གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཟླ་རིམ་བཞིན་དུ་ རེས་གཟའ་ཟླ་བ་ དང་པ་ལུ་ཨིན་ན?

༡༣/༡༡/༢༠༡༢    ༉ གཞུང་གིས་ འདས་པའི་བདུན་མཐའ་ལུ་ རྐང་འགྲུལ་པའི་ཉིནམ་གི་ དགོས་ཁུངས་སྐོར་ལས་ ནན་བསྐྱར་བཤད་མི་དང་འཁྲིལཝ་ད་ སྒེར་སྡེ་ཚུ་གིས་ གསལ་ཞུ་འབད་མི་ གནད་དོན་ཚུ་ ཤུལ་མའི་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཞལ་འཛོམས་ནང་ གྲོས་བསྟུན་འབད་ནི་ཟེར་ཨིན་པས།


ཧེ་མ་ སྒེར་སྡེ་ཚུ་གིས་ གཞུང་ལུ་ གྲོས་དོན་ཁག་༣ ཕུལ་ཡོདཔ་ཨིན་པས།
དེ་ཡང་ གདམ་ཁ་དང་པ་དེ་ རྐང་འགྲུལ་པའི་ཉིནམ་ རྩ་བ་ཉིད་ལས་ བཤོལ་བཞག་འབད་དགོཔ་སྦེ་ཨིན་པས།
གཉིས་པའི་ཐད་ཁར་ རྐང་འགྲུལ་པའི་ཉིནམ་དེ་ ལོ་རེ་ནང་ ཚར་རེ་ བརྩི་སྲུང་འབད་ནི་དང་ གདམ་ཁ་གསུམ་པའི་ནང་ ཟླ་རིམ་བཞིན་དུ་ རེས་གཟའ་ཟླ་བ་ དང་པ་ལུ་ བརྩི་སྲུང་འབད་དགོཔ་སྦེ་ཨིན་པས།
གཞུང་གིས་ གསུངས་མིའི་ནང་ གཅིག་འབད་བ་ཅིན་ གདམ་ཁ་མཇུག་དེ་ལུ་ ཆ་གནས་འབད་ནི་ཟེར་ཨིན་པས།
སོ་ནམ་བློན་པོ་ ཌོག་ཊར་ པདྨ་རྒྱ་མཚོ་གིས་ གསལ་བཤད་འབད་མིའི་ནང་ རྐང་འགྲུལ་པའི་ཉིནམ་ལུ་བརྟེན་པའི་ ཁེ་ཕན་སྦོམ་ཡོད་ཟེར་ཨིནམ་ད་ ད་ལྟོ་ ཐད་ཀར་དུ་ ཁེ་ཕན་ཚུ་ སླབ་མ་ཚུགས་ཏེ་འབད་རུང་ ཡུན་མ་རིངམོ་ཅིག་ལས་ གསལ་སྟོན་འབད་འོང་ཟེར་ཨིན་པས།
སྔོན་རྩིས་གཅིག་ སྟོན་མི་དང་འཁྲིལཝ་ད་ དཔལ་འབྱོར་ལུ་བརྟེན་ ཉིནམ་རེ་ལུ་ དངུལ་ཀྲམ་ས་ཡ་༢༦ གནས་པའི་ ས་སྣུམ་ལག་ལེན་འཐབ་སྟེ་ འདུག་ཟེར་ཨིན་པས།
མ་དངུལ་འདི་ མི་སྡེའི་ལས་རིམ་གཞན་ཚུ་ནང་ ལག་ལེན་འཐབ་ཚུགས་ནི་མས་ཟེར་ སོ་ནམ་བློན་པོ་གིས་ གསུངསམ་ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་དྲུང་ཆེན་ ཕུརཔ་ཚེ་རིང་གིས་ སླབ་མིའི་ནང་ བརྡ་བརྒྱུད་ཀྱིས་ འདས་པའི་ སྒེར་སྡེའི་ཞལ་འཛོམས་ཀྱི་ གྲོས་བཅུད་ལ་ལུ་ཅིག་གི་སྐོར་ལས་ འཛོལ་ཏེ་བྲིས་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཞལ་འཛོམས་ནང་ མི་ཕུད་རྡོག་གཅིག་གིས་ གྲོས་དོན་ཕུལཝ་མ་གཏོགས་ ང་བཅས་ཀྱིས་ ཞི་བའི་ངོ་རྒོལ་འབད་ནི་གི་གྲོས་ཐག་ རྩ་ལས་ར་ བཅད་བཅདཔ་མེད་ཟེར་ སླབ་ཨིན་པས།
སྔ་གོང་ལུ་ སྒེར་སྡེ་གིས་ སླབ་མི་དེ་ཡང་ རྐང་འགྲུལ་པའི་ཉིནམ་ལུ་བརྟེན་ བཟོ་སྐྲུན་དང་ སྐྱེལ་འདྲེན་ལས་སྡེ་ཚུ་ལུ་ གནོད་སྐྱོན་བྱུང་མི་དེ་གིས་ མཐའན་མཇུག་ཁར་ གྱོང་རྒུད་སྦོམ་ཕོག་བཅུགཔ་མས་ཟེར་ ཨིན་པའི་གནས་ཚུལ།

No comments:

Post a Comment