གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨམ་སྲུ་ཅིག་ལུ་ གྱི་རྐྱབ་ཡོདཔ།

༦/༡༡/༢༠༡༢   ༉ སྤྱི་ཟླ་༡༡ པའི་ཚེས་༣ ལུ་ གསར་སྤང་རྫོང་ཁག་ སེང་གེ་རྒེད་འོག་ནང་ མི་ངན་ཅིག་གིས་ སྐྱེས་ལོ་༢༦ ལང་མི་ ཨམ་སྲུ་ཅིག་ལུ་ གྱི་རྐྱབ་ཡོདཔ་ཨིན་པས།


ཨམ་སྲུ་དེ་ གསར་སྤང་རྫོང་ཁག་སྨན་ཁང་ནང་ གློ་བུར་གྱི་ སྨན་བཅོས་འབད་བའི་ཤུལ་ལུ་ དེ་འཕྲོ་ལས་ དགེ་ལེགས་ཕུག་ལུང་ཕྱོགས་སྨན་ཁང་ནང་ བསྐྱལ་ཡོདཔ་ད་ སྨན་ཁང་ནང་ ཞག་༡ བཞག་པའི་ཤུལ་ལས་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།
སེང་གེ་རྒེད་འོག་ལས་ཨིན་མི་ ཨམ་སྲུ་དེ་ འདས་པའི་རེས་གཟའ་ཉི་མ་ལུ་ དྲོ་པའི་ ཆུ་ཚོད་ཕྱེད་དང་༡༡ དེ་ཅིག་ལུ་ མོ་ར་རྐྱངམ་གཅིག་སྦེ་ གཡུས་ཁ་ལས་ གསར་སྤང་ཁ་ཐུག་ སོ་ནམ་ཞིང་ལམ་བདའ་སྟེ་ འོང་པའི་སྐབས་ ས་གནས་སིས་ཊི་ཁོ་ལ་ལུ་ལྷོདཔ་ད་ ངོ་མ་ཤེས་པའི་ ཕོ་སྐྱེས་ཅིག་གིས་ མོ་གི་ ཨོལ་ལྐོག་དང་ ལགཔ་གཡོནམ་ དེ་ལས་ ཕོཝ་གུ་ གྱི་ཅུང་ཁུ་ཀུ་རི་གིས་ རྨ་སྐྱོན་ཁག་༣ བཏོན་ཡོདཔ་ཨིན་པས།
དེ་ཚེ་ ཉམས་རྒུདཔ་ཨམ་སྲུ་དེ་ མོ་ར་རྐྱངམ་གཅིག་སྦེ་ སོ་ནམ་ཞིང་ལམ་བདའ་སྟེ་ གསར་སྤང་ལུ་ ཐིམ་ཕུ་ལས་ གཡུས་ཁར་འོང་མི་ མོ་རའི་ནུམོ་ ལེན་པར་འོང་བའི་བསྒང་ཨིནམ་ད་ གསར་སྤང་གི་ ཧེ་ལེ་ཞིབ་དཔྱད་སྒོ་ར་ཁར་ ལྷོད་ནི་ལུ་ ཀི་ལོ་མི་ཊར་༥ དེ་ཅིག་གི་ ས་ཁར་ལྷོདཔ་ད་ རྐྱེན་ངན་དེ་ བྱུང་ཡོདཔ་ཨིན་པས།
ཉམས་རྒུདཔ་གིས་ སིས་ཊི་ཁོ་ལ་ལུ་ལྷོདཔ་ད་ ལམ་ཁག་༢ ཡོད་ས་ལས་ ཉམས་རྒུདཔ་དེ་གིས་ ལམ་རྙིངམ་ནང་ལས་ འོང་ཡོདཔ་ཨིན་པས།
ལམ་རྙིངམ་དེ་ རྒྱ་གར་གྱི་ ས་མཚམས་བརྒྱུད་དེ་ འགྱོ་དགོཔ་ཨིནམ་ད་ འཕྲལ་ཁམས་ཅིག་ཁར་ འབྲུག་གི་ས་ཁོངས་ནང་ལས་ ལམ་གསརཔ་ཅིག་ བཏོན་ཡོདཔ་ཨིན་པས།
བྱུང་རྐྱེན་དེ་གི་སྐོར་ལས་ རྒེད་འོག་གི་ དམངས་མི་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ ག་ནི་ཡང་ སླབ་མི་ཤེས་ཟེར་ཨིནམ་ད་ ཞིབ་དཔྱད་མཐིལ་ཕྱིན་འབད་ནི་ལུ་ ད་ལྟོ་ ཉམས་རྒུདཔ་དེ་ དྲག་ནི་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།
ད་ལྟོ་ ཉམས་རྒུདཔ་ཨམ་སྲུ་དེ་ གནས་སྟངས་ཚབས་ཆེན་ཐོག་ལུ་ ཡོད་ནི་དེ་གིས་ དྲི་བཀོད་འབད་མ་ཚུགས་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པས།
གནས་ཚུལ་བཤད་མི་ཚུ་གིས་འབད་བ་ཅིན་ ཉམས་རྒུདཔ་ཨམ་སྲུ་དེ་གི་ཕོཝ་གུ་ རྨ་སྐྱོན་སྦོམ་སྦེ་ར་ བཏོན་ཡོདཔ་ཨིན་རུང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ད་རེས་ གནས་སྟངས་ལེགས་ཤོམ་སྦེ་ཡོད་ཟེར་ ཨིན་པའི་གནས་ཚུལ།


 
རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment