གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་འོག་ལས་ གཙང་ཆུ་ཁ་བསྒྱུར་གཏང་སའི་ཆུ་ལམ་ནང་ ཆུ་མ་ཤོངམ།

༧/༦/༢༠༡༣   ༉ འདས་པའི་བདུན་ཕྲག་༡ དེ་ཅིག་གི་རིང་ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ ཆརཔ་ཤུགས་འབད་ རྐྱབ་མི་ལུ་བརྟེན་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་༢ པའི་ ས་འོག་ལས་ ཆུ་ཁ་བསྒྱུར་གཏང་སའི་ ཆུ་ལམ་ནང་ ཆུ་མ་ཤོང་པར་ གཙང་ཆུ་ཕྱེད་དེ་ཅིག་ ཧེ་མའི་ ཆུ་ལམ་བདའ་སྟེ་ ཐོན་འགྱོ་མི་ལུ་བརྟེན་ ད་རེས་ ས་ཁོངས་ནང་ ལཱ་འབད་མི་ཚུ་གིས་ གཙང་ཆུ་བཀག་ཐབས་ཀྱི་དོན་ལུ་ ལཱ་ཚུ་འབད་བའི་བསྒང་ཡོདཔ་ཨིན་པས།
གཙང་ཆུ་བྲེས་མི་ལུ་བརྟེན་ ཁ་བསྒྱུར་གཏང་སའི་ཆུ་ལམ་ནང་ ཆུ་མ་ཤོང་པར་ གཙང་ཆུ་ཕྱེད་དེ་ཅིག་ ཧེ་མའི་ ཆུ་ལམ་བདའ་སྟེ་ ཐོན་འགྱོ་བའི་བསྒང་།


ཆུ་ཁ་བསྒྱུར་གཏང་སའི་ ས་འོག་ཆུ་ལམ་དེ་ སྤྱི་ཟླ་༥ པའི་ཚེས་༢༠ ལུ་ འགོ་འབྱེད་འབད་བའི་ཤུལ་ལས་ ཆུ་ལམ་བཅད་དེ་ རིང་ཚད་མི་ཊར་༨༨༨ འབད་མི་ ས་འོག་ཆུ་ལམ་ལས་ གཙང་ཆུ་ཁ་བསྒྱུར་བཏང་སྟེ་ ཉིནམ་༡༠ དེ་ཅིག་ ལང་བའི་ཤུལ་ལས་ ད་རེས་ གཙང་ཆུ་བྲེས་ནི་དེ་གིས་ གཙང་ཆུ་ཕྱེད་ཀ་ ཧེ་མའི་ ཆུ་ལམ་བདའ་སྟེ་ ཐོན་འགྱོ་དོ་ཡོདཔ་ཨིན་པས།
གཙང་ཆུ་ཁ་བསྒྱུར་བཏང་མི་དེ་ཡང་ གློག་ཤུགས་མེ་ག་ཝཱཊ་༡༠,༢༠ འབད་མི་ སྤུ་ན་གཙང་ཆུ་གློག་ལས་འགུལ་༢ པའི་ ཆུ་བྱག་རྐྱབ་ནིའི་ལཱ་ཚུ་ འགོ་བཙུགས་ནིའི་དོན་ལུ་ཨིནམ་ད་ ད་རེས་ཀྱི་གནས་སྟངས་ནང་ གཙང་ཆུ་བྲེས་མི་ལུ་བརྟེན་ ཆུ་བྱག་རྐྱབ་ནིའི་ ལཱ་ངོ་མ་ འགོ་བཙུགས་མ་ཚུགས་པར་ ཡོདཔ་ཨིན་པས།
གཙང་ཆུ་ཕྱེད་དེ་ཅིག་ ཧེ་མའི་ ཆུ་ལམ་ལས་ ཐོན་འགྱོ་མི་དེ་ ཆུ་ཚད་ལས་བརྒལ་འོང་པའི་སྐབས་ ཆུ་ཁ་བསྒྱུར་གཏང་སའི་ ས་འོག་ཆུ་ལམ་ནང་ ཆུ་མ་ཤོང་ནི་དེ་གིས་ ཆུ་བཅད་བཞག་མི་ གནས་སྐབས་ཀྱི་ རྡོ་དང་ ས་རོག་ཚུ་གིས་ བཀག་མ་ཚུགསཔ་ཨིན་པས།
ཨིན་རུང་ ཆུ་བྱག་རྐྱབ་ནིའི་ལཱ་ལུ་ གནོད་ཉེན་མེད་ཟེར་ ཆུ་བྱག་ལས་ཚན་གྱི་ བཟོ་རིག་སྡེ་འཛིན་འགོ་དཔོན་ ཨེཆི་ཨེསི་གིས་བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆུ་བཀག་ནིའི་ལཱ་དེ་ གཙང་ཆུའི་ཚད་གཞི་ མར་འབབ་འགྱོ་བའི་སྐབས་ལུ་ འགོ་བཙུགས་ནི་ཟེར་ཨིནམ་ད་ དེ་མེན་པ་ཅིན་ ལཱ་འཕྲོ་བརླག་གཏང་ནིའི་ ཉེན་ཁ་ཡོད་ཟེར་ཨིནམ་ད་ ད་ལས་ཕར་ ཆརཔ་མ་རྐྱབ་པར་སྡོད་པ་ཅིན་ ཆུ་བཀག་ནིའི་ལཱ་དེ་ བདུན་ཕྲག་༡ དེ་ཅིག་གི་རྒྱབ་ལས་ ལོག་འགོ་བཙུགས་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
མི་ཚུ་གིས་འབད་བ་ཅིན་ གཙང་ཆུ་དེ་ ཧེ་མའི་ ཆུ་ལམ་བདའ་སྟེ་ ཐོན་འགྱོ་མི་དེ་ལུ་ ས་འོག་ཆུ་ལམ་ལུ་ བྱ་སྟབས་མ་བདེཝ་ཡོདཔ་འོང་ནི་མས་ཟེར་བའི་ དོགས་པ་ཆགསཔ་ཨིན་རུང་ ཆུ་བྱག་མཁས་མཆོག་ཚུ་གིས་འབད་བ་ཅིན་ ཆུ་ཁ་བསྒྱུར་གཏང་སའི་ ས་འོག་ཆུ་ལམ་དེ་ལུ་ ཆུ་བྲེས་རུང་ ཆུ་བྱག་རྐྱབ་ནིའི་ལཱ་ལུ་ བར་རྐྱེན་དུམ་གྲ་རེ་ འབྱུང་ནི་ཨིནམ་མ་གཏོགས་ ཆུ་ཚད་མར་འབབ་འགྱོཝ་ད་ ཨ་རྟག་ག་ཨིནམ་སྦེ་ར་ ལཱ་འབད་ཚུགས་ཟེར་ཨིན་པས།
དབང་འདུས་ཕོ་བྲང་ ཆུ་རུད་བརྟག་དཔྱད་ལྟེ་བའི་འགོ་དཔོན་ དབང་འདུས་ཀྱིས་ སླབ་མིའི་ནང་ ན་ཧིང་གི་ སྤྱི་ཟླ་༥ པ་དང་ཕྱདཔ་ད་ དུས་ཅི་ གཙང་ཆུ་སེན་ཊི་མི་ཊར་༣༠ ཐེབས་བྲེས་ནུག་ཟེར་ཨིནམ་ད་ དེ་ཡང་ ན་ཧིང་ གཙང་ཆུའི་ཚད་གཞི་དེ་ མི་ཊར་༣.༥ ལས་བརྒལ་མེད་རུང་ དུས་ཅི་ མི་ཊར་༣.༨ ལུ་ ལྷོད་ནུག་ཟེར་ཨིན་པས།
ས་འོག་ལས་ ཆུ་ཁ་བསྒྱུར་གཏང་སའི་ལཱ་དེ་ སྤྱི་ལོ་༢༠༡༡ ཟླ་༥ པའི་ནང་ལས་ འགོ་བཙུགས་ཡོད་མི་དེ་ དུས་ཅི་ སྤྱི་ཟླ་༥ པའི་ཚེས་༡༡ ལུ་ མཇུག་བསྡུ་ཡོདཔ་ད་ དེ་དང་གཅིག་ཁར་ ས་འོག་ལམ་བཏོན་ནི་དང་ ལཱ་གཞན་ཚུ་གི་དོན་ལུ་ རྒྱ་གར་གྱི་ སྒེར་གྱི་ལས་སྡེ་ ཇེ་པི་ལས་ དངུལ་ཀྲམ་དུང་ཕྱུར་༡༢.༢༤ སྤྲོད་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༡ པ་དང་ཕྱདཔ་ད་ ལས་འགུལ་༢ པའི་ ས་འོག་གི་ ཆུ་ཁ་བསྒྱུར་ལམ་དེ་ གཅིག་ལས་བརྒལ་མེད་མི་དེ་ ཆུ་བྱག་གི་རིང་ཚད་ ཐུང་ནི་དེ་གིས་ཨིནམ་ད་ ལས་འགུལ་༡ པའི་ཆུ་བྱག་དེ་ ས་འོག་རིང་ཚད་མི་ཊར་༧༠ བརྐོ་ནི་ཨིནམ་ལས་ ཆུ་ཁ་བསྒྱུར་གྱི་ལམ་ཡང་༡ ལས་བརྒལ་ མེདཔ་ཨིན་པས།
ལས་འགུལ་༢ པའི་ཆུ་བྱག་དེ་ ས་འོག་ལུ་ མི་ཊར་༣༠ བརྐོ་ནི་ཨིནམ་ལས་ དེ་གིས་ ཆུ་ཁ་བསྒྱུར་གྱི་ ས་འོག་ཆུ་ལམ་༡ རྐྱངམ་གཅིག་ རྐྱབ་མི་དེ་ ཟད་འགྲོ་མར་ཕབ་འབད་ནི་དང་ རང་བཞིན་གནས་སྟངས་ལུ་ གནོད་སྐྱོན་རྐྱབ་མི་ཚུ་ མར་ཕབ་འབད་ནིའི་དོན་ལུ་ ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment