གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩིགཔ་རམ་འགྱོ་མི་ལུ་བརྟེན་ སྒྲིང་ཁྱིམ་ལུ་ཉེན་ཁ།

/༡༡/༢༠༡༢   ༉ པདྨ་དགའ་ཚལ་གྲྭ་ཚང་གྱི་རྒྱབ་ཁར་ གཏན་འཇགས་ཀྱི་དོན་ལུ་ རྩིགཔ་རྐྱབ་ཡོད་མི་དེ་ དུས་ཅི་ གནམ་བྱཱར་ཆརཔ་རྐྱབ་ད་ རམ་སོ་ནི་དེ་གིས་ གྲྭ་ཚང་གི་དོན་ལུ་ གསརཔ་རྐྱབ་མི་ ཐབ་ཚང་དང་ བཞེས་སྒོ་བཟའ་སའི་ཁང་མིག་དེ་ རམ་འགྱོ་སག་ས་སྦེ་ ཡོདཔ་ཨིན་པས།
པདྨ་དགའ་ཚལ་གྲྭ་ཚང་གི་རྒྱབ་ཁར་ རྩིགཔ་རམ་འགྱོ་མིའི་མཐོང་སྣང་།


མ་དངུལ་ དངུལ་ཀྲམ་ས་ཡ་༨.༩ གནས་མི་ རྩིགཔ་ཁག་༥ རྐྱབ་དགོ་ས་ལས་ ཁག་༣ བསྒྲུབས་མི་དེ་ ཆ་མཉམ་ར་ རམ་སོ་མི་ལུ་བརྟེན་ རྩིགཔ་དང་ གྲྭ་ཚང་གི་ སྒྲིང་ཁྱིམ་༢ ཀྱི་བར་ན་ ས་སྟོང་ཐོན་ཡོདཔ་ད་ ད་རུང་ ལྷག་ལུས་རྩིགཔ་ཁག་༢ རམ་འགྱོ་བ་ཅིན་ གྲྭ་ཚང་གི་ ཐབ་ཚང་དང་ བཞེས་སྒོ་བཟའ་སའི་ ཁང་མིག་དེ་ཡང་ རམ་འགྱོ་ནིའི་ ཉེན་ཁ་ཡོདཔ་ཨིན་པས།
རྩིགཔ་ཁག་རེ་ལུ་ རིང་ཚད་མི་ཊར་༡༡ དང་ རྒྱ་ཚད་མི་ཊར་༢༠ དེ་ལས་ སྟུག་ཚད་མི་ཊར་༤ འབད་མི་དེ་ པདྨ་དགའ་ཚལ་འོག་གི་ ཁག་འབགཔ་སྡེ་ཚན་ ཁ་པ་འབད་མི་ཅིག་གིས་ བཟོ་སྐྲུན་འབད་ཡོདཔ་ད་ རྩིགཔ་དེ་ རམ་འགྱོ་བའི་ཤུལ་ལུ་ རྫོང་ཁག་རྐྱེན་ངན་འཛིན་སྐྱོང་གི་ ངོ་ཚབ་ཀྱིས་ གྲྭ་ཚང་གི་སྒྲིང་ཁྱིམ་ལུ་ ཉེན་ཁ་ཡོད་པའི་སྐོར་ལས་ དེ་འཕྲོ་ལས་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ས་གནས་དེ་ནང་ སྡོད་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྩིགཔ་རམ་འགྱོ་མི་དེ་ གཙོ་བོ་ར་ གཞི་འགྱམ་ལེགས་ཤོམ་ མེད་མི་ལུ་བརྟེན་ ཨིན་མས་ཟེར་ཨིནམ་ད་ དེ་ལུ་ རྫོང་ཁག་བཟོ་རིག་འགོ་དཔོན་གྱིས་ བཤད་མིའི་ནང་ རྩིགཔ་རམ་འགྱོ་མི་དེ་ དུས་ཅི་ གནམ་བྱཱར་གྱི་དུས་ཚོད་ལུ་ ཨ་རྟག་ར་ ཆརཔ་རྐྱབ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
གྲྭ་ཚང་གི་འོག་ལུ་ཡོད་པའི་ས་ཆ་ཚུ་ ས་རུད་ཆད་ནིའི་ ཉེན་ཁ་ཡོདཔ་ལས་བརྟེན་ གྲྭ་ཚང་གི་རྒྱབ་ཁར་ རྩིགཔ་རྐྱབ་དགོ་མི་དེ་ཡང་ གཙོ་བོ་ར་ རབ་སྡེའི་བཞུགས་གནས་དང་ མཐུན་རྐྱེན་གཞན་ཚུ་ ས་རུད་ཀྱིས་ འཕྱག་མི་འབག་ནིའི་དོན་ལུ་ཨིན་པས།
ས་གནས་ཀྱི་ མི་ཚུ་གིས་འབད་བ་ཅིན་ དུས་རྒྱུན་དུ་ ཆརཔ་མ་ཆད་པར་རྐྱབ་མི་དེ་གིས་ གྲྭ་ཚང་གི་ཁང་མིག་ཚུ་ ཉེན་སྲུང་འབད་ནིའི་དོན་ལུ་ རྩིགཔ་རྐྱབ་ཚར་མི་དེ་ཡང་ ཟླཝ་དག་པ་ཅིག་ལས་ རམ་སོཔ་ཨིན་ནའི་སྐོར་ལས་ དྲི་བ་བཀོདཔ་ཨིན་པས།
པདྨ་དགའ་ཚལ་རྫོང་ཁག་གྱི་ བཟོ་རིག་འགོ་དཔོན་ ཨོ་རྒྱན་ནོར་བུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བཟོ་སྐྲུན་དེ་ རྫོང་ཁག་ལུ་རྩིས་སྤྲོད་དེ་ ཟླ་ངོ་༢ ཀྱི་ཤུལ་ལས་རྐྱངམ་གཅིག་ རམ་སོ་ཡི་ཟེར་ཨིན་པས།
དེ་བཟུམ་བྱུང་དགོ་མི་དེ་ཡང་ སྤྱི་ཟླ་༦ པའི་ནང་ ཆརཔ་མ་ཆད་པར་རྐྱབ་མི་ལུ་བརྟེན་ གྲྭ་ཚང་གི་ཐབ་ཚང་དང་ བཞེས་སྒོ་བཟའ་ཁང་ལས་ ཆུ་ག་ར་ རྩིགཔ་ནང་འཛུལ་བའི་ཤུལ་ལུ་ ཆུ་གིས་ འཕྱགས་འབག་མི་རག་རོག་ཚུ་གིས་ ཆུ་དོང་བསུབས་བཞག་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
རྩིགཔ་ནང་ ཆུ་ལེ་ཤ་འཛུལཝ་ད་ རང་བཞིན་གྱིས་ རྩིགཔ་རམ་ནི་གི་ ཉེན་ཁ་ཡོདཔ་ཨིན་རུང་ རྩིགཔ་གི་གཞི་འགྱམ་དེ་ ལེགས་ཤོམ་མེདཔ་མི་འོང་ཟེར་ཨིནམ་ད་ ཁོང་གིས་ བཟོ་སྐྲུན་འབད་བའི་སྐབས་ལས་ར་ བཟོ་རིག་འགོ་དཔོན་ཚུ་གིས་ འཆར་གཞི་བཟོ་མི་དང་འཁྲིལ་ཏེ་ རྐྱབ་དོ་ཟེར་ བཟོ་རིག་འགོ་དཔོན་ ཨོ་རྒྱན་ནོར་བུ་གིས་ སླབ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༢༦ གི་ བྱུང་རྐྱེན་སྐབས་ལུ་ པདྨ་དགའ་ཚལ་རྫོང་ཁག་གིས་ ཆརཔ་གི་ཤུགས་ཚད་ མི་ལི་མི་ཊར་༡༢༦ རྐྱབ་ཡོད་པའི་ ཐོ་བཀོད་འབད་ཡོདཔ་ཨིན་པས།
དེ་བཟུམ་གྱི་ ཆརཔ་ཤུགས་འབད་རྐྱབ་མི་ལུ་བརྟེན་ སོ་ནམ་ས་ཞིང་ མང་ཤོས་ནང་ལུ་ར་ གནོད་སྐྱོན་བྱུང་ཡོདཔ་ད་ རྐྱེན་ངན་དེ་གཙོ་བོ་ར་ ཆརཔ་ལུ་བརྟེན་ཏེ་ བྱུངམ་མས་ཟེར་ ཨོ་རྒྱན་ནོར་བུ་གིས་ སླབ་ཨིན་པས།
ཁག་འབགཔ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྩིགཔ་གི་གཞི་འགྱམ་ སྒྲིང་སྒྲིང་མེད་མི་ལུ་བརྟེན་ རྩིགཔ་རམ་མི་འགྱོ་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ བཟོ་སྐྲུན་འབད་བའི་སྐབས་ བཟོ་རིག་འགོ་དཔོན་གྱིས་ ས་ཁྲ་བཟོ་མི་དང་འཁྲིལ་ བཟོ་རིག་འགོ་དཔོན་དང་ གྲྭ་ཚང་གི་ ལས་རོགསཔ་ཚུ་གི་གདོང་ཁར་ བཟོ་སྐྲུན་འབད་ཡི་ཟེར་ སླབ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment