གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ལུ་ ཐའི་ལེནཌི་གི་གཞུང་ཚབ་གསརཔ།

/༡༡/༢༠༡༢    ༉ ཁ་ཙ་ ཐིམ་ཕུ་རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ འབྲུག་ལུ་ ཐའི་ལེནཌི་གི་གཞུང་ཚབ་གསརཔ་ མ་དུ་ར་པོ་ཅ་ན་ ཨི་ཊ་རོང་གིས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ མཇལ་ཕྲད་ཞུ་ཡི།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ གཞུང་ཚབ་གསརཔ་ མ་དུ་ར་པོ་ཅ་ན་ ཨི་ཊ་རོང་།


གཞུང་ཚབ་ མ་དུ་ར་པོ་ཅ་ན་ ཨི་ཊ་རོང་གིས་ སྤྱི་ཟླ་༡༡ པའི་ཚེས་༤ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ མོ་རའི་ ངོ་སྤྲོད་ཡིག་ཆ་ཚུ་ ཕུལ་ཡོདཔ་ཨིན་པས།
བློན་ཆེན་མཆོག་གིས་ གཞུང་ཚབ་ མ་དུ་ར་པོ་ཅ་ན་ ཨི་ཊ་རོང་ལུ་ བྱོན་ལེགས་ཞུཝ་དང་གཅིག་ཁར་ འབྲུག་གི་དོན་ལུ་ གཞུང་ཚབ་ཀྱི་ གོ་གནས་བཞེས་མི་དེ་ལུ་ བཀྲིས་བདེ་ལེགས་ཡོད་ཟེར་ཨིནམ་ད་ རྒྱལ་ཁབ་༢ ཀྱི་བར་ན་ འདི་བཟུམ་མའི་ མཐུན་ལམ་དམ་ཟབ་བྱུང་སར་ མཐོང་མི་དེ་ལུ་ཡང་ དགའ་སྤྲོ་བྱུང་ཡི་ཟེར་གསུངས་ཡི།
བློན་ཆེན་མཆོག་དང་ གཞུང་ཚབ་ཀྱིས་ རྒྱལ་ཁབ་༢ ཀྱི་བར་ན་ སོ་ནམ་དང་ མི་སྟོབས་གོང་འཕེལ་དོན་ལུ་ ཐབས་རིག་མཉམ་འབྲེལ་བྱུང་མིའི་སྐོར་ལས་ གསུང་གྲོས་ཚུ་ གནང་ཡོདཔ་ཨིན་མས།
གཞུང་ཚབ་ མ་དུ་ར་པོ་ཅ་ན་ ཨི་ཊ་རོང་གིས་ སླབ་མིའི་ནང་ དུས་ཅི་ལས་ འགོ་བཟུང་སྟེ་ མཉམ་འབྲེལ་དང་ རྒྱབ་སྐྱོར་ དེ་ལས་ མཐུན་ལམ་དམ་ཟབ་བཟོ་ནིའི་དོན་ལུ་ རྒྱལ་ཁབ་༢ ཀྱི་བར་ན་ ལོ་བསྟར་ཞལ་འཛོམས་འཚོགས་ནི་ཟེར་ཨིན་མས།
གཞུང་ཚབ་ མ་དུ་ར་པོ་ཅ་ན་ ཨི་ཊ་རོང་གིས་ འབྲུག་ལུ་ ཉིན་གྲངས་༤ གི་རིང་ ལྟ་སྐོར་འབད་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment