རྒྱབ་སྐྱོར་སྦོམ་ཡོདཔ་སྦེ་ རྩིས་ཡོདཔ་ཨིན་པས།
དེ་འབདཝ་ད་ སྦྱིས་དཀར་ཚོ་དབུས་སུ་གི་ མི་སེར་ཚུ་གིས་ གསང་སྦས་ཁ་ འདེམས་ཁོངས་ཀྱི་ མི་སེར་ཚུ་བཟུམ་སྦེ་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
འགོ་ཐོག་བཙག་འཐུ་ འགོ་འདྲེན་མ་འཐབ་ཚུན་ མི་སེར་མང་ཤོས་ཅིག་གིས ཧེ་མ་ སྤྱི་ལོ་༢༠༠༨ ལུ་བཟུམ་སྦེ་ ཁ་སྟོད་ཁ་ཐུག་ལས་ ཌོག་ཊར་དགའ་མདོག་ལུ་ རྒྱབ་སྐྱོར་འབད་ནི་དང་ ཧཱ་སྨད་ལས་ མི་སེར་དམངས་གཙོ་ཚོགས་པའི་ ཚེ་རིང་སྟབས་རྒྱས་ཀྱི འདེམས་ཁོངས་འབད་ནི་དེ་གིས་ ཁོ་ལུ་རྒྱབ་སྐྱོར་འབད་འོང་ཟེར་ རེ་བ་བསྐྱེད་ཡོདཔ་ཨིན་པས།
ཨིན་རུང་ འགོ་ཐོག་བཙག་འཐུ་ནང་ འདེམས་ཁོངས་༢ ཆ་ར་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
ཧཱ་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༤༧༧ གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱལ་ཁ་ཤོར་སོཔ་ཨིན་པས།
ཧཱ་ལུ་ བསྐུལ་བསྒྲགས་འབད་བའི་སྐབས་ མི་རྒས་ཤོས་ཅིག་གིས་ ལྷ་གསརཔ་ལས་ འདྲེ་རྙིངམ་དགའ་ཟེར་ སླབ་མི་དེ་ འདེམས་ངོ་ལུ་ ལྟ་སྟེ་མེན་པར་ ཚོགས་པ་ལུ་ལྟ་སྟེ་ སླབ་སླབ་བཟུམ་ཅིག་ འོང་ནི་མས་ཟེར་ཨིན་པས།
ཌོག་ཊར་དགའ་མདོག་ཚེ་རིང་དེ་ འབྲུག་ཕུན་སུམ་ཚོགས་པ་གིས་ སྤྱི་ཚོགས་༢ པའི་དོན་ལུ་ འདེམས་ངོ་གསརཔ་༡༡ བཙུགས་མིའི་གྲས་ལས་ གཅིག་ཨིན་པས།
ཌོག་ཊར་དགའ་མདོག་ཚེ་རིང་གིས་ འདས་པའི་ དྲི་བ་དྲིས་ལན་གྱི་སྐབས་ལུ་ ག་དེམ་ཅིག་སྦེ་ ཁོ་རྒྱལ་ཁ་འཐོབ་མ་ཚུགས་པ་ཅིན་ ཁོ་གིས་ འབྲུག་ཕུན་སུམ་ཚོགས་པའི་ལྟ་བ་དང་གཞི་རྩ་ཚུ་ མི་སེར་ལུ་ ལེགས་ཤོམ་སྦེ་ གོ་བརྡ་སྤེལ་མ་ཚུགསཔ་ཨིནམ་ད་ མི་སེར་ཚུ་གིས་ ཁོ་སྲིད་དོན་པ་མེན་པར་ ཌོག་ཊར་སྦེ་ར་ མནོ་མི་ལུ་བརྟེན་ཏེ་ཨིན་ཟེར་ཨིན་པས།
མི་སེར་ ལྟ་རྟོག་པ་ ལ་ལུ་ཅིག་གིས་ སླབ་མིའི་ནང་ ཧཱ་ ཁ་སྟོད་ཁ་ཐུག་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་ཁ་ཐོབ་དགོ་མི་དེ་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཀུན་ལེགས་དབང་མོ་གི་ ཨ་པ་གིས་ བསྐུལ་བསྒྲགས་འབད་མི་ལུ་བརྟེན་ཨིན་ཟེར་ སླབ་ཨིན་པས།
ཁ་སྟོད་ཁ་ཐུག་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ཚོགས་རྒྱན་འཕྲུལ་ཆས་ནང་ ལས་རྒྱལ་ཁ་ཐོབ་ཡོདཔ་མ་ཚད་ འགྲེམ་ཐོག་ཚོགས་རྒྱན་ལས་ཡང་ ཚོགས་རྒྱན་༧༦ གིས་ མཐོ་སུ་ཐོབ་ཡོདཔ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༣༡ ལུ་ ཚོགས་རྒྱན་གྱི་ གྲུབ་འབྲས་བཏོན་ཚརཝ་ཅིག་ ཌོག་ཊར་དགའ་མདོག་ཚེ་རིང་གིས་ གཞན་མི་ འདེམས་ངོ་ཚུ་ལུ་ བཀྲིས་བདེ་ལེགས་ཡོད་ཟེར་ ལགཔ་མཐུད་ཞིནམ་ལས་ ངོས་ལེན་འགོ་དཔོན་གྱི་ ཡིག་ཚང་ནང་ལས་ ཐོན་ཡར་སོཔ་ཨིན་པས།
ཌོག་ཊར་དགའ་མདོག་ཚེ་རིང་དེ་ རྒྱལ་ཁ་ཐོབ་མི་ ཚོགས་པའི་གྲངས་སུ་འབད་ནི་དེ་གིས་ སྤྱིར་བཏང་བཙག་འཐུའི་ནང་ བཅའ་མར་གཏོགས་ནི་ཨིན་པའི་གནས་ཚུལ།
![]() |
ཚོགས་རྒྱན་གྱི་ གྲུབ་འབྲས་དོན་ལུ་སྒུག་སྡོད་མི་ ཌོག་ཊར་ དགའ་མདོག་ཚེ་རིང་། |

རྩོམ་འབྲི་ལས་བྱེདཔ།
No comments:
Post a Comment