གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་རྒྱལ་ཁབ་ཀྱིས་ ལྷོ་ཕྱོགས་དང་བྱང་ཕྱོགས་ ཁྱིམ་ཚང་དང་ མཐུན་འབྲེལ་བཞག་ནི།

༩/༡༡/༢༠༡༢    ཁ་ཙ་ མི་རྗེ་བློན་ཆེན་གྱིས་གསུངས་མིའི་ནང་ རྒྱ་གར་དང་ འབྲུག་གི་བར་ནའི་མཐུན་ལམ་ ག་ནི་བ་ དམ་ཟབ་ཡོད་མི་དེ་ འབྲུག་གི་མཐུན་འབྲེལ་གནས་སྟངས་ནང་ གལ་ཆེ་ཤོས་ཅིག་ཨིན་པའི་ཁར་ རྒྱལ་ཁབ་གཞན་དང་གཅིག་ཁར་ སྣང་མེད་བསྐྱུར་ཏེ་ མཐུན་འབྲེལ་མེདཔ་སྦེ་ སྡོད་ནི་མེན་ཟེར་ཨིན་པས།

༉ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ བ་རཱ་ཟིལ་ལུ་སྦེ་ རིའོ་ཞལ་འཛོམས་འཚོགས་པའི་སྐབས་ འབྲུག་གི་བློན་ཆེན་ འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ རྒྱ་ནག་གི་ སྲིན་བློན་ ཝེན་ཇའེ་བོ་གཉིས་ཀྱིས་ རྒྱ་ནག་དང་ འབྲུག་གི་ཕྱི་འབྲེལ་རྒྱལ་རབས་ནང་ འགོ་དང་པ་ རྒྱལ་ཁབ་༢ ཀྱི་དབུ་ཁྲིད་ཀྱི་བར་ན་ མཇལ་འཕྲད་གནང་མི་དེ་ རྒྱལ་སྤྱིའི་ཕྱི་འབྲེལ་སྲིད་ལུགས་ཀྱི་ ལྟ་རྟོག་པ་ཚུ་ལུ་ གནས་ཚུལ་གསརཔ་ཅིག་སྦེ་ སྤྲོ་བ་བསྐྱེད་ཡོདཔ་ད་ རང་སོའི་བསམ་ཞིབ་ཀྱི་ བསླབ་བཀོད་ཡང་ལེ་ཤ་འབད་མི་ཐོན་ཡོདཔ་ཨིན་པས།


རྒྱ་ནག་དང་ རྒྱ་གར་གྱི་བརྡ་བརྒྱུད་ཚུ་ནང་ལུ་ རྒྱལ་ཁབ་༢ ཀྱི་བར་ན་ ཕྱི་འབྲེལ་ལུགས་མཐུན་གྱི་ མཐུན་འབྲེལ་འགོ་བཙུགས་ནི་གི་ འོས་འབབ་ཀྱི་སྐོར་ལས་ཡང་ གསུང་གྲོས་བྱུང་ཡོད་པའི་ལོ་རྒྱུས་ཚུ་ བཀོད་པའི་ཁར་ རྒྱ་ནག་དང་ རྒྱ་གར་གྱི་ ཕྱི་འབྲེལ་སྲིད་ལུགས་མཁས་མཆོག་ཚུ་གིས་ རང་སོའི་བསམ་ཚུལ་མ་འདྲཝ་ལེ་ཤ་བཀོད་ཐོག་ལས་ བརྡ་བརྒྱུད་ཚུ་གིས་ཡང་ རང་སོའི་གནས་ཚུལ་དང་ བསམ་དཔྱད་འབད་མི་ཡང་ ལེ་ཤ་ཡོདཔ་ཨིན་པས།
དེ་སྦེ་ ཕྱི་འབྲེལ་སྲིད་ལུགས་མཁས་མཆོག་དང་ རྒྱ་གར་དང་ རྒྱ་ནག་གི་ བརྡ་བརྒྱུད་ཁག་ཚུ་གིས་ འབྲུག་དང་རྒྱ་ནག་གི་བར་ན་ འགོ་དང་པ་ མཇལ་འཕྲད་གནང་མི་དེ་ རྒྱལ་ཁབ་༢ ཀྱི་ ཕྱི་འབྲེལ་མཐུན་ལམ་གྱི་ རྒྱལ་རབས་ནང་ གནད་དོན་གསརཔ་ཅིག་ཨིན་མི་དེ་ལུ་ དོགས་སྣང་དང་ བསམ་བཀོད་འདྲ་མིན་ཐོག་ གྲོས་བསྡུར་འབད་མི་ཐོན་ཡོདཔ་ཨིན་རུང་ མི་རྗེ་བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་ མཆོག་གིས་འབད་བ་ཅིན་ གཞན་དང་མ་འདྲ་བའི་གནད་དོན་ཅིག་ ག་ནི་ཡང་མེད་ཟེར་ཨིན་པས།
ཁ་ཙ་ བརྡ་བརྒྱུད་དང་ བློན་པོའི་མཇལ་འཕྲད་ཞལ་འཛོམས་ནང་ བློན་ཆེན་མཆོག་གིས་གསུངས་མིའི་ནང་ དེ་སྦེ་ རྒྱལ་ཁབ་༢ ཀྱི་དབུ་ཁྲིད་ཀྱི་མཇལ་འཕྲད་བྱུང་མི་དེ་ ཁྱིམ་ཚང་རྒྱལ་ཁབ་༢ ཀྱི་བར་ན་ཨིནམ་ལས་ གཞན་དང་མ་འདྲ་བའི་གནད་དོན་ཅིག་ག་ནི་ཡང་མེད་ཟེར་གསུངས་ཡི།
དེ་མ་ཚད་ བློན་ཆེན་གྱིས་གསུངས་མིའི་ནང་ ཁོ་གིས་ རྒྱ་ནག་གི་སྲིད་བློན་རྐྱངམ་གཅིག་ལུ་མེན་པར་ རྒྱལ་ཁབ་གཞན་དང་གཞན་གྱི་ སྲིད་བློན་དང་སྲིད་འཛིན་ རྒྱལཔོ་དང་ བཙུནམོ་ལེ་ཤ་དང་གཅིག་ཁར་ མཇལ་འཕྲད་གནང་ཡོདཔ་མ་ཚད་ དེ་ཚུ་ཡང་ རྒྱལ་རབས་ནང་ འགོ་དང་པ་ཨིན་ཟེར་གསུངས་ཡི།
དེ་དང་གཅིག་ཁར་ བློན་པོ་གིས་འབད་བ་ཅིན་ རྒྱ་ནག་དེ་ འབྲུག་གི་དོན་ལུ་ དངོས་སྣང་གི་གནས་ཚུལ་ཅན་གྱི་ ཁྱིམ་ཚང་ཅིག་ཨིནམ་ལས་ བདག་སྣང་མ་བསྐྱེད་པར་བཞག་ནི་མེན་པར་ དངོས་སྣང་གི་གནས་ཚུལ་ཅན་གྱི་གནས་སྟངས་དེ་ དང་ལེན་ཐོག་ གཙོ་རིམ་བཟུང་དགོཔ་དེ་གལ་ཆེ་ཟེར་ཨིན་པས།
དེ་འབདཝ་ད་ གནས་ཚུལ་ཅན་གྱི་མཐུན་འབྲེལ་ ད་རུང་ཅིག་ རྒྱ་གར་རྒྱལ་ཁབ་དང་གཅིག་ཁར་ཡོད་མི་དེ་ དམིགས་བསལ་གྱིས་ ག་ནི་བ་མཐུན་འབྲེལ་དམ་ཟབ་ཡོད་མི་དེ་ འབྲུག་མི་ཚུ་ལུ་ གལ་ཅན་ཅིག་སྦེ་གནས་ཏེ་ཡོད་ཟེར་ཨིན་པས།
འབྲུག་གི་ཕན་བདེ་དང་ སྲུང་སྐྱོབ་ཀྱི་གནས་སྟངས་དེ་ རྒྱ་འབྲུག་གི་མཐུན་ལམ་ ག་དེ་ཅིག་ རྒྱ་བསྐྱེད་བཏང་ཚུགས་ག་དང་ དམ་ཟབ་ཡུན་བརྟན་ བཟོ་ཚུགས་ག་ལུ་ རག་ལས་འོང་ཟེར་ ཁོ་གིས་ བསམ་བཀོད་འབད་བའི་ཁར་ གཞན་རྒྱལ་ཁབ་ཚུ་ལུ་ སྣང་མེད་བསྐྱུར་ཏེ་ མཐུན་འབྲེལ་མེད་པར་ སྡོད་ནི་མེན་ཟེར་ གསུངས་ཡོད་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment