གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩི་རང་རྫོང་ཁག་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ འགོ་ཐོག་ཚོགས་རྒྱན་གྱི་རྒྱལ་ཁ།

༡/༦/༢༠༡༣   ༉ ཁ་ཙ་འགོ་འདྲེན་འཐབ་མི་ འབྲུག་གི་སྤྱི་ཚོགས་༢ པའི་ འགོ་ཐོག་བཙག་འཐུའི་ཉིནམ་ལུ་ གཞུང་སྐྱོང་ཚོགས་པ་བགྲེསཔ་ འབྲུག་ཕུན་སུམ་ཚོགས་པ་གིས་ འགྲེམ་ཐོག་དང་ འཕྲུལ་ཆས་ཐོག་གི་ ཚོགས་རྒྱན་ཡོངས་བསྡོམས་༤༠༣༥ ཐོབ་པའི་ཁར་ ཨང་༢ པ་དེ་ ལྡོག་ཕྱོགས་ཚོགས་པ་བགྲེསཔ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༣༩༦༩ ཐོབ་མི་དེ་ འབྲུག་ཕུན་སུམ་ཚོགས་པ་ལས་ ཚོགས་རྒྱན་༦༦ གིས་ ཉུངམ་ཨིན་པས།
རྩི་རང་གི་ མི་སེར་ཚུ་གིས་ ཆར་པའི་ནང་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ སྒུག་སྡོད་པའི་བསྒང་།


ཨིན་རུང་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་ཡོངས་བསྡོམས་༢༣༣༣ ཐོབ་ཡོད་རུང་ འབྲུག་སྤྱིར་དབང་ཚོགས་པ་གིས་༦༥༢ ལས་བརྒལ་ ཐོབ་མ་ཚུགསཔ་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་གྱི་ཐད་ལུ་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༧༠༡ ཐོབ་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ དེ་གི་འོག་ལས་ར་ འབྲུག་ཕུན་སུམ་ཚོགས་པ་གིས་༥༡༡ དང་ འབྲུག་མཉམ་རུབ་ཚོགས་པ་གིས་༢༦༤ དེ་ལས་ འབྲུག་སྤྱིར་དབང་ཚོགས་པ་གིས་༦༩ ཐོབ་ནུག།
འཕྲུལ་ཆས་ཐོག་གི་ ཚོགས་རྒྱན་གྱི་ཐད་ལུ་ རྫོང་ཁག་འོག་ལུ་ འདེམས་ཁོངས་༢ ཡོད་པའི་གྲས་ལས་ དཀྱིལ་འཁོར་ཐང་ མན་ཌལ་སྒང་འདེམས་ཁོངས་ནང་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༢༠༠༢ ཐོབ་སྟེ་ ཚོགས་རྒྱན་བསྡོམས་༡༩༥༩ དང་ འབྲུག་མཉམ་རུབ་ཚོགས་པ་གིས་༡༠༤༧ དེ་ལས་ འབྲུག་སྤྱིར་དབང་ཚོགས་པ་གིས་༣༤༥ ཐོབ་ཡོདཔ་ཨིན་པས།
ཨིན་རུང་ སེར་གྱི་ཐང་ རྩི་རང་སྟོད་འདེམས་ཁོངས་ནང་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༡༦༠༩ ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་༡༥༢༢ འབྲུག་མཉམ་རུབ་ཚོགས་པ་གིས་༩༩༢ དེ་ལས་ འབྲུག་སྤྱིར་དབང་ཚོགས་པ་གིས་༢༣༨ ལས་བརྒལ་ ཐོབ་མ་ཚུགསཔ་ཨིན་པས།
རྫོང་ཁག་འོག་གི་ རྒེད་འོག་༡༢ ནང་ལས་ ཚོགས་རྒྱན་ས་ཁོངས་༤༢ ནང་ ཁྱད་ཚད་ལྡན་པའི་ ཐོ་བཀོད་ཅན་གྱི་ཚོགས་རྒྱན་བཙུགས་མི་༢༠,༨༦༣ ཡོད་པའི་གྲས་ལས་ ཚོགས་རྒྱན་བཙུགས་མི་བསྡོམས་༡༠,༩༨༩ འོང་ཡོད་མི་དེ་ བརྒྱ་ཆ་༥༠ ལྷགཔ་ཅིག་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment