གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཅན་གཟན་སྟག་གིས་ སྒོ་ནོར་ལུ་གནོད་སྐྱོན་ཡར་སེང་།

༦/༡༡/༢༠༡༢   ༉ སྤྱི་ལོ་༢༠༡༠ ལུ་ རྡོ་གཞོང་དགོན་པ་ལུ་ གཅན་གཟན་སྟག་གིས་ མི་༡ བསད་པའི་ཤུལ་ལུ་ ས་གནས་དེ་ནང་ གཅན་གཟན་སྟག་གི་གནོད་བཀལ་དང་འབྲེལ་བའི་ གནད་དོན་ཡར་སེང་ཐོག་ སྒོ་ནོར་སེམས་ཅན་ལེ་ཤ་ཅིག་ལུ་ གནོདཔ་བཀལ་བའི་ཁར་ མཇུག་ར་ སྤྱི་ཟླ་༡༠ པའི་ཚེས་༣༠ ལུ་ གླང་༡ བསད་ཡོདཔ་ཨིན་པས།


རྡོ་གཞོང་དགོན་པའི་གཡུས་ཚན་ནང་ ཁྱིམ་གུང་༡༡ དེ་ཅིག་ཡོད་མི་དེ་ ཚལ་མའི་སྦུག་ལུ་ ཁ་གཏོར་ཏེ་ཡོདཔ་ད་ གཡུས་ཚན་དེ་ ཀྲོང་གསར་ལས་ བུམ་ཐང་ཁ་ཐུག་ལུ་ ཀི་ལོ་མི་ཊར་༡༧ དེ་ཅིག་གི་ ས་གནས་ཁར་ཡོདཔ་ད་ གཡུས་མི་ཚུ་གིས་སླབ་མིའི་ནང་ གཅན་གཟན་ཚུ་གིས་ ཁོང་གི་སྒོ་ནོར་ལུ་ གནོདཔ་བཀལ་ནི་ཡོད་རུང་ དུས་ཅི་བཟུམ་གྱི་གནོདཔ་སྦོམ་བཀལ་བའི་ གནས་སྟངས་དེ་ ནམ་ཡང་མ་བྱུང་ཟེར་ཨིན་པས།
སྐྱེས་ལོ་༥༢ ལང་མི་ གཡུས་མི་ཅིག་གིས་སླབ་མིའི་ནང་ ཁོ་ལོ་ན་གཞོནམ་སྦེ་སྡོད་པའི་སྐབས་ ལོ་རེའི་ནང་ སྟག་དང་ གཟིག་ འཕརཝ་ཚུ་གིས་ སྒོ་ནོར་༥ དང་༦ གི་བར་ན་བསདཔ་ཨིན་རུང་ གཅན་གཟན་སྟག་གིས་ ནོར་༡ དང་༢ རེ་ལུ་མ་གཏོགས་ གནོདཔ་བཀལ་བའི་ དཀའ་ངལ་མ་བྱུངམ་ཨིན་རུང་ ད་རེས་སྐབས་ཅིག་ ཡར་སེང་སྦོམ་སྦེ་ར་སོང་ཡི་ཟེར་ཨིན་པས།
དེ་བཟུམ་མའི་ གཅན་གཟན་གྱིས་ སྒོ་ནོར་ལུ་གནོད་སྐྱོན་འཚབ་ཆེ་བའི་གནས་སྟངས་དེ་ ནུབ་སྦིས་རྒེད་འོག་གི་ གཡུས་ཚན་༡༥ ལྷགཔ་ཅིག་ནང་ དོ་འགྲན་ཅན་གྱི་གཞི་གནས་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
སྐྱེས་ལོ་༥༧ ལང་མི་ སོ་ནམ་ཞིང་པ་ཅིག་གིས་སླབ་མིའི་ནང་ གཅན་གཟན་གྱིས་ སྒོ་ནོར་ལུ་གནོདཔ་བཀལ་བའི་དཀའ་ངལ་དེ་ ཁོང་གི་མི་ཚེ་དང་འབྲེལ་བ་མེད་པའི་གནས་སྟངས་ཅིག་ཨིན་རུང་ འཕྲལ་ཁམས་ཀྱི་ལོ་ལས་ཚུར་ གནས་སྟངས་དེ་ སྐྱོ་དྲགས་སོང་སྟེ་ དུས་ཅིག་ལོ་༡ གི་ནང་ སྒོ་ནོར་༡༠༠ ལྷགཔ་ཅིག་ གཅན་གཟན་ཚུ་ལུ་ ཤོར་སོ་ཡི་ཟེར་ ཁོ་གིས་བཤདཔ་ཨིན་པས།
རྡོ་གཞོང་དགོན་པའི་ཚོགས་པ་ སྐལ་བཟང་འགྱུར་མེད་ཀྱིས་སླབ་མིའི་ནང་ འདས་པའི་ཟླཝ་༡༠ ནང་ ས་གནས་ཀྱི་གཡུས་ཚན་༣ གྱི་ སྒོ་ནོར་༦༠ གཅན་གཟན་ཚུ་གིས་ བསད་ཅི་ཟེར་ཨིན་པའི་ཁར་ རྡོ་གཞོང་དགོན་པ་ལས་ ཞིང་པ་རྩ་རྒས་ཀྱིས་འབད་བ་ཅིན་ ཁོ་གི་གཡུས་ཁ་ལས་ར་ ནོར་༦༠ དེ་ཅིག་ གཅན་གཟན་ཚུ་གིས་ བསད་ཅི་ཟེར་ཨིན་པས།
ས་གནས་ཀྱི་ ནགས་ཚལ་གླིང་འཛིན་ཡིག་ཚང་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ དབང་འཛིན་ལུ་སྙན་ཞུ་འབད་ཡོད་པའི་ སྒོ་ནོར་གཅན་གཟན་གྱིས་བསད་ཡོད་མི་དེ་༥༤ ཨིནམ་བཞིན་དུ་ རི་དྭགས་ཉམས་སྲུང་སྡེ་ཚན་གྱི་ ཐོ་བཀོད་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༢ ལུ་ སེམས་ཅན་སྟག་གིས་ སྒོ་ནོར་༢ བསད་ཡོད་མི་ལས་ དུས་ཅི་༥༤ ལུ་ ཡར་སེང་སོང་ནུག་ཟེར་ཨིན་པས།
དེ་འབདཝ་ད་ འཕྲལ་ཁམས་གཅན་གཟན་གྱིས་ གནོདཔ་བཀལ་བའི་སྙན་ཞུ་ཡར་སེང་འགྱོ་མི་དེ་ གནད་དོན་ ག་ཅི་ལུ་བརྟེན་ཨིན་ན་ ཧ་གོ་མ་ཚུགསཔ་ཨིན་པས།
ས་གནས་ཀྱི་མི་ཚུ་གིས་འབད་བ་ཅིན་ འཕྲལ་ཁམས་ས་གནས་ཁར་ གཅན་གཟན་སྟག་གི་གྱངས་ཁ་དེ་ ཡར་སེང་སོང་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་རུང་ གྱངས་ཁ་ག་དེམ་ཅིག་ ཡར་སེང་སོང་ཡོདཔ་ཨིན་ན་མ་ཤེས་པའི་ཁར་ སྐྱེས་ལོ་༥༧ འབད་མི་ འཆི་མེད་དངོས་གྲུབ་ཀྱིས་སླབ་དོ་བཟུམ་འབད་བ་ཅིན་ ས་གནས་ཁར་ ནགས་ཚལ་གྱི་ཁྱབ་ཚད་ རྒྱ་བསྐྱེད་སོང་ཡོད་ནི་དེ་གིས་ དེ་ཁར་འཁྱམས་སྡོད་མི་ གཅན་གཟན་སྟག་གི་གྱངས་དེ་ཡང་ ཡར་སེང་སོང་བའི་དོགས་པ་ཡོད་ཟེར་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ པར་ཆས་བཙུགས་བཞག་མི་ཚུ་ནང་ ས་གནས་ཁར་གཅན་གཟན་སྟག་༣ ཡོད་པའི་ ངོས་འཛིན་བྱུང་བའི་ཁར་ གཟིག་ཡང་ཡོད་པའི་ གསལ་སྟོན་བྱུང་ཡི་ཟེར་ཨིན་པས།
དེ་མ་ཚད་ རི་དྭགས་ཉམས་སྲུང་འགོ་དཔོན་ཚུ་གིས་འབད་བ་ཅིན་ ས་གནས་ཁར་ སྒོ་ནོར་ལུ་གཅན་གཟན་སྟག་གིས་ གནོད་བཀལ་ཡར་སེང་སོང་མི་དེ་ གཅན་གཟན་དེ་ཚུ་ ལོ་རྒས་ནི་དེ་གིས་ ནགས་ཚལ་ནང་གི་ རི་དྭགས་སེམས་ཅན་ཚུ་བདའ་མ་ཚུགསཔ་ལས་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལཝ་མས་ཟེར་ བཤདཔ་ཨིན་པས།
སྤྱི་ཟླ་༡༠ པའི་ཚེས་༣༠ ལུ་ གཅན་གཟན་སྟག་གིས་ གླང་ཅིག་བསད་མིའི་ ཇོ་བདག་ རྩ་རྒས་ཀྱིས་འབད་བ་ཅིན་ གཅན་གཟན་སྟག་གིས་ དེ་སྦེ་གནོདཔ་འཕྲོ་མཐུད་དེ་ར་སྐལ་བ་ཅིན་ ས་གནས་ཀྱི་གཡུས་མི་ཚུ་ གནས་སྤོ་དགོ་པའི་ གནས་སྟངས་ཁར་ཡང་ ཐུག་ནི་མས་ཟེར་ཨིན་པས།
ལོ་༤ དེ་ཅིག་གི་ཧེ་མར་ ཁོ་ལུ་ ནོར་༡༥ དེ་ཅིག་ཡོདཔ་ཨིན་རུང་ ད་རེས་༨ མ་གཏོགས་ལྷག་ལུས་མེད་པའི་ཁར་ ཁོ་གིས་སླབ་མིའི་ནང་ ཁོང་ས་གནས་ཀྱི་ཞིང་མི་ སྡོད་ས་ཁ་མཐོ་སུ་འབད་ནི་དེ་གིས་ འཚོ་བ་གཙོ་བོ་ཅིག་ སྒོ་ནོར་ལུ་བརྟེནམ་ཨིན་ཟེར་ཨིན་པས།
རྡོ་གཞོང་དགོན་པའི་ གཡུས་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༡༠ དང་༢༠༡༡ ལུ་ གཅན་གཟན་སྟག་གིས་ བསད་ཡོད་མི་སྒོ་ནོར་ཚུ་གི་ རྒུད་འཐུས་མ་ཐོབ་པར་ཡོད་ཟེར་ཨིན་རུང་ སྐྱེས་ལོ་༣༢ འབད་མི་ ཨམ་སྲུ་ཅིག་གིས་སླབ་མིའི་ནང་ སྤྱི་ལོ་༢༠༡༢ ལུ་ གཅན་གཟན་སྟག་གིས་བསད་མིའི་ སྒོ་ནོར་ཚུ་གི་རྒུད་འཐུས་དེ་ ཐོབ་ཅི་ཟེར་ ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment