གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆུ་རུད་ལས་ ཉེན་སྲུང་འབད་ནི་གི་ གོ་བརྡའི་ལས་རིམ།

༣/༡༡/༢༠༡༢   ༉ གལ་སྲིད་ སྤུ་ན་ཕོ་ཆུའི་ རྐ་འགོ་ལུ་ཡོད་པའི་ ལུང་ནག་ནང་ ཐོ་ཐོར་མི་ཁྱེགས་མཚོ་དེ་ ཧང་སྟོང་མར་ རྦེད་འོང་པ་ཅིན་ སྤུ་ན་ཁའི་ས་གནས་ འོ་ལ་ཐང་ལས་ འགོ་བཙུགས་ཏེ་ དབང་འདུས་ཕོ་བྲང་ ཧེ་སོ་ཐང་ཀ་ཚུན་ གཞིས་ཆགས་སྡོད་མི་ཚུ་ ཆུ་ནང་འཐིམ་ནིའི་ ཉེན་ཁ་ཡོདཔ་ལས་ དེ་ལུ་ གདོང་ལེན་འབད་ནིའི་དོན་ལས་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱིས་ ཉེན་ཁ་ཡོད་པའི་ས་ཁོངས་ཚུ་ནང་ སྡོད་མི་ཚུ་གི་དོན་ལུ་ བདུན་ཕྲག་འདི་ནང་ ཆུ་རུད་དང་འབྲེལ་བའི་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ཅིག་ འགོ་འདྲེན་འཐབ་ཅི།
ཆུ་རུད་ཐོནམ་ད་ ཉེན་བརྡ་འབད་མི་ བརྡ་སྐད་འཕྲུལ་ཆས།


དེ་ཡང་ གཙང་ཆུའི་མཐའམ་བདའ་སྟེ་ ཉེན་ཁ་ཅན་གྱི་ ས་ཁོངས་ཚུ་ནང་ སྡོད་མི་ཚུ་ལུ་ ཉེན་བརྡ་འབད་ནིའི་དོན་ལུ་ བརྡ་སྐད་འཕྲུལ་ཆས་ཚུ་ ལེ་ཤ་ཅིག་ར་ གཞི་བཙུགས་འབད་ཡོདཔ་ཨིན་པས།
དེ་ཡང་ འཕྲུལ་ཆས་གློག་མེའི་ཀཝ་བཟུམ་ཡོད་མི་དེ་གིས་ སྐད་རྐྱབ་ནི་ཨིནམ་ད་ དེ་བསྒང་ སྤུ་ན་གཙང་ཆུའི་མཐའ་མར་སྡོད་མི་ཚུ་གིས་ ཉེན་ཁ་མེད་པའི་ས་ཁོངས་ཚུ་ནང་ འགྱོ་དགོ་ནི་ཨིན་པས།
ཉེན་བརྡ་དེ་ ལུང་ནག་ནང་ ཐོ་ཐོར་མི་མཚོའི་ ཉེ་འདབས་ལུ་ ལྕགས་ཀྱི་ཀཝ་༣ གུ་ གཞི་བཙུགས་འབད་དེ་ ཡོད་པའི་ བརྡ་སྐད་འཕྲུལ་ཆས་ཚུ་གིས་ འབད་ནི་ཨིནམ་ད་ དེ་བསྒང་ ཉེན་ཁ་ཡོད་པའི་ ས་ཁོངས་ཚུ་ནང་སྡོད་མི་ཚུ་གི་དོན་ལུ་ བརྡ་སྐད་འཕྲུལ་ཆས་ཀྱི་ཀཝ་༡༤ གཞི་བཙུགས་འབད་མི་ཚུ་གིས་ དུས་ཡུན་ཆུ་ཚོད་༡ གི་རིང་ བརྡ་སྐད་རྐྱབ་པའི་སྐབས་ ས་གནས་ཀྱི་མི་ཚུ་ ཉེན་ཁ་མེད་པའི་ས་ཁོངས་ཚུ་ནང་ བྲོས་ཟུར་འབད་དགོཔ་ཨིན་པས།
བརྡ་སྐད་འཕྲུལ་ཆས་ཚུ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པའི་ རྐ་མེད་ཆུའི་ ས་ཁོངས་ཚུ་ནང་ཡང་ གཞི་བཙུགས་འབད་དེ་ཡོདཔ་ད་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱིས་ ས་གནས་ཀྱི་མི་ཚུ་ལུ་ འགྲེམས་སྟོན་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ལས་འགུལ་ནང་ལཱ་འབད་མི་ རྒྱ་གར་གྱི་ ལས་མི་ཚུ་གིས་ཡང་ བཅའ་མར་གཏོགས་ཡི།
དེ་བཟུམ་མའི་ འགྲེམས་སྟོན་ལས་རིམ་དེ་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་དང་ ཆུ་དང་གནམ་གཤིས་བརྟག་དཔྱད་ལས་ཁུངས་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཆུ་དང་གནམ་གཤིས་བརྟག་དཔྱད་ལས་འགུལ་གྱི་ བཟོ་རིག་འགོ་དཔོན་ སངས་རྒྱས་བསྟན་འཛིན་གྱིས་འབད་བ་ཅིན་ མ་འོངས་པ་ལུ་ ཁྱེགས་མཚོ་ཚུ་ རྦེད་འོང་པ་ཅིན་ དུས་ཡུན་ཆུ་ཚོད་༤ དེ་ཅིག་ནང་ སྤུ་ན་ཁ་ འོ་ལ་ཐང་ལུ་ ལྷོད་ཚུགས་ཟེར་ཨིནམ་ད་ དེ་ལས་ སྤུ་ན་གཙང་ཆུའི་ ས་ཁོངས་ནང་འབད་བ་ཅིན་ ཆུ་ཚོད་༦ དེ་ཅིག་ནང་ ལྷོད་འོང་ཟེར་ སླབ་ཨིན་པས།
སངས་རྒྱས་བསྟན་འཛིན་གྱིས་ སླབ་མིའི་ནང་ སྤྱི་ལོ་༡༩༩༤ ལུ་ ཆུ་རུད་ཐོན་པའི་སྐབས་ ལུག་ནག་ནང་ལས་ སྤུ་ན་ཁ་ལུ་ ཆུ་རུད་ལྷོདཔ་ད་ དུས་ཡུན་ཆུ་ཚོད་༧ དེ་ཅིག་ འགོར་ཡོདཔ་ཨིན་རུང་ ད་རེས་ བརྟག་ཞིབ་འབད་མི་དང་འཁྲིལཝ་ད་ ཆུ་ཚོད་༤ དེ་ཅིག་ནང་ ལྷོད་ཚུགས་ནི་མས་ཟེར་ཨིནམ་ད་ དེ་ཡང་ གཙོ་བོ་ར་ ཧེ་མ་དང་ཕྱདཔ་ད་ གཙང་ཆུ་འབབ་སའི་ཆུ་ལམ་ གསལ་ཏོག་ཏོ་སྦེ་ ཡོད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱི་ ལས་འགུལ་འཛིན་སྐྱོང་པ་ བཙན་སྐྱོགས་ཀྱིས་ སླབ་མི་དང་འཁྲིལཝ་ད་ ས་ཁ་མཐོ་སའི་ ཁྱེགས་མཚོ་ཚུ་ རྦེད་མ་འགྱོ་བའི་ཧེ་མར་ ཉེན་ཁ་ཅན་གྱི་ ས་ཁོངས་ཚུ་ནང་ སྡོད་མི་ཚུ་གིས་ མ་འོངས་པ་ལུ་ རྐྱེན་ངན་འབྱུང་བའི་སྐབས་ གློ་བུར་དུ་ ག་ཅི་འབད་དགོཔ་ཨིན་ནའི་ ཐབས་ལམ་ཚུ་ ཧ་གོ་ཚུགས་ནིའི་དོན་ལུ་ ད་རེས་ འགྲེམས་སྟོན་ལས་རིམ་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
ཉིན་གྲངས་༣ གྱི་རིང་ འགོ་འདྲེན་འཐབ་མི་ འགྲེམས་སྟོན་ལས་རིམ་ནང་ མི་གྲངས་༡,༠༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment