གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕུན་ཚོགས་གླིང་ལུ་ སྲ་ཆས་ཚུ་ ཕྱོགས་འགྱུར་ཐོག་ འབག་ནི་གི་ དཔའ་བཅམ་ཡོདཔ།

༡༢/༦/༢༠༡༣ ༉ འདས་པའི་རེས་གཟའ་སྤེན་པ་ལུ་ ཕུན་ཚོགས་གླིང་ལུ་ ཀ་ཤི་སྲ་ཆས་དང་ གློག་ཆས་ཚོང་ཁང་གིས་ ཚུལ་མིན་གྱི་སྒོ་ལས་ སྲ་ཆས་ཚུ་ རྒྱ་གར་ལུ་ ཁ་འགྱུར་ཏེ་ འབག་ནི་གི་ དཔའ་བཅམ་པའི་སྐབས་ ལུང་ཕྱོགས་འོང་འབབ་དང་ ཅ་དམ་ལས་བྱེདཔ་ཚུ་གིས་ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
འགྲུལ་འཁོར་བཱསི་ནང་ན་ ཨེན་ཏ་འོག་ལུ་བཙུགས་ཏེ་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་
ཇའི་སྒང་ལུ་ ཁ་འགྱུར་ཐོག་ལས་ འབག་འགྱོཝ་ད་ འཕྱོག་བཟུང་འབད་མི་ ཅ་ཆས་ཚུ།


ཚོང་ཁང་དེ་གིས་ སྤྱི་ལོ་༢༠༡༢ ལུ་ཡང་ ཚུལ་མིན་གྱི་སྒོ་ལས་ ཚོང་འབྲེལ་ཆོག་ཐམ་འཆང་མི་ཅིག་གི་ མིང་ཐོག་ལུ་ ཚོང་འབྲེལ་འཐབ་པའི་ཤུལ་ལུ་ ཚོང་ཁང་དེ་གི་ ཚོང་འབྲེལ་ཆོག་ཐམ་ཆ་མེད་བཏང་ཡོདཔ་ད་ ཇོ་བདག་དེ་ལུ་ ཕུན་ཚོགས་གླིང་ཁྲོམ་ཁར་ ཀ་ཤི་ལྷམ་ཚོང་ཁང་ཡོད་རུང་ སྲ་ཆས་ཚུ་ ཚོང་འབྲེལ་འཐབ་ནི་མེདཔ་ཨིན་པས།
ཅ་དམ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཚོང་འབྲེལ་འཐབ་མི་དེ་གི་ འགྲུལ་འཁོར་བཱསི་ཅིག་གིས་ ཨ་རྟག་འབད་བ་ཅིན་ ཅ་ཆས་ཚུ་ འབག་ནི་ཡོད་རུང་ དེ་བསྒང་ སྲ་ཆས་ཀྱི་ ཅ་ཆས་ཚུ་ འབག་ཐོག་ལས་ ཕུན་ཚོགས་གླིང་ལས་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ སྐྱེལ་འདྲེན་འབད་ནི་གི་ དཔའ་བཅམ་དོ་ཡོད་པའི་ སྙན་ཞུ་ཅིག་ ཐོབ་ཅི་ཟེར་ཨིནམ་ད་ བཱསི་དེ་ ཕུན་ཚོགས་གླིང་ས་མཚམས་སྒོ་ར་ཁའི་ སྦོ་ལོགས་ཁར་ བཟུང་ཡོདཔ་ཨིན་པས།
ཅ་དམ་གྱི་ བཅའ་ཡིག་དང་འཁྲིལཝ་ད་ ཅ་ཆས་ཚུ་ འབྲུག་རྒྱལ་ཁབ་ནང་ འབག་འོང་པའི་ཤུལ་ལུ་ ཕྱི་ཁར་འབག་མི་ཆོག་ནི་ཨིན་པས།
དེ་སྦེ་ ཕྱོགས་འགྱུར་ཏེ་ འབག་ནི་གི་ རྩིས་རྐྱབ་མི་དེ་ ཅ་དམ་འགོ་དཔོན་ཚུ་ལུ་ མགུ་སྐོར་རྐྱབ་པའི་ རྩོད་དོན་ཅིག་ཨིན་ཟེར་ ཅ་དམ་འགོ་དཔོན་ཅིག་གིས་ བཤད་པའི་ཁར་ ཅ་ཆས་ཚུ་ འབྲུག་ནང་འཁོད་ལུ་ ཚོང་ཁང་ལག་ལེན་འཐབ་པའི་སྐབས་ བཙོང་མ་ཚར་བར་ལུས་མི་ཚུ་ཨིན་པས་ཟེར་ སླབ་ཨིན་པས།
འགྲུལ་འཁོར་བཱསི་དེ་གིས་ ཕུན་ཚོགས་གླིང་ལུ་ ད་ལྟོའི་བར་ན་ཡང་ཡོད་མི་ ཁོང་གི་དོས་ཁང་ནང་ལས་ ཅ་ཆས་ཚུ་ བཙུགས་འབག་འོང་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ སྲ་ཆས་ཚུ་ འབྲུག་ལུ་ འབག་འོངམ་ད་ གནས་གོང་གུ་ལས་ ཁྲལ་བརྒྱ་ཆ་༡༢ ཡངས་ཆག་འབད་ཡོདཔ་ད་ ད་རིས་འབདཝ་ད་ ཁོང་གིས་ རྒྱལ་ཁབ་ཀྱི་ཕྱི་ཁར་ འབག་ཐོག་ལས་ ཇའི་སྒང་ལུ་ བཙོང་ནི་གི་ དཔའ་བཅམ་ནུག་ཟེར་ སླབ་ཨིན་པས།
སྲ་ཆས་ཚུ་ཡང་ བཱསི་ནང་ན་ ཤིང་གི་ཨེན་ཏ་ཅིག་གི་འོག་ལུ་ སྦ་བཞག་ནུག་ཟེར་ ཅ་དམ་འགོ་དཔོན་ཚུ་གིས་ བཤད་ཡོདཔ་ད་ ཅ་ཆས་ཚུ་ འབག་ནིའི་དོན་ལས་ བཱསི་གི་སྡོད་ཁྲི་ཚུ་བཤུབ་སྟེ་ ཨེན་ཏ་སྒྲིགཡོདཔ་ཨིན་པས།
སྲ་ཆས་ཚུལ་མིན་གྱི་སྒོ་ལས་ འབག་མི་ཚུ་གིས་ ཅ་ཆས་ཚུ་ གནས་གོང་དངུལ་ཀྲམ་༢༥,༠༠༠ དེ་ཅིག་ལས་བརྒལ་མེདཔ་ལས་ ཅ་དམ་འགོ་དཔོན་ཚུ་ལུ་ དགོངས་ཡངས་གཏང་དགོཔ་སྦེ་ སླབ་ཡོད་རུང་ ཅ་ཆས་ཚུ་ལུ་ལྟཝ་ད་ མངམ་གནས་ནི་བཟུམ་མཐོངམ་མས་ཟེར་ ཅ་དམ་འགོ་དཔོན་གྱིས་ སླབ་ཨིན་པས།
ད་ལྟོ་ ཅ་ཆས་ཀྱི་ ཇོ་བདག་དེ་ ཅ་དམ་ཡིག་ཚང་ནང་ མ་འོངམ་ལས་ ཅ་ཆས་ཚུ་གི་ གནས་གོང་ཏན་ཏན་སྦེ་ སླབ་མ་ཤེསཔ་ལས་ འགྲུལ་འཁོར་བཱསི་དང་སྦྲགས་ ཅ་ཆས་ཚུ་ འཕྱོག་བཟུང་འབད་དེ་ བཞག་ཡོད་ཟེར་ འགོ་དཔོན་དེ་གིས་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment