གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩ་མང་རྒེད་འོག་ནང་ བརྩི་སྲུང་འབད་སྲོལ་ཡོད་པའི་ མཁར་ཕུལ་དུས་སྟོན་ ཉམས་ཉེན་ཡོདཔ།

༨/༦/༢༠༡༣   ༉ དུས་ཅི་ མོང་སྒར་རྫོང་ཁག་ རྩ་མང་རྒེད་འོག་ ནང་སྒར་གཡུས་ཚན་གྱི་མི་སེར་ཚུ་ དགའ་སྤྲོ་བྱུང་མི་དེ་ཡང་ ད་ལས་ཕར་ ལོ་༢ དེ་ཅིག་གི་རིང་ གཡུས་ཚན་དེ་ནང་ ནད་མུག་འཁྲུགས་རྩོད་ཚུ་ ག་ནི་ཡང་མེད་པར་ བདེ་སྐྱིད་ཕུན་སུམ་ཚོགས་པའི་ངང་ལུ་ སྡོད་ཚུགས་ནི་ཨིནམ་ལས་བརྟེན་ཨིན་པས།
མཁར་ཕུལ་དུས་སྟོན་ནང་ གཡུས་མི་ཚུ་ ཞབས་ཁྲ་རྐྱབ་པའི་བསྒང་།


དེ་ཡང་ རང་ཟླ་༤ པའི་ནང་ ལོ་བསྟར་བཞིན་དུ་ རྩ་མང་རྒེད་འོག་ནང་ བདུན་ཕྲག་༡ གི་རིང་ ཞག་ཡང་མ་ཉལ་བར་ བོན་ལྷ་ལུ་གསོལ་མཆོད་ཕུལ་ནིའི་ དུས་སྟོན་བརྩི་སྲུང་འབད་སྲོལ་ཡོད་མི་དེ་ སྤྱི་ཟླ་༦ པའི་ཚེས་༤ ལས་ འགོ་བཙུགས་ཡོདཔ་ད་ དེ་བསྒང་ གཡུས་ཚན་དེ་ནང་ ལེགས་ཉེས་ག་ཅི་བཟུམ་འོང་ག་ བོན་པོ་གིས་ མོ་བཏབ་རྩིས་བཏབ་འབད་བའི་ཤུལ་ལུ་ བཟང་ངན་ཚུ་ ཤེས་ཚུགས་ནི་དེ་གིས་ཨིན་པས།
བོན་ལྷའི་དུས་སྟོན་དེ་ ཤིང་དང་ རྡོ་ལ་སོགས་པའི་རྩ་བར་ བརྩི་སྲུང་འབད་དོ་ཡོདཔ་ད་ བོན་པོའི་མཁར་ཕུལ་ལམ་སྲོལ་དེ་ གཡུས་ཚན་དེ་ནང་ ད་ལྟོའི་བར་ན་ཡང་ མ་ཉམས་པར་ཡོདཔ་བཞིན་དུ་ ལོ་༢ ནང་ཚར་རེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
རྩ་མང་རྒེད་འོག་ ནང་སྒར་གཡུས་ཚན་གྱི་ མི་སེར་ཚུ་གིས་ སླབ་མིའི་ནང་ དུས་ཅི་ བོན་སྲོལ་གྱི་ མོ་རྩིས་བཏབ་ད་ བཟང་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།
མོང་སྒར་རྩ་མང་རྒེད་འོག་ ནང་སྒར་གཡུས་ཚན་གྱི་མི་སེར་ཚུ་ བོན་ལྷ་ལུ་ གསོལ་མཆོད་ཕུལ་བའི་བསྒང་།

གཡུས་ཚན་ལས་ འགོ་འདྲེན་པ་ སྐྱེས་ལོ་༦༤ ལང་མི་ ཚེ་དབང་གིས་ སླབ་མིའི་ནང་ མཁར་ཕུལ་ཟེར་ བོན་ལྷའི་གསོལ་མཆོད་ཕུལ་དགོ་མི་དེ་ཡང་ གཡུས་ཚན་དེ་ནང་ ནད་མུག་འཁྲུགས་རྩོད་མེད་པར་ ལོ་ཕྱུགས་རྟག་ཏུ་ལེགས་ནིའི་དོན་ལུ་ བརྩི་སྲུང་ཞུཝ་ཨིན་ཟེར་ཨིནམ་ད་ གཡུས་ཚན་དེ་ནང་ མི་སེར་དང་ སྒོ་ནོར་སེམས་ཅན་ དེ་ལས་ ལོ་ཐོག་ཚུ་ལུ་ བཟང་ངན་ཡོད་ལུགས་དེ་ཡང་ བོན་པོའི་ལུགས་ཀྱི་ མོ་བཏབ་མི་ལུ་བརྟེན་ ཤེས་ཚུགས་ཟེར་ཨིན་པས།
མོ་བཏབ་ནི་དེ་ཡང་ བོན་ལྷ་ལུ་ ཚོགས་ཕུལ་ཚར་ཞིནམ་ལས་ གཡུས་ཚན་གྱི་ མི་ཚུ་གི་དོན་ལུ་ ཟངས་གཞོང་སྦོམ་ཅིག་ནང་ སྦང་ཆང་བཀང་ཞིནམ་ལས་ དེ་ནང་ བོན་པོ་གིས་ པད་ཀར་མར་ཁུ་བླུགས་པའི་སྐབས་ལུ་ མེ་ཏོག་གི་ ཁྲ་དང་མདངས་འཐོན་པ་ཅིན་ བཟང་པོ་ཨིནམ་ད་ མེ་ཏོག་གི་ ཁྲ་མ་ཐོན་པ་ཅིན་ ངན་པ་རྟགས་མཚན་ཨིན་པའི་ ཆ་གནས་འབད་དོ་ཡོདཔ་ཨིན་པས།
ནང་མི་བཟའ་ཚང་ཚུ་གི་དོན་ལུ་འབད་བ་ཅིན་ མོ་བཏབ་ནི་དེ་ ཕོརཔ་ཅིག་ནང་ རོང་སོའི་ ཁྱིམ་ནང་ལས་འབག་འོང་མི་ སྦང་ཆང་བཀང་ཞིནམ་ལས་ བོན་པོ་གིས་ པད་ཀར་མར་ཁུ་བླུགས་པའི་སྐབས་ མེ་ཏོག་གི་ ཁྲ་ཡོད་མེད་བལྟ་ཞིནམ་ལས་ དེ་ལུ་ ཆ་གནས་འབད་དོ་ཡོདཔ་མ་ཚད་ ནདཔ་དང་ ཨ་ལུ་ དེ་ལས་ ཕར་ཚུར་འགྲོ་འགྲུལ་འབད་མི་ཚུ་གི་དོན་ལུ་ཡང་ བྱ་བ་ལམ་འགྲོས་ཚུ་ བལྟ་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༥༨ ལང་མི་ བོན་ཆོསཔ་ངག་དབང་རྒྱལ་མཚན་གྱིས་ སླབ་མིའི་ནང་ དེ་བཟུམ་གྱི་ བཟང་ངན་བལྟ་ནི་དེ་ སྔོན་དང་ཕུ་ལས་ར་ དར་ཡོད་པའི་ལམ་ལུགས་ཅིག་འབད་མི་ལུ་བརྟེན་ མི་སེར་ཚུ་གིས་འབད་རུང་ ཡིད་ཆེས་ཡོད་ཟེར་ཨིནམ་ད་ དུས་ཅི་འབད་བ་ཅིན་ མི་དང་སེམས་ཅན་ཚུ་ལུ་ འཚུབ་ཆ་ག་ནི་ཡང་མེད་རུང་ ལོ་ཐོག་ལུ་ དུམ་གྲ་ཅིག་ གནོད་པ་འོང་ནི་བཟུམ་འདུག་ཟེར་ཨིན་པས།
སྐྱེས་ལོ་༦༨ ལང་མི་ ཨང་རྒས་མཚོ་མོ་གིས་ སླབ་མིའི་ནང་ བཟང་ངན་བལྟ་ནི་དེ་ མེད་ཐབས་མེདཔ་ཅིག་ཨིན་ཟེར་ཨིནམ་ད་ དེ་ཡང་ བོན་པོའི་མོ་བཏབ་ཀྱི་ བཟང་ངན་ལུ་བལྟ་ཞིནམ་ལས་ བདེ་སྡུག་ཚུ་ ཤེས་ཚུགས་ཟེར་ཨིནམ་ད་ རྩ་མང་གི་ མི་སེར་ཚུ་གིས་ ལོ་ཐོག་གཙོ་བོ་ གེ་ཟ་དང་ ཀེ་བ་ དེ་ལས་ སྒོ་ནོར་སེམས་ཅན་ཚུ་ འཚོ་སྐྱོང་འཐབ་དོ་ཡོདཔ་ལས་ ཤེས་དགོཔ་ཁག་ཆེ་ཟེར་ཨིན་པས།
བོན་དཀར་གྱི་ ལྷ་གསོལ་དེ་ མིང་གཏམ་ཅན་ཅིག་ཨིནམ་ད་ དེ་བསྒང་ སྤྲོ་བ་ཆེ་ཤོས་ར་ མི་སེར་ཚུ་གིས་ ལྷ་བཱང་ཟེར་སར་ འཛོམས་ཞིནམ་ལས་ གཡུས་ཚན་གྱི་ མི་སེར་ཚུ་ལུ་ རྐྱེན་ངན་བར་ཆད་ཚུ་ཞི་སྟེ་ མི་ཚེ་འདི་ནང་ ཚེ་རིང་ནི་དང་ ལོ་ཕྱུགས་ཀྱི་གཡང་འཕེལ་ནིའི་དོན་ལུ་ སྨོན་ལམ་བཏབ་སྟེ་ ཚོགས་ཕུལ་དོ་ཡོདཔ་ད་ དེ་ཡང་ སྔོན་འཛམ་གླིང་ནང་ འགྲོ་བ་མི་ཚུ་ སྐྱེས་བའི་ཤུལ་ལུ་ ལྷ་ཞུ་དགོཔ་བྱུང་མི་ལུ་བརྟེན་ ལྷ་བརྒྱ་བྱིན་གྱི་སྲས་༤ ལས་ ཆུང་ཤོས་གུ་རུ་ཞལ་ཟེར་མི་དེ་ མི་ཡུལ་ལུ་ གདན་འདྲེན་ཞུ་སྟེ་ ཕྱག་མཆོད་ཕུལ་བའི་ ཚུལ་སྟོན་མི་དེ་ཨིན་པས།
དེ་ཡང་ དྲོ་པ་ལས་ གཡུས་སྒོའི་མི་སེར་ཚུ་ གཡུས་ཀྱི་ཉེ་འདབས་ལུ་ཡོད་པའི་ ལྷ་བྲང་ཟེར་ ལྷའི་ཕོ་བྲང་ཡོད་སར་ འཛོམས་ཐོག་ལས་ མཆོད་བཤམ་བསྒྲིགས་ཡོད་མི་དེ་ནང་ ཨོམ་དང་ མར་དར་ཚིལ་ དེ་ལས་ ཕྱེ་ཚུ་གིས་བཟོ་མི་ ཁ་ཟས་དང་ ཟས་སྣའི་ཚོགས་ཚུ་ ཕུལ་དོ་ཡོདཔ་ཨིན་པས།
དེ་བསྒང་ ལྷ་ཞུ་སྟེ་ བྲོ་དཔོན་ཟེར་ ལས་རིམ་གཙོ་འཛིན་གྱིས་གཙོས་པའི་ གོ་ལ་ཟབ་སྤྲོས་རྡིག་སྟེ་ ཚིག་དང་ལེའུ་བཅསཔ་སྦེ་ མཆོད་པ་ཕུལ་ནི་དང་ ཚེའི་དངོས་གྲུབ་ཞུ་ནི་ ཕྱི་རུ་ཁམས་ལས་ ལྷའི་བྱིན་ཞུ་ཟེར་ ལྷ་ལས་བྱིན་རླབས་ཞུ་ནིའི་དོན་ལུ་ བྲོ་དཔོན་དང་ བྲོ་གཡོག་༢ ཀྱིས་ཁྱིད་དེ་ ཁྱིམ་གུང་རེ་རེ་བཞིན་དུ་ནང་ སྒོ་བཤལ་རྐྱབ་སྟེ་འགྱོ་དོ་ཡོདཔ་ད་ ལས་རིམ་དེ་ ཉིན་གྲངས་༧ གྱི་རིང་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
དེ་བསྒང་ ཁྱིམ་རེ་རེ་བཞིན་དུ་ ལྷའི་བྱིན་ཞུ་བའི་སྐབས་ལུ་ ཕོ་སྐྱེས་༡ གིས་ ལྷ་ཤིང་འབག་ནི་ཡོདཔ་ད་ ཨམ་སྲུ་ཚུ་གིས་འབད་བ་ཅིན་ ཕྱག་མཚན་དེ་ ལྷ་བུ་ཚེ་རིང་ཟེར་ ཤིང་གི་བཟོ་མི་ ཕོ་མཚན་འབག་དོ་ཡོདཔ་ད་ ཕོ་མཚན་དེ་ཡང་ གུས་ཞབས་ཆེན་པོའི་གོ་ལས་ རིན་པོ་ཆེ་དངོས་སུ་ཨིན་པའི་ སྣང་བ་བསྐྱེད་དོ་ཡོདཔ་ཨིན་པས།
རྒན་ཤོས་ཚུ་གིས་ སླབ་མིའི་ནང་ ལྷ་མ་གསོལ་བ་ཅིན་ ནད་ཡམས་མུ་གེ་ཚུ་ཐོན་ཏེ་ གཡུས་ཚན་དེ་ནང་ ལྟས་ངན་འབྱུང་ནི་ཨིནམ་མ་ཚད་ མོ་རྩིས་བཏབ་རུང་ ལྷ་མ་གསོལ་བའི་ རྒྱུ་རྐྱེན་ཨིན་མས་ཟེར་ ཐོན་དོ་ཡོདཔ་ལས་ ལྷ་གསོལ་ནི་དེ་ ལོ་༢ ནང་ ཚར་རེ་ངེས་པར་དུ་ གསོལ་དགོཔ་ཅིག་ཨིན་ཟེར་ཨིན་པས།
དེ་བཟུམ་གྱི་ བོན་ལྷ་གསོལ་ནི་དེ་ དང་ཕུ་ལས་ར་ཡོདཔ་ཨིན་རུང་ ནམ་ལས་འགོ་བཙུགས་ཡོདཔ་ཨིན་ན་ གཏན་འཁེལ་མི་ཤེས་དོ་ཡོདཔ་ད་ མཁར་ཕུལ་ལྷ་གསོལ་དེ་ཡང་ ཁེངས་རིག་རྣམས་གསུམ་གྱི་ མི་སེར་ཚུ་གིས་ བརྩི་སྲུང་འབད་དོ་ཡོདཔ་ཨིན་པས།
ཨིན་རུང་ གཡུས་མི་ཚུ་གིས་ སླབ་མིའི་ནང་ མཁར་ཕུལ་ཟེར་བའི་ གསོལ་མཆོད་ཀྱི་དུས་སྟོན་དེ་ ད་ལྟོའི་བར་ན་ཡང་ མ་ཉམས་པར་ཡོད་རུང་ དུས་ཀྱི་འགྱུར་བ་དང་བསྟུན་ ཉམས་ཉེན་ཡོད་མི་དེ་ཡང་ ན་གཞོན་ཚུ་ སློབ་གྲྭ་ཁག་ལས་ཕར་ཡོདཔ་ལས་ ད་ལྟོ་ ཕམ་ཚུ་གིས་འབད་མི་ ལུགས་སྲོལ་ཚུ་ ཁོང་གིས་ བཅའ་མར་གཏོགས་མ་ཚུགས་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
མཁར་ཕུལ་ཟེར་ སླབ་དགོ་མི་དེ་ཡང་ ཚོགས་རི་བཟུམ་སྤུངས་ཏེ་ ཡུལ་ལྷ་ཚུ་ལུ་ ཕུལ་སྲོལ་ཡོད་ནི་དེ་གིས་ འབྲུའི་ཕུད་དེ་ དང་པ་ལྷ་ལུ་ ཕུལ་དོ་ཡོདཔ་ལས་བརྟེན་ མཁར་ཕུད་ཟེར་ སླབ་ཨིན་པའི་རྒྱབ་ཁུངས་ཚུ་ བཤད་དོ་ཡོདཔ་ཨིན་པས།
ད་རེས་ནངས་པ་ བརྩི་སྲུང་འབད་བའི་བསྒང་ཡོད་མི་ མཁར་ཕུལ་དེ་ ཁྱིམ་གུང་བཤལ་ཏེ་ དུས་སྟོན་བརྩི་དགོཔ་ལས་བརྟེན་ སྤྱི་ཟླ་འདི་གི་ཚེས་༡༠ ལུ་ མཇུག་བསྡུ་ནི་ཨིནམ་ད

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment