གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདེམས་ཁོངས་གནང་བྱིན་མ་དངུལ་ ལག་ལེན་ཚུལ་ལྡན་མེདཔ།

༨/༡༡/༢༠༡༢    ༉ དུས་ཅི་ སྤྱི་ཟླ་༣ པ་དེ་ཅིག་ལུ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ འདེམས་ཁོངས་གནང་བྱིན་མ་དངུལ་དེ་ མཁོ་སྤྲོད་མི་འབད་ཟེར་ ཐག་བཅད་གནང་ཡོདཔ་ཨིན་པས།
བློན་ཆེན་མཆོག་གིས་ དེ་སྦེ་འདེམས་ཁོངས་གནང་བྱིན་མ་དངུལ་དེ་ མཁོ་སྤྲོད་མི་འབད་ཟེར་མིའི་གནད་དོན་གཙོ་བོ་ར་ མི་མང་ལ་ལུ་ཅིག་གིས་ འདེམས་ཁོངས་གནང་བྱིན་མ་དངུལ་ བཙག་འཐུ་དང་འབྲེལ་བའི་གནད་དོན་ནང་ འཐུས་མི་ཚུ་ལུ་ ཁེ་ཕན་གྱི་འོས་འབབ་ཡོད་པའི་ལོ་རྒྱུས་ཡོདཔ་ལས་ དེ་བཟུམ་མའི་གོ་སྐབས་མེདཔ་སྦེ་ བཞག་ཐབས་ལུ་ཨིན་པས།



དེ་ཡང་ འདེམས་ཁོངས་གནང་བྱིན་མ་དངུལ་དང་འབྲེལ་བའི་ རྩིས་ཞིབ་དབང་འཛིན་གྱི་སྙན་ཞུ་མཐའ་མ་དེ་ དུས་ཅི་བར་ཁམས་ལུ་ ཚོགས་འདུའི་འཐུས་མི་༤༧ དང་ ཚོགས་དཔོན་ དེ་ལས་ ཚོགས་སྡེའི་ཁྲི་འཛིན་ཚུ་ལུ་ བཀྲམ་སྤེལ་འབད་ཡོད་མི་དེ་ གནང་བྱིན་མ་དངུལ་གྱི་ལག་ལེན་དེ་གིས་ འཐུས་མི་ཚུ་ལུ་ ཚོགས་རྒྱན་བཙུགས་མིའི་རྒྱབ་སྐྱོར་ཐོབ་ནི་གི་ འོས་འབབ་ཡོད་པའི་མངོན་གསལ་བྱུང་ཡོདཔ་ཨིན་པས།
དཔེ་འབད་བ་ཅིན་ རྩིས་ཞིབ་སྙན་ཞུ་ནང་ འདེམས་ཁོངས་གནང་བྱིན་མ་དངུལ་ལག་ལེན་ཐོག་གི་ ལས་རིམ་༡༦ དེ་ཅིག་ ༢༠༠༩ ཅན་མའི་ འདེམས་ཁོངས་གནང་བྱིན་མ་དངུལ་གྱི་ཁྲིམས་ལུགས་དང་མ་འཁྲིལ་བར་ ལག་ལེན་འཐབ་ཡོདཔ་སྦེ་ ཐོ་བཀོད་འབད་ནུག།
དེ་ཚུ་གི་གྲས་ལས་ གཅིག་གིས་ དགེ་ལེགས་ཕུག་  མའོ་ཁོ་ལའི་གཙང་ཆུ་བརྒལ་ནི་གི་དོན་ལུ་ གྲུ་བཏང་མི་ཚུ་ལུ་ ཟླ་རིམ་གླ་ཆ་སྤྲོད་དོ་ཡོད་པའི་ཁར་ གཅིག་གིས་ རྡོ་གར་ཤར་པ་འདེམས་ཁོངས་ཀྱི་ སྦེ་སྟེང་ན་སློབ་གྲྭ་ཆུང་བ་ལུ་ སློབ་གྲྭའི་དོན་ལུ་ འགྲུལ་འཁོར་བཱསི་ མཁོ་གྲུབ་འབད་བྱིན་ཡོདཔ་ཨིན་པས།
དེ་ལས་ དགོན་ཁ་སྨད་དང་ ལུང་ནག་ན་འདེམས་ཁོང་ནང་ལུ་འབད་བ་ཅིན་ འདམ་སྦྱིས་མི་སྡེ་སློབ་གྲྭ་ཉམས་གསོ་དང་ དགོན་ཁ་སྟོད་དང་ ལ་ཡ་འདེམས་ཁོངས་ནང་ ལུང་མགོ་ལུ་ རྒྱ་བསྐྱེད་སློབ་ཁང་དང་ ལས་བྱེད་པའི་སྡོད་ཁྱིམ་ཚུ་ རྐྱབ་བྱིན་ཡོད་པའི་ཁར་ ཐིམ་ཁྲོམ་སྟོད་འདེམས་ཁོངས་ནང་ཡང་ དེ་བཟུམ་སྦེ་ རྒྱ་བསྐྱེད་སློབ་ཁང་དང་ ལས་བྱེད་པའི་སྡོད་ཁྱིམ་རྐྱབ་བྱིན་ཡོདཔ་ཨིན་པས།
གཞན་མི་ཚུ་ འཆར་གཞི་༡༠ པའི་ལས་རིམ་ནང་ཚུད་ཡོད་པའི་ ལཱ་ཚུ་གི་ལྷན་ཐབས་ལུ་འབད་ཡོད་མི་ ཧཱ་ སོམ་སྦས་ཁ་ལུ་ ཞིང་ཆུའི་ཆུ་གཡུར་༥ བཟོ་སྐྲུན་འབད་ཡོད་པའི་ཁར་ མགར་ས་གི་འདེམས་ཁོངས་༢ དང་ བསྒང་ཟུར་སྨིན་རྗེ་འདེམས་ཁོངས་ནང་ ལྷ་ཁང་ཉམས་གསོའི་དོན་ལུ་ ལག་ལེན་འཐབ་ཡོད་མི་ཚུ་ཨིན་པས།
ཆོས་འཁོར་སྟང་འདེམས་ཁོངས་ནང་ ཕོམ་གྲོང་གཡུས་ཚན་ནང་ འབྱ་ཞིང་གི་དོན་ལུ་ ཆུ་གཡུར་བཏོན་ཡོད་མི་དེ་ ཁྱིམ་གུང་༨ ཀྱི་དོན་ལུ་རྐྱངམ་གཅིག་ཨིན་པའི་ཁར་ བསྒང་ཟུར་སྨིན་རྗེ་འདེམས་ཁོངས་ནང་ཡང་ དེ་བཟུམ་སྦེ་ འཐུང་ཆུ་ཁག་༢ སེམས་ཅན་སྦིས་དང་ ཕ་རྟ་ལེ་གི་དོན་ལུ་ གསར་བཏོན་འབད་ཡོད་མི་དེ་ ཁྱིམ་གུང་༦ རེ་གི་དོན་ལུ་རྐྱངམ་གཅིག་ཨིནམ་སྦེ་གསལ་བཀོད་འབད་ནུག།
ཝམ་རོང་ལུ་ཡང་ འདེམས་ཁོངས་གནང་བྱིན་མ་དངུལ་དེ་གི་ཐོག་ལས་ འཐུང་ཆུ་གསར་བཏོན་འབད་ཡོད་མི་དེ་ མ་ནི་ཟོར་དང་ བར་ཤོང་གཡུས་ཚན་གྱི་ཁྱིམ་གུང་༥ གི་དོན་ལུ་ཨིནམ་ད་ ལས་རིམ་དེ་ཚུ་གི་དོན་ལུ མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༡ ལྷགཔ་ཅིག་ ལག་ལེན་འཐབ་ཡོདཔ་ཨིན་པས།
རྩིས་ཞིབ་སྙན་ཞུ་ནང་ ད་རུང་ འཐུས་མི་ཚུ་གིས་ གནང་བྱིན་མ་དངུལ་ཚུ་ ཁྱིམ་གུང་ངོ་རྐྱང་རེ་གི་ཁེ་ཕན་གྱི་དོན་ལུ་ དངུལ་རྐྱང་དང་ ལཱ་བྱའི་ལས་རིམ་ཐོག་ ལག་ལེན་འཐབ་ཡོད་པའི་ གསལ་སྟོན་ཡང་བྱུང་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ལས་རིམ་ནང་གསལ་བཀོད་འབད་དོ་བཟུམ་འབད་བ་ཅིན་ ཁྱིམ་གུང་༡༠ ལས་༦༢༣ དེ་ཅིག་བར་ན་ ཕན་ཐོགས་ཡོདཔ་སྦེ་འཁོད་ཡོད་རུང་ ལག་ལེན་འཐབ་ས་ལུ་ལྷོདཔ་ད་ ཁྱིམ་གུང་ངོ་རྐྱང་རེ་ལུ་ ཕན་ཐོགས་ཏེ་འདུག་ཟེར་ཨིན་པས།
དེ་ཡང་ དཔེར་ན་ བོང་གོ་སྐྱབས་ཆ་འདེམས་ཁོངས་ནང་ ཁྱིམ་གུང་༡༠ ལུ་ བ་ནོར་རེ་རེ་ ཉོ་ཞིནམ་ལས་སྤྲོད་ཡོདཔ་ད་ དགོན་ཁ་སྟོད་ལ་ཡ་འདེམས་ཁོངས་ནང་ ལྕགས་སྐུད་རཝ་ ཁྱིམ་གུང་༥༠ དེ་ཅིག་ལུ་རྐྱབ་བྱིན་ནུག་ཟེར་ཨིན་པས།
གཞན་ཡང་ ཁྱིམ་ཐོག་ལྕགས་ཤོག་དང་ ཨོམ་དཀྲོག་ནིའི་ཅ་ཆས་ དེ་ལས་ བྱམོ་མཁོ་སྤྲོད་དང་ ནོར་བཞག་ཁང་ཚུ་བཟོ་སྐྲུན་འབད་ནི་གི་དོན་ལུ་ ལག་ལེན་འཐབ་ཡོདཔ་ཨིན་པས།
དེ་བཟུམ་མའི་ ལས་རིམ་ཚུ་གི་དོན་ལུ་ འདེམས་ཁོངས་གནང་བྱིན་མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༡༣ དེ་ཅིག་ ལག་ལེན་འཐབ་ཐོག་ལས་ ཟད་འགྲོ་བཏང་ཡོདཔ་ཨིན་པས།
སྙན་ཞུའི་ནང་བཀོད་མི་དང་འཁྲིལཝ་ད་ དེ་བཟུམ་མའི་ གནང་བྱིན་མ་དངུལ་གྱི་ལས་རིམ་ཚུ་གིས་ མི་སྡེ་སྤྱིའི་རྒྱུ་དངོས་བཟུམ་སྦེ་ ལག་ལེན་མ་འཐབ་པར་ སྒེར་ངོ་རེ་ལུ་ རྒྱུ་དངོས་མཁོ་སྒྲུབ་འབད་བྱིན་ནུག་ཟེར་ཨིན་པས།
གནང་བྱིན་མ་དངུལ་དེ་ ཐད་ཀར་དུ་ སློབ་ཕྲུག་དང་ཁྱིམ་གུང་རེ་ལུ་ བགོ་སྤྲོད་འབད་མི་གིས་ མི་སྡེའི་གནས་སྟངས་ལེགས་འགྱུར་དང་ རྒྱ་བསྐྱེད་བསྐྱར་གསོའི་དོན་ལུ་ ཕན་ཐོགས་ཀྱི་འོས་འབབ་མིན་འདུག་ཟེར་ཨིན་པས།
གཞན་ཡང་ མ་དངུལ་དེ་གི་ཐོག་ལས་ སོ་ནམ་ཞིང་ལམ་བསལ་མི་ཚུ་ཡང་ ཚར་ཅིག་བསལ་ཞིནམ་ལས་ རྒྱུན་སྐྱོང་འཐབ་མི་མེད་པར་ ཞིང་ལམ་སྤུས་ཚད་མེད་པའི་ དཀའ་ངལ་བྱུང་སྟེ་འདུག་ཟེར་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ འདེམས་ཁོང་༢༧ གྱིས་ གྲོས་འབུལ་ཕུལ་བའི་ལས་རིམ་ཚུ་ བརྒྱ་ཆ་བརྒྱ་སྦེ་ ལག་ལེན་འཐབ་ཡོདཔ་ད་ འདེམས་ཁོངས་༡༩ གིས་ ལས་རིམ་མང་ཤོས་ཅིག་ ལག་ལེན་འཐབ་ཡོདཔ་ཨིན་རུང་ ཧཱ་གི་ སྦྱིས་ ཀ་མཚོ་འདེམས་ཁོངས་ཀྱི་ ལས་རིམ་༡ ཡང་ གྲོས་འབུལ་མེད་པར་ གནང་བྱིན་མ་དངུལ་ཚུ་ མ་ལེནམ་ཨིན་པའི་གནས་ཚུལ།

No comments:

Post a Comment