གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་འདུས་ཕོ་བྲང་རྫོང་ གསར་བཞེངས་ཀྱི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ།

༩/༡༡/༢༠༡༢    ༉ ཁ་ཙ་ བརྡ་བརྒྱུད་ཀྱི་ཞལ་འཛོམས་ ཐེངས་༡༣ པའི་ནང་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གི་ བློན་པོ་ མི་འགྱུར་རྡོ་རྗེ་གིས་ གསུངས་མིའི་ནང་ དབང་འདུས་རྫོང་ལོག་གསར་བཞེངས་ཀྱི་དོན་ལུ་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ མ་དངུལ་བྱེ་བ་༣༣ དེ་ཅིག་ བསྡུ་གསོག་འབད་ཡི་ཟེར་ཨིན་པས།


དེ་ཡང་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ རྫོང་མེ་མཆོད་བཞེས་པའི་ཤུལ་ལུ་ དེ་འཕྲོ་ལས་ རྫོང་གསར་བཞེངས་ཀྱི་དོན་ལུ་དམིགས་ཏེ་ དམིགས་བསལ་གྱི་ལས་རིམ་ཅིག་ འགོ་འདྲེན་འཐབ་ཐོག་ལས་ རྒྱང་བསྒྲགས་འབད་ཡོདཔ་བཞིན་དུ་ དད་ཅན་སྦྱིན་བདག་ཚུ་ལས་ མ་དངུལ་བྱེ་བ་༦ ལྷགཔ་ཅིག་ བསྡུ་གསོག་འབད་ཡོདཔ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དངུལ་ཀྲམ་བྱེ་བ་༡༠ གནང་ཡོད་མི་དང་ མི་སེར་ཚུ་དང་ དགྲ་ཁག་གསུམ་གྱི་དམག་སྡེའི་ཁ་ཐུག་ལས་ དངུལ་ཀྲམ་བྱེ་བ་༡༠ སྦེ་མི་ཅིག་དང་ བྱེ་བ་༢ ཞལ་འདེབས་ཕུལ་ནུག།
གཞུང་གྲྭ་ཚང་ལྷན་ཚོགས་ཀྱི་ཁ་ཐུག་ལས་ རྫོང་ཁག་ནང་སྦེ་ཕུལ་མི་ ཞལ་འདེབས་མ་དངུལ་བྱེ་བ་༥ ཡོདཔ་མི་དེ་ རྫོང་གི་ནང་ནའི་ ཅ་ཆས་ཚུའི་དོན་ལུ་ སིང་ག་པོར་ལས་ གསེར་དང་དངུལ་ཀེ་ཇི་བརྒྱ་སྦེ་ འབག་འོང་དགོཔ་ཡོད་མི་ཚུའི་དོན་ལུ་ བཞག་ཡོདཔ་ཨིན་པས།
ལོ་ལྔའི་འཆར་གཞི་བཅུ་པ་ མཇུག་བསྡུ་བ་ལུ་ དུས༌ཡུན་ཟླཝ་༥ དང་༦ དེ་ཅིག་ལས་བརྒལ་མེདཔ་ལས་ ལཱ་འགོ་བཙུགས་ཚུགས་པ་ ལཱ་ཁག་གཏང་ནི་ཨིནམ་ལས་ འཆར་གཞི་༡༡ པའི་འཆར་དངུལ་ནང་ ལོགས་སུ་སྦེ་བཀོད་ནི་ཟེར་ བློན་པོ་གིས་གསུངསམ་ཨིན་པས།
རྫོང་གསར་བཞེངས་ཀྱི་དོན་ལུ་ ཤིང་ཆས་ཚུ་མཁོ་སྒྲུབ་འབད་ནི་ འགོ་བཙུགས་ཡོདཔ་མ་ཚད་ རྡོ་བཏོན་ནིའི་ས་ཁོངས་ཚུ་ཡང་ ངོས་འཛིན་འབད་ཚར་ཡི་ཟེར་ བློན་པོ་གིས་གསུངསམ་ཨིན་པས།
སྤྱི་ཟླ་༡༠ པའི་ཚེས་༡ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ གསར་བཞེངས་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ད་ གཞུང་དགོ་འདེན་གྲྭ་ཚང་དང་ གཞུང་༢ ཀྱིས་ ཚོགས་ཆུང་ཅིག་གཞི་བཙུགས་འབད་དེ་ ཚོགས་ཆུང་གིས་འགོ་འདྲེན་འཐབ་ཐོག་ལས་ བཞེངས་ནི་ཨིན་པས།
དེ་འབདཝ་ལས་ སྲོལ་འཛིན་གྱི་ཁ་ཐུག་ལས་ ཞིབ་འཚོལ་ཚུ་ མཐིལ་ཕྱིན་འབད་ཡོདཔ་མ་ཚད་ ཞིབ་འཚོལ་འབད་མི་ཡང་ སྲོལ་འཛིན་འགོ་དཔོན་དང་ མཁས་མཆོག་ཚུ་རྐྱངམ་གཅིག་མེན་པར་ ཕྱི་རྒྱལ་ཇཱ་པན་དང་ ཇཱར་མ་ནིའི་ མཁས་མཆོག་ཚུ་འོང་སྟེ་ རྫོང་ལོག་བཞེངསམ་ད་ གཞི་འགྱམ་ལས་ར་འགོ་བཙུགས་དགོཔ་ཡོད་མེད་ དབྱེ་ཞིབ་འབད་ཡོད་པའི་སྙན་ཞུ་ཚུ་ སྲོལ་འཛིན་ལྷན་ཁག་གིས་ གཞུང་དང་དངུལ་རྩིས་ལྷན་ཁག་ལུ་ འཕྲལ་མགྱོགས་ར་ ཕུལ་ནི་ཟེར་ཨིན་པས།
རྫོང་གསར་བཞེངས་ཀྱི་ལཱ་འབད་མི་ཚུ་ཡང་ ནེ་པཱལ་ལས་ ཉམས་མྱོང་ཡོད་མི་ཚུ་ གླ་ཁར་ལེན་ནི་ཨིནམ་ད་ དབང་འདུས་རྫོང་དེ་ བརྒྱ་ཆ་༧༠ དེ་ཅིག་ ཉམས་བཅོས་འབད་ཚར་བའི་ཤུལ་ལུ་ སྤྱི་ཟླ་༦ པའི་ཚེས་༢༤ ཕྱི་རུའི་ཆུ་ཚོད་༤ དང་༥ འི་བར་ན་ མེ་མཆོད་བཞེས་ཡོདཔ་ཨིན་པའི་གནས་ཚུལ།


ནོར་འཛིན་ལྷ་མོ།

No comments:

Post a Comment